ཆུ་དམར་ལེབ་རྫོང་གིས་ལས་བྱེད་པའི་གསོ་སྦྱོང་ལ་སྐུལ་འདེད་བཏང་བ།

文摘   2024-11-29 09:02   青海  







ཆུ་དམར་ལེབ་རྫོང་གིས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལ་སྐུལ་འདེད་བཏང་བ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་ཕྱོགས་མང་པོར་ཤུགས་བཏོན་ནས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་རྣམ་པ་གསར་སྐྲུན་དང་། རྫོང་ཁོངས་ཀྱི་གསར་བརྗེའི་སློབ་གསོ་ཐོན་ཁུངས་གཅིག་འདོམས་དང་གཅིག་སྒྲིལ་བྱས་ཏེ། ཡུལ་དངོས་ཀྱི་སློབ་གསོ་ས་ཚིགས2གསར་སྐྲུན་དང་། སྤུས་ལེགས་ཀྱི་ཏང་གི་སློབ་ཁྲིད་ཕྲན་བུ3སྒྲིག་བཟོ་བྱས་ཤིང་། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གཏིང་ཟབ་གནད་ཁེལ་དུ་སྤེལ་ཏེ། དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་ལེགས་པོར་བསྐྱོད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་མཁོ་སྤྲོད་བྱས།

ས་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ཏེ་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས2གསར་སྐྲུན་བྱས། “གཞུང་ལུགས་སློབ་སྦྱོང+ལག་ལེན་གསེད་དཀྲོལ”གྱི་ཐབས་ལམ་ལ་བརྟེན་ནས། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་གཉིས་མཉམ་འདྲེས་ཟབ་མོ་དང་། གསར་བརྗེ་ཐོན་ཁུངས་དང་ཐོན་ལས་ཐོན་ཁུངས་ཧུར་ཐག་གིས་ལས་བྱེད་པའི་སློབ་གསོའི་ཐོན་ཁུངས་སུ་བསྒྱུར་ཏེ། ཡུས་ཧྲུའུ་ནོར་གནག་ནུས་མཐོ་གསོ་སྤེལ་རྟེན་གཞིའི“གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཡུལ་དངོས་སློབ་ཁྲིད་ས་ཚིགས”དང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་ཡུལ་དུ་སྐྱོད་པའི་རྗེས་དྲན་ཁང་གི“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཁྲིད་ས་ཚིགས”གསར་སྐྲུན་བྱས།

བརྗོད་གཞི་གཏིང་ཟབ་ཏུ་བསྔོགས་ཏེ་སྤུས་ལེགས་ཀྱི་ཏང་གི་སློབ་ཁྲིད་ཕྲན་བུ་ཆ་ཚང3གསར་སྐྲུན་བྱས། གནད་དུ་ཁེལ་བའི་ཞིབ་འཇུག་དང་སློབ་སྦྱོང་གི་བརྗོད་དོན་གཏན་འཁེལ་བྱས་ཏེ། “དངོས་ཐོག་བདེན་འཚོལ”གྱི་རྡོ་རིང་སློབ་ཁང་དང་ས་མཐོའི་བསིལ་ཁང་གི་སྲིད་ཇུས་སྒྲོག་འགྲེལ་སློབ་ཁྲིད། “གསར་བརྗེ་གཅིག་དང་མཐོ་བ་གསུམ”གྱི་ཆས་རྟགས་གཏམ་རྒྱུད་སོགས་བརྗོད་དོན་ཡིན་པའི་ཁྱད་ལྡན་སློབ་ཁང་གི་སྤུས་ལེགས་ཏང་གི་སློབ་ཁྲིད་ཕྲན་བུ་གསར་སྐྲུན་བྱས། གསོན་ཉམས་ལྡན་པའི་སྐད་ཆས“ཕལ་བའི་མིའི”ལུས་སྟེང་ནས“བརྩེ་སེམས་ཆེན་པོ”བརྗོད་པར་ཤུགས་འདོན་པ་དང་། “མང་ཚོགས་ཀྱི་སྐད་ཆས”ཏང་གི་གཞུང་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི“མཇུག་མཐའི་སྤྱི་ལེ་གཅིག”བརྟོལ་བ་བརྒྱུད་ནས། “ཏང་འཛུགས་སྐྲུན་གྱི་གཏམ་རྒྱུད”ཀྱིས“ཀྲི་པུའུ་རེར་ཆས་རྟགས་རེ་ཡོད་པ”གསལ་བོར་བཏང་།

དགེ་རྒན་དཔུང་སྡེའི་འགན་སྲུང་འཐུས་ཚང་དུ་བཏང་སྟེ་ནུས་ལྡན་གྱི་ཏང་གི་སློབ་གྲྭའི་དགེ་རྒན་དཔུང་སྡེ་གསར་སྐྲུན་བྱས། “ནང་དུ་བྱང་ཚད་སྦྱོང་བརྡར་དང་ཕྱི་ནས་འཇོན་མི་སྡུད་ལེན”གྱི་བྱ་བ་སྒྲུབ་སྟངས་ལྟར། ཆེད་ལས་དགེ་རྒན་གྱི་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། སློབ་གྲྭའི་སློབ་ཁྲིད20གསར་དུ་རྩོམ་སྒྲིག་བྱས། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་སྤུས་ཀར་འཇོན་མིའི་རམ་འདེགས་བྱེད་པར་འགན་སྲུང་དང་། འགོ་ཁྲིད་ལས་བྱེད་པ་ཧུར་ཐག་གིས་ཞུགས་པ་དང་རང་འགུལ་སྒོས་སྣེ་ཁྲིད་དེ་མཛོད་འཇུག་དང་ཁྲིད་སྟེགས་སྟེང་འབུད་པར་རྩ་འཛུགས་བྱས་ཏེ། འཆད་ཁྲིད་དགེ་རྒན26གདན་ཞུ་བྱས།།


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རྡོ་རྗེ་རིན་ཆེན།
སྒྲིག་སྦྱོར་པ། རྡོ་རྗེ་རིན་ཆེན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章