《ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅེས་བཏུས》ཤིག་དམག་ཡོངས་སུ་བཀྲམ།

文摘   2024-11-29 11:02   青海  

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད།

ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གཅེས་བཏུསཞེས་པ་དམག་ཡོངས་སུ་བཀྲམ།

བློ་མཐུན་ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་དང་ཡང་དག་པས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དམག་དོན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གཅེས་བཏུས》(གཤམ་ཏུ་བསྡུས་ཏེགཅེས་བཏུསབྱ)ཞེས་པའི་དཔེ་དེབ་རྩོམ་སྒྲིག་པར་སྐྲུན་བྱས་ལ།  ཉེ་ལམ་དམག་ཡོངས་ལ་དངོས་སུ་བཀྲམ།

གཅེས་བཏུསཀྱི་ནང་དོན་ནི2012ལོའི་ཟླ11ནས2024ལོའི་ཟླ6པའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་དང་སྙན་ཞུ་སོགས་ཟིན་བྲིས་གལ་ཆེན་ལས་བཤུས་པ་དང་། ཆེད་དོན10ལ་དབྱེ་ནས་བློ་མཐུན་ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། ཆོད་གཏམ་གསར་པ་བཅས་གཅིག་སྡུད་སྒོས་མཚོན་ཡོད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་ཐོ་བཏང་ནས། གཅེས་བཏུསསློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ཐད་བཀོད་སྒྲིག་བྱས་ཏེ་བླང་བྱ་བཏོན་དོན།  རིམ་པ་སོ་སོས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བྱེད་པ་བཅས་ཀྱི་བླང་བྱ་ལྟར། བློ་མཐུན་ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་དེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆ་ཚང་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཁྲོད་བཞག་ནས་གོ་བ་ཟབ་མོ་ལེན་པ་དང་། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པ། དོན་སྙིང་གཙོ་བོར་གོ་བ་ཟབ་མོ་ལེན་པ། ལག་ལེན་གྱི་བླང་བྱ་གསལ་བོ་བཟོ་བ་བཅས་བྱས་ཏེ། གཅེས་བཏུསབཀོལ་ནས་བསམ་བློར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་ཁྲིད་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། གཅེས་བཏུསསློབ་སྦྱོང་བྱེད་པ་དེ་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཁྲོད་འཇོག་པ་དང་། ལས་བྱེད་པའི་གཞུང་ལུགས་གསོ་སྦྱོང་དང་རེས་སྐོར་སྦྱོང་རྡར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་བ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཆེད་དོན་སློབ་སྦྱོང་།  སེམས་རྣལ་དུ་ཕབ་ནས་ཏང་ལ་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་གིས་འགན་འཁྲི་ཕྲག་ཏུ་འཁུར་བའི་སློབ་གསོ་དང་ལག་ལེན་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་སོགས་དང་ཟུང་འབྲེལ་བྱས་ཏེ། དཔོན་དམག་རྣམས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས། “གནད་འགག་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ལྷག་པར་དུ་མཐོ་རིམ་ཏང་ཨུ་དང་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བརྩི་དང་། ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་ཤུགས་སྣོན་པ་དང་། དམག་དཔུང་ལ་སློབ་གསོ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ། དཔོན་དམག་སྐུལ་སློང་བྱས་ཏེ་མཉམ་དུ་ཁྲིམས་སྐྱོང་འཛུགས་སྐྲུན། ཁྲིམས་སྐྱོང་ནན་ཏན། ཁྲིམས་སྐྱོང་སྲུང་སྐྱོང་བཅས་བྱས་ཏེ།  ཏང་ཨུས་ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་། ལས་ཁུངས་ཀྱིས་ཁྲིམས་ལྟར་མཛུབ་སྟོན་བྱེད་པ། དམག་དཔུང་གིས་ཁྲིམས་ལྟར་འགུལ་སྐྱོད་སྤེལ་བ། དཔོན་དམག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་ཆེན་པོ་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བྱ་བ་སྒྲུབ་པའི་ནུས་པར་བསྒྱུར་བ་དང་།  དམག་དཔུང་བཅོས་སྐྱོང་བྱེད་སྟངས་རྩ་བ་ནས་བསྒྱུར་བར་སྐུལ་འདེད་གཏོང་བའི་ཐད་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ལེན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་སྤེལ་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章