དོན་འགྲུབ་པའི་ཉི་མ་དེ་རིང་རེད།
ཚིག་དང་དབྱངས། དམངས་ཁྲོད།
ཕ་བླ་མ་བཀྲ་ཤིས་ལྷུན་པོ་རེད། །
ནང་ཐུགས་བརྩེ་ཡིད་བཞིན་ནོར་བུ་རེད། །
གསུང་བཀྲ་ཤིས་བསམ་པའི་དོན་འགྲུབ་རེད། །
དོན་འགྲུབ་པའི་ཉི་མ་དེ་རིང་རེད། །
ཕྱི་ཁྲོམ་པ་བཀྲ་ཤིས་ལྷུན་པོ་རེད། །
ནང་ཕ་ཁུ་ཡིད་བཞིན་ནོར་བུ་རེད། །
ཁ་ཇ་ཆང་བསམ་པའི་དོན་འགྲུབ་རེད། །