ཐུན་ཏེ་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་བྱ་འགུལ་སྤེལ་བ།

文摘   2024-11-26 15:30   青海  

 






ཐུན་ཏེ་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་ནས་གསར་སྐྲུན་སྟོབས་ཤུགས་གཅིག་སྒྲིལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།

འཕྲིན་གཏོང་པ། ལྕགས་འབྲུག་རྒྱལ།








སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཐུན་ཏེ་རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོའི་ཡིད་ཆེས་བརྟན་པོར་གཏོང་བ། དྲང་བདེན་གསར་གཏོད་བྱེད་པ། འགན་འཁྲི་གཙང་སྒྲུབ་བཅས་ལ་སྐུལ་འདེད་གཏོང་ཆེད། ཉེ་སྔོན། ཐུན་ཏེ་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་རྫོང་ཨུའི་གསར་པ་གཉིས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་སྟོན་པ་བཅས་སྒྲིག་འཛུགས་བྱས་ནས་ཐུན་ཏེ་རྫོང་ཏང་གཤིས་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་དང་གསར་སྐྲུན་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།

ཐུན་ཏེ་རྫོང་ཏང་གཤིས་སློབ་གསོའི་རྟེན་གཞིར་ཏང་ཡོན་ཚོས་བླ་ན་མེད་པའི་གུས་འདུད་དང་ཡིད་ཆེས་ཀྱི་བསམ་པ་བཅངས་ནས་གསར་བརྗེའི་རྗེས་ཤུལ་འཚོལ་བ་དང་གསར་བརྗེའི་གཏམ་རྒྱུད་ལ་ནན་ཏན་ངང་ཉན་ཏེ། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་དང་སྒྲ་ཟློས་གཟུགས་བརྙན་རེ་རེ་ལས་གསར་བརྗེའི་སྔོན་བྱོན་པས་རྒྱལ་ཁབ་སྟོབས་འབྱོར་ཡོང་བར་རང་སྲོག་བློས་བཏང་བའི་སྤྱིར་བཏང་མིན་པའི་ལོ་ཟླ་དང་དུས་རབས་གསར་པར་སླེབས་པའི་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ནས་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་ཐེབས། ལྟ་སྐོར་སློབ་སྦྱོང་བྱས་པ་བརྒྱུད། ཏང་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར། བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སྙིང་སྟོབས་ཆེན་པོས་ལས་ཀའི་ཁྲོད་ཞུགས་ཏེ། ཐུན་ཏེའི་འཕེལ་རྒྱས་ལ་གསར་པ་གཉིས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཏང་ཡོན་ཡོངས་གྲལ་འགྲིག་པོས་རུ་དཔུང་བསྒྲིགས་ནས་བརྗིད་ཉམས་ལྡན་པའི་ངང་ལག་པ་གཡས་པ་ཡར་བཀྱགས་ཏེ། དམ་བཅའ་འཇོག་མཁན་གྱི་སྣེ་ཁྲིད་འོག་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་ནས་ཏང་ཞུགས་དད་སེམས་དང་གུང་ཁྲན་རིང་ལུགས་ཆེད་དུ་ཚེ་གང་བོར་འབད་འཐབ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཤིང་། ཏང་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་ཏང་གཤིས་ཀྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་སྔར་ལས་སྤྲོ་སེམས་ཆེན་པོའི་སྒོ་ནས་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་དོར་པ་བསྟན།

ཐུན་ཏེ་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་ངམ་རྫོང་ཨུའི་གསར་པ་གཉིས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཅོད་པ་རིན་ཆེན་གྱིས་རྩ་འཛུགས་ཀྱིས་རྨང་གཞི་བརྟན་པོར་གཏོང་བ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དགོས་ཞེས་པའི་བརྗོད་གཞི་དང་འབྲེལ་ནས། ཏང་འཛུགས་སྐྱོང་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་དམ་འཛིན་དང་ཚད་གཞི་མཐོ་བའི་སྒོ་ནས་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་སོགས་ཀྱི་ཐད་ནས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་རྒྱ་ཆེའི་ཏང་ཡོན་ལ་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཐེངས་ཤིག་བྱས་པ་དང་། རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་སྟོན་པ་བཅས་ཀྱིས་དགོས་གཏུག་གི་བསམ་པ་དང་། འགན་འཁྲིའི་བསམ་པ་བཅངས་ནས་ཞན་ཆ་གསབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་ཅིང་། ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ། མིག་སྔའི་འགྲན་སློང་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་འབྲེལ་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་པའི་བྱེད་ཐབས་དང་ཐབས་ལམ་ཐད་གྲོས་བསྡུར་བྱས། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་སྒོས་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་གཉིས་དང་གསར་པ་གསུམ་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་དང་འཕེལ་རྒྱས་སྟོབས་ཤུགས་ལ་སྐུལ་འདེད་གཏོང་དགོས་ཤིང་།  ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་གསེད་བཀྲོལ་བྱེད་པ། དཔེ་མཚོན་གྱིས་ལམ་སྣེ་འཁྲིད་རྒྱུ་དང་དཔེ་སྟོན་གྱིས་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྫོང་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་བཅས་ཀྱིས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཐུན་ཏེའི་སྤུས་རྟགས་གཏོད་དགོས། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章