2024ལོའི“མཚོ་སྔོན་གྱི་མི་བཟང”གི་ཡོངས་སྒྲོག་མཛད་སྒོ་མདོ་ལར་འཚོགས།

文摘   2024-11-21 12:10   青海  

2024ལོའི“མཚོ་སྔོན་གྱི་མི་བཟང”གི་ཡོངས་སྒྲོག་མཛད་སྒོ་མདོ་ལ་རྫོང་དུ་འཚོགས་པ།
--མཚོ་བྱང་ཁུལ་གྱི་ལིས་ཡུང་ཧྲིན་དང་མ་ཀྲི་ལན་ལ་རྒན་བཀུར་གཉེན་གཅེས་ཀྱི“མཚོ་སྔོན་གྱི་མི་བཟང”གི་མཚན་སྙན་བསྩལ།

ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དཔལ་ཡོན་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། མདོ་ལ་རྫོང་ཨུ། མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བའི2024ལོའི“མཚོ་སྔོན་གྱི་མི་བཟང”གི་ཡོངས་སྒྲོག་མཛད་སྒོ་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་འཚོགས། གཞན་ཕན་སྒྲུབ་དགའ་དང་བདེན་པའི་རྒྱབ་ལངས། གཞུང་དྲུང་ཡིད་རྟོན། ལས་བཀུར་སྐྱེས་འབུལ། རྒན་བཀུར་གཉེན་གཅེས་བཅས་རིགས་ལྔ་ཡི“མཚོ་སྔོན་གྱི་མི་བཟང”22ཚུད་ཡོད་ལ། མཚོ་བྱང་ཁུལ་གྱི་ལིས་ཡུང་ཧྲིན་དང་མ་ཀྲི་ལན་ལ་རྒན་བཀུར་གཉེན་གཅེས་ཀྱི“མཚོ་སྔོན་གྱི་མི་བཟང”གི་མཚན་སྙན་བསྩལ།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ལིས་ཞན་ཙིན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཞུག་ཙུང་ཡོངས་སྒྲོག་མཛད་སྒོར་ཕེབས།

ཡོངས་བསྒྲགས་བྱས་པའི“མཚོ་སྔོན་གྱི་མི་བཟང”ཁྲོད་བྱམས་བརྩེའི་ངང་མི་དམངས་ཀྱི་བདེ་ཐང་སྲུང་མཁན་བསོད་ནམས་ཀུན་མཁྱེན(布久·索南更青)དང་། ལས་འཁྱུར་ངལ་གསོ་བྱས་ཀྱང་ཕ་ཡུལ་གྱི་རི་རྒོད་དག་ལྗང་སྒྱུར་ལ་གཞོལ་མཁན་ཝུའུ་ཧྲན་ཞང་། རང་སྲོག་ལ་མི་འཛེམ་པར་འཁྱག་རོམ་ནང་མཆོངས་ཏེ་མི་སྲོག་སྐྱོབ་མཁན་ཆའོ་ཞའོ་ཕིན་དང་ལི་ཡུས་ལིན། རང་སྲོག་ཕངས་མེད་དུ་བཞག་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་མཁན་ཅི་ཐའོ། ཕ་ཡུལ་གྱི་རྒན་བཀུར་རྒན་གཅེས་རྒན་སྐྱོང་བྱ་གཞག་ནང་ཞུགས་མཁན་པའེ་ལེང་། མཐོ་སྒང་གི་ཐུམ་འབུའི་ནད་རིགས་འགོག་བཅོས་བྱ་རྒྱུ་དེ་རང་གི་འགན་འཁྲིར་བརྩིས་མཁན་མ་ཞའོ། རི་ཆུ་བརྒལ་ནས་མཐོ་སྒང་གི་སློབ་གསོའི་བྱ་གཞག་ལ་རོགས་སྐྱོར་བྱེད་མཁན་ཁྲང་ཐུའུ། བོད་རིགས་ཀྱི་གཅེས་ནོར་འཚེམ་དྲུབ་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་ལྷ་མོ་གཡུ་སྒྲོན། མཐོ་སྒང་གི་གློག་ཤུགས་ཀྱི་མཁའ་ལམ་བདེ་འཇགས་འགན་ལེན་བྱེད་མཁན་ཝང་ཅེ། མཐོ་སྒང་གི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་མཁན་ལུའུ་ཁྲིན་དབྱིན། ནད་ཀྱིས་བཟུང་བའི་བུའི་མནའ་མར་ལྟ་སྐྱོང་བྱེད་མཁན་མ་ཀྲི་ལན་སོགས་ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“མཚོ་སྔོན་གྱི་མི་བཟང”གི་བླ་ན་མེད་པའི་སྙིང་སྟོབས་དང་གཤིས་རྒྱུད་གསལ་འགྲེལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ཡོད།
ཡོངས་བསྒྲགས་མཛད་སྒོ་དེ “ཕལ་བས་དགེ་སྒྲུབ། དྲོ་སྐྱིད་སྦྱིན་པ”དང“བདེན་པའི་རྒྱབ་ལངས། བདེ་འཇགས་བརྟན་སྲུང་།” “ཁ་དན་ཚིག་གནས། སྤྱོད་བཟང་ཐེག་ཆེ།” “ལས་གཅེས་ལས་བཀུར། བརྩོན་པ་ཆེར་བསྐྱེད།” “སྲི་ཞུ་བསྒྲུབས་པ། ཁྱིམ་ཚང་བརྩེ་སྐྱོང་།”བཅས་ཀྱི་ལེའུ་ལྔ་ལ་དབྱེ་ཞིང་། ལེའུ་རེ་རེ་བརྙན་ཐུང་སྟོན་པ་དང་ཕན་ཚུན་ཁ་བརྡ་བྱེད་པ། ཤིས་ཚིག་སྒྲོག་འདོན། རིག་རྩལ་འཁྲབ་སྟོན་སོགས་ཀྱི་གོ་རིམ་བརྒྱུད“མཚོ་སྔོན་གྱི་མི་བཟང”གི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས། བྱེད་སྒོའི་ཡུལ་དངོས་སུ་མཚོ་སྔོན་གྱི་མི་བཟང་རེ་རེ་ཡིས་རང་རང་གི་མི་སེམས་འགུལ་བའི་བྱ་བ་ཁ་བརྡ་བྱས་པ་དང་འབྲེལ་བྱེད་སྒོའི་ནང་ཞུགས་མཁན་ཚོར་བསམ་ཚུལ་བརྗེ་རེས་བྱས་ཏེ་ཉེ་འགྲམ་གྱི་མི་ཕལ་བས་དགེ་ལས་སྒྲུབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དོན་སྙིང་གཅིག་སྡུད་ཐོག་མངོན་ཞིང་གསལ་བཤད་བྱས།

