“གཅིག་སྒྲིལ་ནོར་ནག”ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཐོབ།

文摘   2024-11-26 16:53   青海  

 






གཅིག་སྒྲིལ་ནོར་ནགལ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཐོབ།







ཟླ11པའི་ཚེས20ནས་ཟླ11པའི་ཚེས21ཉིན། རྒྱལ་ཡོངས་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་ཆེད་མཁས་པ་དང་ཨུ་ཡོན་རྩ་འཛུགས་བྱས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་སོང་སྟེ་གསར་དུ་རྙེད་པའི་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་ཏེགཅིག་སྒྲིལ་ནོར་ནགལ་ཡུལ་དངོས་ཞིབ་བཤེར་བྱས། ཡུལ་དངོས་ནས་ཚད་འཇལ་གཏན་འཁེལ་དང་དཔྱད་གཞིའི་རྒྱུ་ཆ་འཚོལ་ཞིབ་བྱེད་པ། སྙན་ཞུར་ཉན་པ་དང་འདྲི་རྩད་བྱེད་པ་བཅས་ཀྱི་ཞིབ་བཤེར་རིམ་པ་བརྒྱུད་མཐར། ཆེད་མཁས་པའི་ཚོགས་པསགཅིག་སྒྲིལ་ནོར་ནགགི་འབྲེལ་ཡོད་རྒྱུ་ཆ་ནི་ཚད་ལྡན་དང་ཆ་ཚང་ཡིན་ལ། དཔལ་འབྱོར་གྱི་རང་བཞིན་གཏན་འཇགས་ཡིན་སྟབས་ཚོགས་སྤྱིའི་རྣམ་པ་ངེས་ཅན་ལྡན་པར་ངོས་འཛིན་བྱས་ཤིང་།སྒོ་ཕྱུགས་ཀྱི་རིགས་རྒྱུད་གསར་པའི་ཆ་འགྲིག་ཞིབ་དཔྱད་གཏན་འབེབས་དང་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་གསལ་འབྱེད་བྱེད་ཐབསཀྱི་འབྲེལ་ཡོད་བླང་བྱ་དང་མཐུན་པས། ཞིབ་བཤེར་ཐོབ་ཅིང་རྒྱལ་ཁབ་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་ཨུ་ཡོན་ལྷན་ཁང་དུ་ཐོ་འགོད་བྱས།

གཅིག་སྒྲིལ་ནོར་ནགནི་གཟུགས་སྟོབས་ཆེ་ཞིང་སྤུ་མདོག་ནི་རྒྱ་རྒྱ་རོག་རོག་ཤས་ཆེ་ལ་འོད་འཁྱུག་གེར་འདུག གཙོ་བོ་གཅིག་སྒྲིལ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི4000ཡན་གྱི་མཐོ་སྒང་གི་གྲང་ངར་ཆེ་བའི་ན་སྤང་དུ་ཡོད་པ་རེད། དེའི་ནད་འགོག་ནུས་པ་བཟང་ཞིང་བཀོལ་སྤྱོད་རིན་ཐང་ཆེ་ལ། འཚོ་སྐྱོང་བྱེད་བདེ་ལ་ཤ་དང་འོ་མ་ཞིམ་པས། ས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གྲུབ་ཆ་དང་དཔལ་འབྱོར་གྱི་ཡོང་སྒོ་གལ་ཆེན་ཞིག་ཡིན།གཅིག་སྒྲིལ་ནོར་ནགགི་རིགས་རྒྱུད་ཐོན་ཁུངས་རྙེད་པ་ཡིས་ས་གནས་ཀྱི་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། གཅིག་སྒྲིལ་རྫོང་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་སྒོ་ཕྱུགས་ཀྱི་རིགས་རྒྱུད་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

རྒྱུས་ལོན་པ་ལྟར་ན། གཅིག་སྒྲིལ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང“5369”མཚོན་བྱེད་དུ་བྱས་པའི་ཡུལ་དེ་གའི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཁེ་ལས་ཀྱི་ཟོང་རྟགས་ཧུར་ཐག་གིས་བཏོད་དེ། སྔ་རྗེས་སུ་མ་དངུལ་བཏང་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་སྐམ་ས་དང་གྲུ་ཁའི་ཕྱུགས་ཟོག་ཉོ་ཚོང་རྟེན་གཞི་དང་། འོ་མའི་ཐོན་རྫས་ལས་སྣོན་བཟོ་གྲྭ། རྫ་ར་སྡེ་བའི་སྟོང་ནོར་གསོ་ཚགས་རྟེན་གཞི་སོགས་ཐོན་ལས་རིགས་ཀྱི་ལས་གཞི་མང་དག་ཅིག་ལག་བསྟར་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་སྟབས་བདེ་དང་རགས་ལས་བྱེད་པ་ནས་ལྗང་མདོག་དང་འཁོར་རྒྱུག་ཅན་ལ་བསྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ད་ལྟའི་བར་དུ་མ་རྐང་ལམ་ལུགས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང22བཙུགས་པ་དང་། ཕྱུགས་ལས་ཐོན་ལས་ཅན་གྱི་གསོ་སྤེལ་རྟེན་གཞི24དང་སྐྱེ་ཁམས་ཁྱིམ་ཚང་ཕྱུགས་ར7བསྐྲུན་ཡོད་པ་རེད།

རྒྱལ་ཁབ་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལུའོ་ཞའོ་ལིན་གྱིས་བཤད་རྒྱུར། “གཅིག་སྒྲིལ་ནོར་ནག”གི་ཞིབ་བཤེར་ལ་ལེགས་འགྲུབ་བྱུང་པ་ཡིས་གཅིག་སྒྲིལ་རྫོང་གི་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྩལ་བར་མ་ཟད། རྒྱལ་ཁབ་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་གི་སྲུང་སྐྱོང་དང་བེད་སྤྱོད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པས། མུ་མཐུད་དུ“གཅིག་སྒྲིལ་ནོར་ནག”རྒྱུད་བཟང་བདམས་ཏེ་འཚོ་སྐྱོང་དང་སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་པའི་འཆར་འགོད་ལ་ཤུགས་བསྣན་ཏེ། གཅིག་སྒྲིལ་རྫོང་གི་ཕྱུགས་ལས་རིགས་སྒྱུར་རིམ་སྤར་བྱེད་པར་ནུས་པ་འདོན་དགོས། །

ཡོང་ཁུངས། གཅིག་སྒྲིལ་རྫོང་རོང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས།


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章