པར་རིས་གསར་འགྱུར།
དངོས་མང་བཤམ་སྟོན་ཁང་གི་གྲགས་པ་ཇེ་ཆེར་གྱུར་པ་དང་བསྟུན་ནས། དེ་ནི་ན་གཞོན་མང་པོ་ལྟ་སྐོར་དུ་འགྲོ་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། བཤམ་སྟོན་ཁང་སོ་སོའི་རིག་གནས་ཀྱི་ཐོན་རྫས་ཀྱང་དེ་བཞིན་བྲིན་ཆེ་བའི་ཚོང་རྫས་སུ་གྱུར། མཚོ་སྔོན་ཞིང་ཆེན་དངོས་མང་བཤམ་སྟོན་ཁང་དུ་བཅར་ཚེ། རིག་གནས་ཐོན་རྫས་མང་པོས་མིག་དབང་འཕྲོག་པར་བྱེད་དེ། ཚོན་རྫ་དང་ལངས་གཟུགས་འཁྱགས་སྒམ། གསའ་གཟུགས་ལྡེ་མིག་འདོགས་ལུང་། ཀྲུང་གོའི་ནས་འབྲུའི་འཁྱགས་ཞོ་ཐོག་མ་སོགས་རིག་གནས་ཐོན་རྫས་སྣ་ཚོགས་མཆིས་པ་རྣམས། ད་ལྟ་ཀུན་གྱིས་ཉོ་བའི“མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས”སུ་གྱུར་ཡོད། མཚོ་སྔོན་གྱི་རིག་གནས་དང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཇུས་འགོད་ཀྱིས་བཟོས་པའི་ཐོན་རྫས་དེ་དག་གིས་གནའ་བོའི་རིག་དངོས་ལ་ཚེ་སྲོག་གསར་པ་བསྩལ་ཡོད་པར་མ་ཟད། མཚོ་སྔོན་གྱི་རིག་གནས་ཉམས་སུ་མྱོང་འདོད་པའི་འཛད་སྤྱོད་པ་རྣམས་ཀྱི་དགོས་མཁོ་ཡང་བསྐངས་ཡོད། དེ་ལས་ཀྱང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།