ཐུན་ཏེ་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

文摘   2024-11-29 14:30   青海  

 






ཐུན་ཏེ་རྫོང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

འཕྲིན་གཏོང་པ། ཚེ་རིང་དོན་གྲུབ།








ཉེ་སྔོན། ཐུན་ཏེ་རྫོང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་་པའི་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་མ་ཟད། ཐུན་ཏེ་རྫོང་གི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ལས་ཀའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱས་ནས། མིག་སྔའི་གཞི་རིམ་བཅོས་སྐྱོང་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་དང་ལས་རིམ་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་པའི་གཞི་རིམ་བཅོས་སྐྱོང་མཐུན་སྦྱོར་ལམ་སྲོལ་གྱི་སྤྱི་ཁྱབ་གྲོས་ཚོགས་སྐོང་བསྡུ་པ་བཀྲ་ཤིས་རྒྱལ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་པའི་གཞི་རིམ་བཅོས་སྐྱོང་མཐུན་སྦྱོར་ལམ་སྲོལ་གྱི་སྤྱི་ཁྱབ་གྲོས་ཚོགས་སྐོང་བསྡུ་པ་གཞོན་པ་ཝང་ཆིན་ཁྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ཀྱིས་བསྟན་དོན། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན་ལ། ཏང་གི་འགོ་ཁྲིད་ནི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་རྩ་བའི་འགན་སྲུང་ཡིན། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་བྱ་བར་སྣེ་ཁྲིད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ནི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན།  ཁུལ། རྫོང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་བློ་ལ་བརྟན་པོར་བཅངས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁྲིད་སྟོན། དམངས་འཚོའི་ཁ་ཕྱོགས་ཁོང་དུ་ཆུད་པ་བཅས་བྱས་ཏེ། རྣམ་པ་སྔར་ལས་ཆེ་བ་དང་མཐོང་རྒྱ་སྔར་ལས་ཆེ་བའི་སྟེང་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། གཞི་རིམ་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་བྱ་བར་སྣེ་ཁྲིད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་དྲུག་ཅན་གཅིག་གི་བྱ་བའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སློབ་ཆེན་སློབ་མ་སྡེ་བར་བསྐྱོད་དེ་ལས་འགན་འཁུར་བའི་བྱ་སྤྱོད་འཆར་གཞི་ཤུགས་ཆེན་ངང་སྤེལ་བ། རྒྱུན་རྣམ་རང་བཞིན་གྱིས་ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་ཀྱི་བྱ་བར་གྲལ་བཤེར་དག་ཐེར་བྱེད་པའི་ལས་དོན་སྤེལ་ཏེ། རྒྱུན་ཆད་མེད་པར་ཏང་གི་རྩ་འཛུགས་དང་ལས་དོན་དེ་གཞི་རིམ་དུ་བསྲིངས་ནས། མང་ཚོགས་ཁྲོད་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར་ཡོད་པའི་དྲ་མིག་གི་རྒྱུན་མཐུད་སྤུས་ལེགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། ས་གནས་ཀྱི་མཉམ་འགོག་མཉམ་བཅོས་དཔུང་ཁག་གསོ་སྐྱོང་བྱས་ནས་རིགས་མི་འདྲ་བའི་དྲ་མིག་རྣམ་པ་གཞི་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་སྡོད་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་རྒྱབ་རྟེན་བྱས་ཆོག་པའི་སྡོད་ཁུལ་ལས་དོན་པའི་དཔུང་ཁག་གཏོད་པ་དང་། དང་བླངས་དཔུང་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དག་གཙང་གི་འབའ་རྫོང་། དང་བླངས་མཉམ་སྐྱོད་ཞེས་པའི་ཞབས་ཞུའི་འགུལ་སྐྱོད་ཆེ་གྲས་བརྒྱད་ཏན་ཏིག་ངང་སྤེལ་བ་དང་། ཐུན་ཏེ་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི135755བྱ་བའི་བྱེད་ཐབས་གཏིང་ཟབ་ཏུ་བཏང་ནས། ཧྥེང་ཆའོ་ཉམས་མྱོང་དང་ཐུན་ཏེའི་ལག་ལེན་འཚོལ་ཞིབ་རྒྱ་བསྐྱེད་པ། འགལ་བ་དང་རྩོད་གཞི་རིམ་བཤེར་དང་འདུམ་འགྲིག་ཐག་གཅོད་བྱེད་པའི་བྱ་བ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཡིག་སྐུར་ངོ་གཏུག་མཉམ་འབྲེལ་གཞུང་ལས་ཁང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཡིག་སྐུར་ངོ་གཏུག་བྱ་བའི་གནས་བབ་ལ་དུས་བཅད་ལྟར་ཞིབ་འཇུག་བྱེད་པ། འགོ་ཁྲིད་ལས་བྱེད་པས་གྱོད་དོན་ཐག་གཅོད་པའི་འགན་གཙང་ལེན་བྱེད་པ་དང་འདྲི་རྩད་དང་ངོ་གཏུག་ལམ་ལུགས་དོན་འཁྱོལ་བྱས་ནས། ཡིག་སྐུར་ངོ་གཏུག་གྱོད་དོན་ཁག་འདུམ་འགྲིག་འོས་འཚམ་བྱེད་དགོས། ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་འགན་ཁུར་ཚད་བརྒལ་གྱི་འབུར་ཐོན་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ནུས་པ་བརྒྱུད་སྤྲོད་བྱེད་པ། ཕན་ནུས་ཆེ་རུ་གཏོང་བ་བཅས་ནི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། གཞི་རིམ་ལས་བྱེད་པའི་གསོན་ཤུགས་སྐུལ་སློང་དང་གཞི་རིམ་མང་ཚོགས་ཀྱི་རང་ཉིད་དོ་དམ་དང་རང་ཉིད་སློབ་གསོ། རང་ཉིད་ཚོད་འཛིན་བཅས་ལ་ཤུགས་སྣོན་དགོས།

