ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཀྱིས་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

文摘   2024-12-01 09:52   青海  

 






ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཀྱིས་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

འཕྲིན་གཏོང་པ། ནོར་བུ་རྒྱ་མཚོ།








ཁོངས་གཏོགས་ས་ཁུལ་གྱི་སློབ་གྲྭའི་ཟས་རིགས་བདེ་འཇགས་ཞིབ་བཤེར་ལས་དོན་ལ་སྔར་ལས་ཤུགས་སྣོན་པ་དང་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་ནས་རྒྱ་ཆེའི་དགེ་སློབ་ཚོའི་ཟས་རིགས་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར། ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཀྱིས་རྩ་འཛུགས་བྱས་ཏེ་སློབ་གྲྭའི་ཟས་རིགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་འབོད་བརྡ་བཏང་ནས་སློབ་གྲྭ་ཆུང་འབྲིང་མང་པོར་བསྐྱོད་དེ་ཕྱོངས་ཡོངས་དང་ཞིབ་ཕྲའི་སྒོ་ནས་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་བྱེད་པའི་བྱ་བ་བསྒྲུབས།

ཐེངས་འདིར་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་བྱེད་པའི་བྱ་བའི་ཁྲོད་ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཀྱིས་སློབ་གྲྭའི་ཟ་ཁང་གི་ཕྱོགས་ཡོངས་ལ་ཞིབ་བཤེར་བྱས་ཤིང་། གཙོ་བོ་ཟས་རིགས་གཉེར་སྐྱོང་གི་འཛིག་ཡིན་དང་ལས་གཉེར་མི་སྣའི་བདེ་ཐང་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་དང་དེ་མིན་ཟས་རིགས་ཉོ་སྒྲུབ་ཀྱི་རྩིས་ཐོ། ཟས་རིགས་གསོག་ཉར་ཆ་རྐྱེན། ཟས་རིགས་ལས་སྣོན་བརྒྱུད་རིམ། ཟས་རིགས་ཡོ་བྱད་དུག་སེལ། ཟས་རིགས་རྒྱུ་ཆའི་ཐོན་ཁུངས་ཚད་ལྡན་ཡིན་མིན། དུས་ཡོལ་ཀྱི་ཟས་རིགས་ཡོད་མེད། ཟ་ཁང་གི་གཙང་སྦྲ་སོགས་གཙོ་གནད་བྱ་བར་ཞིབ་བཤེར་བྱས།  ཞིབ་བཤེར་བྱེད་སྐབས་ཟས་རིགས་མ་དཔེ་གསོག་ཉར་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་དམིགས་བསལ་གྱིས་ཞིབ་བཤེར་བྱས་ནས་ཟས་རིགས་བདེ་འཇགས་ཀྱི་གནད་དོན་ཐོན་མ་ཐག་མགྱོགས་མྱུར་སྒོས་འབྱུང་རྩ་ཁུངས་འདེད་བྱེད་ཐུབ་པ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་ཐུབ་པར་འགན་ལེན་བྱས། སློབ་གྲྭ་ཁག་ཅིག་གི་ཟ་ཁང་དུ་ཟས་རིགས་རྒྱུ་ཆ་བཤམས་པ་ཚད་ལྡན་མིན་པ་དང་ཟ་ཁང་གི་གཙང་སྦྲ་མི་ལེགས་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་རྗེས། ཞིབ་བཤེར་མི་སྣས་འཕྲལ་མར་སློབ་གྲྭར་ཡར་ཞུ་བྱས་པ་དང་། ཡུལ་དངོས་ནས་བཅོས་སྒྲིག་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་གནད་དོན་དུས་ཐོག་ཏུ་ཐག་གཅོད་པར་འགན་ལེན་བྱས།

ལས་རིམརྗེས་མར། ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཀྱིས་སློབ་གྲྭ་དང་དེ་མིན་ཉེ་འཁོར་གྱི་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ཕུགས་ཕན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་དགེ་སློབ་ཚོའི་ཟས་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ། ཟས་རིགས་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་ཟས་རིགས་བདེ་འཇགས་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་བཏང་སྟེ། བདེ་འཇགས་དང་སྐྱོན་བྲལ། ཞི་མཐུན་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章