ཉེ་འགྲམ་གྱི་མི་བཟང་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ་འོད་ཕྲན་འདུས་པ་རིམ་གྱིས་སྐར་ཚོགས་སུ་གྱུར་བ་བཞིན། “ཀྲུང་གོའི་མི་བཟང”གི་བྱ་དགའ་ཐོབ་པའི་སྐུ་མགྲོན་ཡིད་བཞིན་ནོར་བུས་བཤད་རྒྱུར། ང་ཚོའི་ཉེ་འགྲམ་གྱི་མི་མང་པོ་ཞིག་ཐོག་མཐའ་བར་གསུམ་དུ་མཐོ་སྒང་གི་ས་གཞི་ཆེན་མོ་འདིར་གཞིས་ཆགས་པ་དང་། ཁོ་ཚོས་མི་དེ་བས་མང་བ་ཡར་རྒྱས་དང་ཡར་བརྩོན་ཡོང་བའི་འབོད་སྐུལ་དང་སྐུལ་ཁྲིད་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད། “མཚོ་སྔོན་གྱི་མི་བཟང”ནི་མིག་དཔེ་ལྟ་ས་ཡིན་པས་ང་ཚོས་མི་བཟང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཟེར།

“བདམས་ཐོན་བྱུང་བའི‘མཚོ་སྔོན་གྱི་མི་བཟང’འདི་དག་ལ་དམིགས་བསལ་གྱིས་གུས་བཀུར་ཡི་རང་ཞུ་རྒྱུ་ཡིན་སྲིད། མ་འོངས་པའི་འཚོ་བ་དང་བྱ་བའི་ཁྲོད་ང་ཚོས་ཁོ་ཚོ་མིག་དཔེར་འཛིན་པ་དང་བྱ་བ་ཆུང་ངུ་ནས་མགོ་བརྩམ་སྟེ་གཏམ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ལག་ལེན་པ་ཞིག་བྱས་ནས་ཡར་རྒྱས་དང་དགེ་སྒྲུབ། དྲང་ནུས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས”ཞེས་ཡུལ་དངོས་ཀྱི་ལྟད་མོ་བ་ཝང་ཧྲི་རིན་གྱིས་དེ་ལྟར་བཤད།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་མི་བཟང་ལ་མིག་དཔེ་བལྟས་ནས་རང་ཉིད་ནས་མགོ་བརྩམ་སྟེ་ཀུན་སྤྱོད་ལ་སྣང་ཆེན་དང་གཤིས་བཟང་ལ་ཕྱོགས་པའི་ལག་ལེན་པ་དང་དཔལ་ཡོན་དར་སྲོལ་གྱི་སྲུང་སྐྱོང་པར་འགྱུར་བར་བྱས་ནས“མཚོ་སྔོན་གྱི་མི་བཟང”ཞེས་པའི་ཆས་རྟགས་དེ་སྔར་ལས་སྐར་རྒྱན་བཞིན་འོད་དུ་འཚེར་དགོས་ཞེས་བཤད། །

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章