ཐུན་ཏེ་རྫོང་གིས་ཡིག་སྐུར་ངོ་གཏུག་བྱ་བའི་ཚོགས་འདུ་འཚོགས་པ།

文摘   2024-11-30 10:30   青海  

 






ཐུན་ཏེ་རྫོང་གིས་ཡིག་སྐུར་ངོ་གཏུག་བྱ་བ་ཁྲིམས་སྐྱོང་ཅན་གྱི་སྐུལ་འདེད་ཚོགས་འདུ་དང་མཉམ་འབྲེལ་གྲོས་ཚོགས་ཐེངས་བཞི་པ་འཚོགས།

འཕྲིན་གཏོང་པ། ནོར་བུ་རྒྱ་མཚོ།








ཉེ་སྔོན། ཐུན་ཏེ་རྫོང་གིས་ཡིག་སྐུར་ངོ་གཏུག་བྱ་བ་ཁྲིམས་སྐྱོང་ཅན་གྱི་སྐུལ་འདེད་ཚོགས་འདུ་དང་ཡིག་སྐུར་ངོ་གཏུག་མཉམ་འབྲེལ་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཤིང་། ཚོགས་འདུའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་ཡིག་བསྐུར་ངོ་གཏུག་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུས་ཡིག་བསྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུ་དང་། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ཡིག་བསྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རྫོང་ཡོངས་ཀྱི་ཡིག་བསྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གནས་ཚུལ་བསྒྲགས་པ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བསྟན་དོན། ཡིག་བསྐུར་ངོ་གཏུག་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཡིག་བསྐུར་ངོ་གཏུག་བྱ་བར་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཡུན་རིང་བདེ་འཁོད་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཡིག་བསྐུར་ངོ་གཏུག་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དེ་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བ་ཁྲིམས་སྐྱོང་ཅན་གྱི་ཡུལ་དངོས་ཚོགས་འདུའི་ཐོག་དབྱེ་འབྱེད་གཏན་འབེབས་བྱས་པའི་གོ་རིམ་གྱི་ཐོག་ནས་དངོས་གཉེར་ཐག་གཅོད་ལ་སྐུལ་འདེད་དང་། བདག་སྤྲོད་སྡེ་ཁག་གིས་འགན་འཁུར་བའི་གོ་རིམ་རང་བཞིན་གྱི་སྐུལ་འདེད་དང་ལས་སྒྲུབ་སྡེ་ཁག་གིས་འགན་འཁུར་བའི་དོན་དངོས་རང་བཞིན་གྱི་ཐག་གཅོད་ཀྱི་བྱ་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ནས་སྤྱིའི་ལམ་ཐིག་ལག་བསྟར་ཡག་པོ་བྱེད་དགོས་པ་མ་ཟད། ཁྲིམས་སྐྱོང་ཅན་ལྔ་དང་། ལེགས་པར་འགྲུབ་དགོས་པ་བཞི། བདག་སྤྲོད་མི་བྱེད་པ་གསུམ་དང་བདག་སྤྲོད་བྱེད་མི་ཆོག་པ་གཉིས་བཅས་ཀྱི་ཞིབ་ཕྲའི་བྱ་བའི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་ཡིག་བསྐུར་ངོ་གཏུག་བྱ་བ་དེ་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་བརྟན་པོར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་སྔོན་འགོག་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡིག་བསྐུར་ངོ་གཏུག་གི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་ཏན་ཏིག་བྱེད་དགོས་པ་དང་།  ཐབས་ལམ་མང་པོའི་ཐོག་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་སེམས་འདུན་བསྡུ་རུབ་བྱེད་པ། འགལ་ཟླ་དང་རྩོད་གཞི་རིམ་བཤེར་དང་འདུམ་སེལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བརྒྱུད་འགལ་ཟླ་དང་རྩོད་གཞི་སྣ་མང་འདུམ་སེལ་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་དགོས། འགོ་ཁྲིད་ལས་བྱེད་པས་ངོ་གཏུག་བྱེད་མཁན་ལ་སྣེ་ལེན་ཞུ་བ་དང་བསྟུད་མར་མང་ཚོགས་ཁྲོད་བཅར་འདྲི་ཟབ་སྤེལ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དངོས་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་ལ། འགལ་བ་ཛ་དྲག་ཏུ་འགྱུར་བ་དང་ཡིག་སྐུར་ངོ་གཏུག་གོང་ཏུ་འཕེལ་བ་སྔོན་འགོག་བྱེད་དགོས།  