ཞིང་ཆེན་ཏང་ཨུས(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་བསྡུས་པ།

文摘   2024-11-29 10:30   青海  







ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་བསྡུས་པ།

ཁྲེན་ཀང་གིས་འགོ་འཛིན་བྱས་ཤིང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།

ཉེ་སྔོན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་བཅའ་ཁྲིམས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧྲི་ཧོང་གིས་ཁ་བྱང་ལ“ཀྲུང་དབྱང་གི་བཅོས་བསྒྱུར་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་ཏེ་སྡོམ་རྩིས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས”ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་བཅས་ཚོགས་འདུར་ཞུགས།

ཧྲི་ཧོང་གིསསྡོམ་རྩིས་བཅའ་ཁྲིམསབཟོ་བཅོས་བྱས་པའི་གོ་རིམ་ཧྲིལ་པོ་དང་དོན་སྙིང་གལ་ཆེན། རྩ་དོན་གཙོ་བོ། ནང་དོན་གལ་ཆེན། སྲོག་ཤིང་གནད་བསྡུས་སོགས་ཀྱི་ཕྱོགས་སུ་ངོས་འཛིན་གཏིང་ཟབ་བྱས་ནས་ཆ་ཚང་ཞིང་ཁྱོན་ཡོངས་ནས་སྒྲོག་འགྲེལ་བྱས་ཏེ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོམ་རྩིས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྡོམ་རྩིས་བཅའ་ཁྲིམསབཟོ་བཅོས་ཀྱི་ནང་དོན་གལ་ཆེན་ཡང་དག་པས་ཁོང་དུ་ཆུད་པར་མཛུབ་སྟོན་གང་ལེགས་བྱས།

ཁྲེན་ཀང་གིས་འགོ་འཛིན་བྱེད་སྐབས་བསྟན་དོན། སྡོམ་རྩིས་བྱ་བ་ནི་དཔལ་འབྱོར་བྱ་བ་ཡིན་ལ། དེ་བས་ཀྱང་ཆབ་སྲིད་བྱ་བ་ཡིན་པས། ངེས་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ལངས་ཕྱོགས་གསལ་པོས་ཆབ་སྲིད་ལ་དོ་སྣང་བྱེད་པ་གོ་གནས་དང་པོར་འཇོག་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་བཅངས་ནས། “གྲངས་ཀའི་སྲིད་འབྲས”དང“རྫུན་བཟོ་སྲིད་འབྲས”ལ་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་པ་དང་། ཏང་སྲོལ་དང་ཁྲིམས་ལུགས་བཀོལ་ནས་སྡོམ་རྩིས་རྫུན་མ་བཟོ་བ་དང་མགོ་གཡོག་མགོ་སྐོར་གཏོང་བར་འགོག་ཟོན་དང་ཁྲིམས་ཆད་བཅད་ནས། གཞི་གྲངས་སྡོམ་རྩིས་ཐད་ཀྱི་རྒྱུ་སྤུས་ཀྱི་སྲོག་རྩ་བརྟན་པོར་བསྲུང་དགོས། སྤྱི་ཡོངས་ཁྲོད་ཧུར་བརྩོན་གྱིས་ཞུགས་ཤིང་དེར་ཞབས་འདེགས་ཞུ་དགོས། གཅིག་ནས་མཚོ་སྔོན་ལ་རྐང་ཚུགས་ཏེ་གཞི་གྲངས་སྡོམ་རྩིས་ལ་བརྟེན་ནས་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཔྱད་གཞི་འདོན་དགོས། གཉིས་ནས་རྒྱལ་ཡོངས་ཀྱི་ལངས་ཕྱོགས་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་ཚོད་ལ་དམིགས་པ་དང་། “མཐོ་གནས”བསྐྲུན་པ་དང“གནས་བཞི”འཛུགས་པར་དམ་པོར་དམིགས་ཏེ།ཡུལ་ཁོངས་གཅིག་གིས་གཟི་བརྗིད་བརྩོན་པ་དང་སྤྱི་ཡོངས་ལ་གོ་ཆོད་པའི་སྲིད་ཇུས་ཀྱི་བསམ་འཆར་སྔར་བས་མང་པོ་འདོན་དགོས། དུས་བསྟུན་ལྷན་བསྐྱོད་སྒོས་སྡོམ་རྩིས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྡོམ་རྩིས་སྡེ་ཁག་གིས་རང་ངོས་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་བཅོས་བསྒྱུར་ཕྱོགས་ཡོངས་ཟབ་སྤེལ་ལ་ཞབས་འདེགས་ཞུས་ཏེ། བཅོས་བསྒྱུར་དང་འཕེལ་རྒྱས་སྣ་ཚོགས་ཀྱི་འབྲེལ་བའི་རང་བཞིན་དང་མ་ལག་རང་བཞིན། སྤྱོད་ཆོག་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་པ། ཕྱོགས་སོ་སོའི་བཅོས་བསྒྱུར་གཅིག་འདོམས་སྦྲེལ་མཐུད་བྱེད་པ་དང་སྐྱེ་ལྡན་ཟུང་འབྲེལ་བྱེད་པ། ཕན་ཚུན་མཐུན་སྦྱོར་ཡོང་བ་བཅས་ལ་རམ་འདེགས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས།

ཞིང་ཆེན་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཚོགས་འདུར་ཞུགས། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། རྡོ་རིན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章