འཕྲིན་གཏོང་པ། ཀུན་བཟང་རྡོ་རྗེ།
ལུས་པོར་བརྟག་དཔྱད་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་ཆེད། ཐང་མགོ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྨན་བཅོས་ཐོན་ཁུངས་འདང་ངེས་ཞིག་བཀོད་སྒྲིག་བྱས་པ་དང་ལུས་པོར་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས། ནུས་ཆེ་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས། དེ་དང་ཆབས་ཅིག་ཏུ་ཐང་མགོ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྤྱི་བསྒྲགས་དང་དྲིལ་སྒྲོག་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ་ཐེངས་འདིའི་ལུས་པོར་བརྟག་དཔྱད་བྱེད་པའི་བྱ་འགུལ་དྲིལ་སྒྲོག་ཆེན་པོ་བྱས་ནས་སྡོད་དམངས་ཚང་མར་ཤེས་སུ་བཅུག་པ་དང་། ལུས་པོར་བརྟག་དཔྱད་བྱ་ཡུལ་དུ་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་སྡོད་དམངས་ཚང་མར་སྤྲོ་སེམས་འཁོལ་བས་སྣེ་ལེན་བྱས་པ་མ་ཟད་ནན་ཏན་གྱིས་ཁོ་ཚོའི་ལུས་པོར་བརྟག་དཔྱད་བྱས།
ཐེངས་འདིའི་ལུས་པོར་བརྟག་དཔྱད་བྱེད་པའི་རྣམ་གྲངས་ཁྲོད་སྤྱིར་བཏང་གི་གཟུགས་པོར་བརྟག་དཔྱད་དང་ཁྲག་ཤེད། ཁྲག་གི་མངར་ཆ། ཁྲག་གི་རྒྱུན་སྲོལ། མཆིན་པ་དང་མཁལ་རྩལ། གཅིན་གྱི་རྒྱུན་སྲོལ། སྙིང་གི་གློག་རིས། པར་རིས་སོགས་རིགས་མང་པོ་ཚུད་པར་བྱས་ཏེ་སྡོད་དམངས་ཀྱི་བདེ་ཐང་རེ་འདོད་སྐོང་ཐུབ་པར་བྱས། ཐེངས་འདིའི་ལུས་པོར་བརྟག་དཔྱད་བྱེད་མཁན་བསྡོམས་པས་མི་ཐེངས47ཡོད་པ་དང་མིག་སྔའི་བར་ཏུ་སྡོད་དམངས་ཡོངས་ཀྱིས་རིན་མེད་ངང་ལུས་པོར་བརྟག་དཔྱད་བྱེད་བཞིན་ཡོད། ལུས་པོར་བརྟག་དཔྱད་བྱེད་པའི་བྱ་བར་སྡོད་ཁུལ་གྱི་སྡོད་དམངས་ཚང་མས་གདེང་འཇོག་གང་ལེགས་གནང་བ་མ་ཟད། གཅིག་རྗེས་གཉིས་མཐུད་ཀྱིས་ཐེངས་འདིར་ལུས་པོར་བརྟག་དཔྱད་བྱས་པ་བརྒྱུད་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་སྔར་བས་རྒྱུས་ལོན་ཡོད་པ་དང་རིམས་ནད་སྔོན་འགོག་གི་འདུ་ཤེས་ཀྱང་ཇེ་ཟབ་ཏུ་ཕྱིན་ཡོད་ཟེར། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།