ཐུན་རིན་གྲོང་ཁྱེར་གྱིས་ཁྲེང་ཏུའུ་རུ་བྱ་འགུལ་སྣ་མང་སྤེལ་བ།

文摘   2024-11-22 18:35   青海  

 






2024ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་དགུན་དུས་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་འོས་སྦྱོར། ཚོང་འགུག་དངུལ་འདྲེན་བྱ་འགུལ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་སྤེལ།








རང་རེའི་ཚགས་པར་ཁང་གིས་ཁྲེང་ཏུའུ་ནས་སྤེལ་བའི་འཕྲིན། གསར་འགོད་པ། ཚེ་རྡོ།ཟླ11པའི་ཚེས22ཉིན་གྱི་སྔ་དྲོར། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན། མཐོ་སྒང་ཟས་མཆོག ཁྲུན་དཔལ་ཐུན་སྤེལཞེས་པའི2024ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་དགུན་དུས་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་འོས་སྦྱོར། ཚོང་འགུག་དངུལ་འདྲེན་བྱ་འགུལ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ། ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར། ཞིང་ཕྱུགས། གཞི་གྲངས་ཆེན་པོ་སོགས་ཁྱབ་ཁོངས་ཐད་མཉམ་ལས་བྱེད་པའི་གྲོས་མཐུན་བཞག་ནས་གན་འཇོག་མ་དངུལ་སྒོར་དུང་ཕྱུར2.15ཟིན་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན4རིང་ལ། ཐུན་རིན་གྲོང་ཁྱེར་གྱི་འཐུས་ཚབ་རང་བཞིན་ལྡན་པའི་མཉམ་ལས་ཁང23དང་། ཁྱད་ལྡན་ཐོན་རྫས་ཁེ་ལས། རིག་གནས་ཁེ་ལས། བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་བཅས་ཀྱི་འགྲེམ་གནས30བཙུགས་ནས། གླ་ཚེར་ཤིང་ཏོག་ཁུ་བ་དང་། ཞོ། ནས་ནག བོད་ལུག་གི་ཤ་བཅས་དང་། དེ་བཞིན་བོད་ལུགས་གསོ་རིག་སོགས་ཐུན་རིན་གྱི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་རྫས200ལྷག་གཅིག་བསྡུས་ཀྱིས་འགྲེམ་སྟོན་དང་འོས་སྦྱོར་བྱས་ཏེ་ཐུན་རིན་གྱི་ཁྱད་ཆོས་མངོན་པ་རེད།

ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ཀྲའོ་ཅན་གོས་བཤད་པ་ལྟར་ན། ཁྲེང་ཏུའུ་རུ་བྱ་འགུལ་འདི་འདྲ་སྤེལ་བ་ནི་རང་ཞིང་གི“གནས་བཞིའི”འཛུགས་སྐྲུན་འཐབ་ཇུས་ལ་སྐུལ་འདེད་དང་དོན་འཁྱོལ་བྱས་ནས“གསེར་ལྗོངས”ཀྱི་ཞིང་ཕྱུགས་ལས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐུན་རིན་གྲོང་ཁྱེར་གྱི་ཁྱད་ལྡན་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་། དེ་བཞིན་ས་མཐོའི་ཁྱད་ལྡན་ཡུལ་སྐོར་ཁྲོམ་རའི་སྐད་གྲགས་ཆོད་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་ཡིན། ཟླ11པའི་ཚེས29ཉིན་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་ས་ཚིགས་གཉིས་པའི་ཚོང་འགུག་འོས་སྦྱོར་བྱ་འགུལ་སྤེལ་རྒྱུ་རེད།

ལོ་འགའི་ཚུན་ལ། ཁྲེང་ཏུའུ་དང་ཐུན་རིན་ས་གནས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་རྣམ་པ་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་རྣམ་པ་གཏོད་པ་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ཚོང་འགུག་དངུལ་འདྲེན། ཐོན་ལས་རིམ་སྤོར་བཅས་ཀྱི“ཐབས་མང་མཉམ་སྤྱོད”ལ་མཐོང་ཆེན་བྱེད་པ། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཅས་བྱས་པས། ཐེངས་འདིའི་བྱ་འགུལ་ནི་ས་གནས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་དུ་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章