སེམས་ཀྱི་དག་ཞིང་། མཐོང་གྲོལ།

文摘   2024-12-01 11:01   青海  





སེམས་ཀྱི་དག་ཞིང་།


མཐོང་གྲོལ། མགོ་ལོག

ཕོ་ཤིང་བྲག་ལ་སྐྱེས་ཡོད། །
མོ་ཤིང་ཀློང་ལ་འཁྲུངས་ཡོད། །
ཁང་ཁྱིམ་ཀ་བཞི་གདུང་བརྒྱད། །
མ་བཞེངས་ལྷུན་གྱིས་གྲུབ་ཡོད། །
གཡང་གིས་སྲུང་བའི་ལྕགས་རི། །
སྣང་བའི་ཁམས་ལ་འཚེར་ཡོད། །

ཞིང་ས་གོས་ཆེན་ཐེར་མ། །
སྨད་རོལ་འདབས་ནས་བཞེངས་ཡོད། །
མཛེས་སྡུག་བུ་མོའི་ལྡེམ་གཟུགས། །
རྣང་མའི་ཚལ་ན་ལུས་ཡོད། །
པིར་གྱིས་བྲིས་པའི་འཇིག་རྟེན། །
ལས་འཕྲོས་སྐོར་བ་བསྐོར་ཡོད། །

ཇ་ལོའི་མེ་ཏོག་ལྡེམ་པ། །
འཚོ་བའི་རབ་ཁར་འཁྲུངས་ཡོད། །
གོས་ཆེན་སྣམ་བུའི་རས་འཐག །
བགྲེས་པོའི་རྒྱབ་ན་ལྷག་ཡོད། །
མཛེས་སྡུག་ལྷ་ཡི་རི་མོ། །
དཀར་གསལ་ཟླ་བས་བརྒྱན་ཡོད། །

གསེར་གྱི་བྱེ་མ་ཀྲིག་ཀྲིག །
མི་ཚེའི་མཁའ་ལ་ཁྱབ་ཡོད། །
ཕུགས་ཀྱི་དར་དཀར་གཡོབ་པ། །
རུས་པའི་གཏིང་ལ་བསྐོས་ཡོད། །
ཚེ་རབས་གཏན་གྱི་འདུན་མ། །
བླ་དང་སྲོག་ལ་འཐིམ་ཡོད། །




འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རིག་འཛིན་ཐར།
སྒྲིག་སྦྱོར་པ། རྡོ་རིན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章