འཕྲིན་གཏོང་པ། ལྕགས་འབྲུག་རྒྱལ།
ཐེངས་འདིའི་ཞིབ་བཤེར་ཁྲོད་ཁྲིམས་འཛིན་མི་སྣ་མི་ཐེངས36ལྷག་སྒྲིག་འཛུགས་བྱས་ནས། ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། ཤ་རིགས་ཆེད་ཚོང་ཁང་སོགས་བདག་གཉེར་བྱ་ཡུལ19ལ་ཞིབ་བཤེར་བྱས་ཤིང་། གཙོ་བོ་ཤ་རིགས་ཐོན་རྫས་ཀྱི་ཚོང་ཟོག་ཉོ་འདྲེན་ཐབས་ལམ་དང་ནད་ཡམས་ཞིབ་བཤེར་དཔང་ཡིག གསོག་ཉར་ཆ་རྐྱེན་སོགས་ལ་ཞིབ་བཤེར་བྱས། ཁྲིམས་འཛིན་མི་སྣས་ཟིན་ཐོར་འགོད་པ་དང་ཡུལ་དངོས་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཤ་རིགས་ཐོན་རྫས་ཀྱི་ཡོང་ཁུངས་ཕུགས་འདེད་དང་རྗེས་འདེད་ཐུབ་པར་འགན་ལེན་བྱས། ཞིབ་བཤེར་བྱེད་སྐབས་ཁྲིམས་འཛིན་མི་སྣས་བདག་གཉེར་ཁྱིམ་ཚང་ཁག་གཅིག་གི་དངོས་ཟོག་ནང་འདྲེན་གྱི་ཟིན་ཐོ་ཆ་ཚང་མིན་པ་དང་། ནད་ཡམས་ཞིབ་བཤེར་གྱི་དཔང་ཡིག་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་སྟེ་ཡུལ་དངོས་ནས་དག་ཐེར་ལེགས་བཅོས་བྱེད་དུ་བཅུག དེ་དང་ཆབས་ཅིག ཁྲིམས་འཛིན་མི་སྣས་ཚོང་གཉེར་བར་ཤ་རིགས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཤིང་། སྤྱི་ཁོག་འགན་འཁྲི་ལག་བསྟར་གཟབ་ནན་བྱེད་པ་དང་ཡིན་རྟོན་ཚོང་གཉེར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།