གོང་སྨད་ཞང་གིས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས།

文摘   2024-11-22 10:40   青海  




གོང་སྨད་ཞང་གིས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཞང་གིས2024ལོའི་ལོ་འཁོར་མོའི་ཐོན་ལས་ལས་གཞི་དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཡོང་སྒོའི་ཁེ་སྤོགས་གཅིག་བསྡུས་ཀྱིས་བགོ་བའི་ཚོགས་ཆེན་འཚོགས།

དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་སྔར་ལས་བྱེད་པ་དང་། ཐོན་ལས་ཀྱི་དགེ་མཚན་ལྡན་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད། ཟླ11པའི་ཚེས19ཉིན། གོང་སྨད་ཞང་གིས2024ལོའི་ལོ་འཁོར་མོའི་ཐོན་ལས་ལས་གཞི་དང་མཉམ་ལས་ཁང་གི་ཡོང་སྒོའི་ཁེ་སྤོགས་གཅིག་བསྡུས་ཀྱིས་བགོ་བཤའ་རྒྱག་པའི་ཚོགས་ཆེན་འཚོགས། ཞང་གི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། སྡེ་སྡོད་ཧྲུའུ་ཅི་དང་པོ། བྱ་བའི་རུ་མི། སྡེ་བ་སོ་སོའི་གཞི་རིམ་གྱི་ལས་བྱེད་པ། མཉམ་ལས་ཁང་སོ་སོའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་ཐོན་ལས་ཀྱི་ཡོང་སྒོ་རེག་པའི་མང་ཚོགས་ཀྱི་འཐུས་མི་བཅས་མི200ལྷག་གྲོས་ཚོགས་སུ་ཞུགས།
ཚོགས་ཐོག་ཏུ། སྤྱི་སྙོམས་དང་དྲང་གཞག ཡོངས་བསྒྲགས་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་སྟེ། 2024ལོའི་སྡེ་བ་སོ་སོའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་ཡོང་སྒོའི་ཁེ་སྤོགས་བགོ་བཤའ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོའི་གནས་ཚུལ་ཞིབ་ཏུ་གསལ་བསྒྲགས་བྱས། དུས་མཚུངས་སུ2024ལོའི་ལོ་འཁོར་ནང་དུ་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་བྱ་བའི་ཁྲོད་སྤྱོད་ཚུལ་ལེགས་པའིསྡེ་བའི་ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅིབསོད་བཟང་དང“སྡེ་བའི་ཕུལ་བྱུང་རྩིས་གཉེར་བ”བློ་མཐུན་ལི་སེན་ལིན་གཉིས་ལ་གཟེངས་བསྟོད་བྱ་དགའ་གནང་།

ཁེ་སྤོགས་བགོ་བའི་ཡུལ་དངོས་སུ། སྡེ་བའིཨུ་ལྷན་གཉིསདང་སྡེ་སྡོད་བྱ་བའི་རུ་ཁག་གིས་མིང་ཐོ་ལྟར། མང་ཚོགས་ལ་གོ་རིམ་ལྡན་པའི་སྒོ་ནས་ཁེ་སྤོགས་བགོ་བའི་གསལ་ཐོའི་སྟེང་མིང་ཐོ་འགོད་པ་དང་ཐེལ་ཙེ་བརྒྱབ་སྟེ་རིམ་པ་བཞིན་ཁེ་སྤོགས་བགོས་པའི་ཡོང་སྒོ་ལེན་པར་སྣེ་ཁྲིད་བྱས། མི་རེ་རེའི་གདོང་ལ་འཛུམ་མདངས་རྒྱས་ཤིང་དགའ་དགའ་སྤྲོ་སྤྲོའི་རྣམ་པས་ཁེངས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལ་བཀའ་དྲིན་ཆེ་ཞུ། ང་ཚོའི་འཚོ་བ་ཇེ་བཟང་ཇེ་ལེགས་རེད། རྗེས་ཕྱོགས་མུ་མཐུད་དུ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། རང་གི་ལག་ཟུང་ལ་བསྟེན་ནས་བདེ་སྐྱིད་འཚོ་བ་བསྐྲུན་རྒྱུ་ཡིན་ཞེས་བསྟན། 
བསྡོམས་རྩིས་བྱས་པ་ལྟར་ན། 2024ལོའི་གོང་སྨད་ཞང་གི་མཉམ་ལས་ཁང་སོ་སོའི་སྤྱིའི་ཐོན་འབོར་སྒོར་ཁྲི106.95ལ་སླེབས་ཡོད་པ་དང་། ཞང་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི163.38ལ་སླེབས་ཡོད། སྲིད་འཛིན་སྡེ་བ་བཞི་ཡི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི91.86ལ་སླེབས་ཡོད།

རྗེས་ཕྱོགས། གོང་སྨད་ཞང་གིས་ཐེངས་འདིའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་གོ་སྐབས་སུ་བརྩིས་ཏེ། ཉམས་མྱོང་དང་བྱེད་ཐབས་སྤྱི་བསྡོམས་བྱེད་པ་དང་། ཐོན་ཁུངས་ལེགས་པོ་ཧྲག་སྡེབ་བྱས་ནས། ཐོན་ལས་འཕེལ་རྒྱས་གྱི་གཏིང་ཤུགས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། ཐོན་ལས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་ནང་སྐྱེད་སྒུལ་ཤུགས་དང་ཡོང་འཕར་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་སྐུལ་སྤེལ་བྱེད་པ་དང་། མང་ཚོགས་ཀྱི་ཡོང་སྒོ་རྒྱུན་ཆད་མེད་པར་བརྟན་བརླིང་གིས་འཕར་བར་སྐུལ་ཁྲིད་བྱེད་པ། མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ཐོན་ལས་ཀྱི་འཕེལ་རྒྱས་ཐེམ་སྐས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད། ། 

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྒྲོལ་སྐྱིད།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章