བདག་སྤྲོད་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡིག་བསྐུར་ངོ་གཏུག་བྱ་བའི་སྐོར་གྱི་སྲོལ་ཡིག་གི་བླང་བྱ་གཟབ་ནན་གྱིས་གཞིར་བཟུང་སྟེ། བྱེ་བྲག་གི་ལས་རིམ་ཚད་ལྡན་དང་དོན་འཁྱོལ་བྱེད་པ་དང་། ཡིག་བསྐུར་ངོ་གཏུག་གི་དོན་དག་ཁག་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་དུ་འཇུག་དགོས། ཁྲིམས་ལྟར་བདག་སྤྲོད་ལས་དོན་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་ཡིག་བསྐུར་ངོ་གཏུག་གི་དོན་དག་ཐོ་འགོད་ནན་ཏན་བྱེད་པ། མང་ཚོགས་ཀྱི་ཡིག་བསྐུར་ངོ་གཏུག་གི་རེ་ཞུར་ཞིབ་འབྱེད་ཞིབ་ཚགས་བྱེད་པ། གོང་ཞུ་བྱས་པའི་གནད་དོན་གྱི་ངོ་བོ་དང་། དེ་སྔའི་གོ་རིམ་གྱི་དུས་རིམ་དོན་ཚན་གྱི་རིམ་པ། དོ་དམ་ཁྱབ་ཁོངས་ཀྱི་དབང་ཚད་སོགས་གཙོ་བོར་གསལ་འབྱེད་བྱས་ཏེ། གནད་འཁེལ་ཁག་བགོས་དང་གནད་འཁེལ་སྒྲུབ་གཉེར་བྱེད་དགོས། སྒྲུབ་གཉེར་ཁྲིམས་ལུགས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་དང་གོ་རིམ་གཞིར་བཟུང་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ཤིང་། ཁྲིམས་སྐྱོང་ཅན་གྱི་ལམ་ཐིག་ལ་ནན་མོར་གཞིགས་ནས། ཡིག་སྐུར་ངོ་གཏུག་གི་དོན་དག་ཐག་གཅོད་དང་བསྐྱར་བཤེར། བསྐྱར་ཞིབ་བཅས་ཀྱི་གོ་རིམ་དངོས་སྒྲུབ་པ་བརྒྱུད་དེ། གནས་ལུགས་དང་བཅའ་ཁྲིམས་མཉམ་དུ་སྤྱོད་པ་རྒྱུན་འཁྱོངས་དང་། ཐབས་མང་མཉམ་སྤྱོད། ཕྱོགས་བསྡུས་ཇུས་བསྟར་བཅས་བྱས་ཏེ། དཀའ་གནད་དང་རྙོག་འཛིང་ཆེ་བའི་ཡིག་སྐུར་ངོ་གཏུག་གི་གནད་དོན་ཐག་གཅོད་དགོས། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འགན་ཤོར་ལས་འཛོལ་ལ་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས་ཤིང་། ཡིག་སྐུར་ངོ་གཏུག་བྱ་བ་ཁྲིམས་སྐྱོང་ཅན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ཏེ། ལས་བྱེད་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་ལྟར་ཡིག་སྐུར་ངོ་གཏུག་གི་འདུ་ཤེས་མཐོར་འདེགས་གཏོང་དགོས་པ་དང་། མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གི་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཡིག་བསྐུར་ངོ་གཏུག་བྱ་བའི་ནང་འགན་འཁྲི་སྒྲུབ་ནུས་ཞན་པ་དང་གནད་དོན་ཚབས་ཆེན་ཡོད་རིགས་དུས་ཐོག་ཏུ་ཡིག་བསྐུར་ངོ་གཏུག་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལ་ཕུལ་ནས་དུས་ཆད་གྲོས་མོལ་དང་། བརྡ་ཁྱབ། སྦྱར་བྱང་བཅས་ཀྱི་ལྟ་སྐུལ་བྱེད་དགོས། སྒྲིག་ལམ་སྲུང་སྐྱོང་གི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་ལྟར་ཡིག་བསྐུར་ངོ་གཏུག་གི་ཕྱོགས་སྟོན་གསལ་པོར་འཛུགས་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་མི་དམངས་ཀྱི་ཆེད་ཡིན་པའི་བྱ་བའི་འདུ་ཤེས་འཛིན་པ་དང་། བྱ་བའི་གཙོ་གནད་དེ་དོན་དངོས་རང་བཞིན་ལྡན་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་ཐག་གཅོད་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཐོག་བཞག་སྟེ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། ཡིག་བསྐུར་ངོ་གཏུག་སྣེ་ལེན་བྱེད་རིམ་དུ་ཡིག་བསྐུར་ངོ་གཏུག་བྱེད་མཁན་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ལེགས་པོར་བྱས་ནས། ཡིག་བསྐུར་ངོ་གཏུག་བྱ་བའི་བྱེད་རིམ་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་གོ་རིམ་དུ་བསྒྱུར་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ཐང་མགོ་གྲོང་རྡལ་དང་། ཞོལ་མ་ཞང་། རྫོང་ཁྲིམས་ཁང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་མི་སྣས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་དང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། རྫོང་ཡིག་བསྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཁོངས་མི་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章