ཚོགས་འདུའི་ཐོག་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཁོངས་གཏོགས་ལས་ཁུངས་ཀྱིས་འགན་ནུས་དང་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་དང་བསམ་གཞིག་གཏོང་བ། རང་འགུལ་ངང་ཐབས་འདོན་ཇུས་འབུལ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་རྫོང་ཨུའི་གཅིག་གྱུར་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། གཅིག་བསྡུ་བསམ་བློ་བརྟན་པོ་བཙུགས་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་སྟེང་བཞག་སྟེ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་གིས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པར་ཕན་འབྲས་ཐོན་པ་དང་བྱ་བར་གྲུབ་འབྲས་ཐོབ་པར་འགན་ལེན་ནུས་ལྡན་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་དོན་སྙིང་གལ་ཆེན་དང་ཉམས་མྱོང་། བྱེད་ཐབས་དང་སྔོན་ཐོན་དཔེ་མཚོན་བཅས་དྲིལ་སྒྲོག་རྒྱ་ཁྱབ་ཏུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར། ཐུན་མོང་ཐོག་གཞི་རིམ་བཅོས་སྐྱོང་ལ་ཟབ་ཞུགས་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ཐུན་ཏེ་རྫོང་གི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་མཐུན་སྦྱོར་ལམ་སྲོལ་གྱི་བྱ་བའི་སྒྲིག་སྲོལ་སྒྲོག་འདོན་བྱས་ནས། ཐུན་ཏེ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་འགན་ཁུར་ཚད་བརྒལ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་སྐོར་གྱི་བྱེད་ཐབས28ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་འགན་གསལ་ཐོར་གྲོས་ཞིབ་བྱས། རྐ་འབའ་སུམ་མདོ་གྲོང་རྡལ་དང་འབའ་ལུང་ཞང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章