ཐུན་ཏེ་རྫོང་གིས་སྡེ་བའི་ཏང་རྩ་འཛུགས་སྟོབས་ལྡན་དུ་བཏང་བ།

文摘   2024-11-28 09:00   青海  







ཐུན་ཏེ་རྫོང་གིགནད་འཁེལབཞི་ཡིས་ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་སྟོབས་ལྡན་དུ་བཏང་བ།

ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས“གནད་འཁེལ་ངོས་ཟིན་གྲལ་བཤེར་དང་གནད་འཁེལ་སྟོབས་ཤུགས་བདམས་མངགས། གནད་འཁེལ་བཅོས་སྐྱོང་ཤུགས་འདོན། གནད་འཁེལ་དཀའ་གནད་བསལ་བ”བཅས་ཀྱི་བྱེད་སྟངས་བཞི་ལ་བརྟེན་ནས། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལ་རྒྱུན་རྣམ་ཅན་གྱི་དག་ཐེར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ“ནུས་མེད་ལྷོད་གཡེང”ནས“ནུས་ཤུགས་གཅིག་བསྒྲིལ”ཏུ་བསྒྱུར་བར་ཏན་ཏིག་གིས་སྐུལ་འདེད་བཏང་།

གནད་འཁེལ་གྲལ་བཤེར་གྱི་བརྟག་དཔྱད་ཇེ་དྲག་ཏུ་བཏང་བ། “གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་བཤེར་དང་ཞང་དང་གྲོང་རྡལ་ཏང་ཨུས་སྡེ་བ་རེར་བསྐྱར་ཞིབ་བྱེད་པ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་འབྲེལ་དཔྱད་ཞིབ”བྱེད་པའི་ཐབས་སྤྱད་པ་དང་། སྡེ་བ་རེར“དྲ་བ་འཐེན་པའི་རྣམ་པས”གྲལ་བཤེར་བྱས་ཏེ། “སྡེ་བའི་གནས་ཚུལ་གྱི་ཡིག་ཚགས”གྲུབ། སྡེ་བའི་ཏང་རྩ་འཛུགས་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཚད་ལེན་དཔྱད་ཞིབ་དང་རིམ་པ་དཔྱད་སྡུར་གྱི་ངེས་རིགས་བྱ་བ་ཏན་ཏིག་གིས་འགོ་བརྩམས་པ་དང་། ཞང་དང་གྲོང་རྡལ་ལ་སྙན་ཞུ་བྱས་པའི་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་མིང་ཐོ་རེ་རེ་བཞིན་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། མཐིལ་རྟོགས་གནད་འཁེལ་མིན་པ་དང་གནད་དོན་ལ་མི་དམིགས་པ། དག་ཐེར་བཅོས་སྐྱོང་མཐའ་འཁྱོལ་མིན་པ་མཐའ་གཅིག་ཏུ་སྔོན་འགོག་བྱས།

གནད་འཁེལ་སྟོབས་ཤུགས་བདམས་མངགས་ཀྱིས་སྟོབས་ཤུགས་གོང་བུར་བསྒྲིལ་བ། རྫོང་རིམ་པའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི1གིས་སྡེ་བར་འབྲེལ་གཏུག་བྱེད་པ་དང་ཞང་གྲོང་གི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི1གིས་སྡེ་བ་འགན་ལེན་བྱེད་པ། ཧྲུའུ་ཅི་དང་པོ1སྡེ་སྡོད་བྱེད་པ། རྫོང་རིམ་པའི་ལས་ཁུངས་དང་སྡེ་ཁག1གིས་ཆ་སྒྲིག་བྱས་པའི“གཅིག་ཅན་བཞི”ཡི་དག་ཐེར་སྟོབས་ཤུགས་གཟབ་ནན་གྱིས་དངོས་འབེབས་བྱེད་པ། སྲིད་ཇུས་དང་མ་དངུལ། ལས་གཞི་སོགས་ཐོན་ཁུངས་གཅིག་འདོམས་བེད་སྤྱོད་བྱས་ཤིང་། རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་མཉམ་འགུལ་སྟོབས་ཤུགས་ཀྱིས་དག་ཐེར་བྱ་བར་སྐུལ་འདེད་བཏང་། གོ་རིམ་རང་བཞིན་གྱི་བྱ་བ་གཙོ་བོར་ཟུང་འབྲེལ་བྱས་ཏེ། སྟོབས་ཤུགས་གཅིག་བསྒྲིལ་གྱིས་དག་ཐེར་ལེགས་འཛིན་བྱས།

གནད་འཁེལ་བཅོས་སྐྱོང་གིས་མི་འདང་ས་ཁ་བསྐངས་པ། ཐུན་ཏེ་རྫོང་གི་ནུས་མེད་ལྷོད་གཡེང་སྡེ་བའི་ཏང་རྩ་འཛུགས་དག་ཐེར་མཐོར་འདེགས་གཏོང་བའི“སྡེ་བ་རེར་སྲིད་ཇུས་རེའི”ཇུས་གཞིསྒྲིག་བཟོ་གཏན་འབེབས་བྱས་ཏེ། གནད་དོན་ཞིབ་ཐོ་དང་བྱེད་སྟངས་ཞིབ་ཐོ། འགན་འཁྲི་ཞིབ་ཐོ། དག་ཐེར་བྱ་བའི་རྩིས་ཐོའི“ཞིབ་ཐོ་གསུམ་དང་རྩིས་ཐོ་གཅིག”བཙུགས། སྡེ་བའི་ཏང་རྩ་འཛུགས་ཀྱི་དཔུང་སྡེ་འཛུགས་སྐྲུན་གྱི་མི་འདང་སར་དམིགས་པ་དང་། སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བའི་འགུལ་སྐྱོད་འཆར་གཞི་གོ་སྐབས་ཤིག་ཏུ་བརྩིས་པ། འགོ་ཁྲིད་གྲུབ་ཚུལ་རིམ་བཞིན་ལེགས་བསྒྱུར་བྱས་ཏེ། སྡེ་བའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཆུང་གིས་བྱ་བ་སྒྲུབ་ཐུབ་པ་དང་བྱ་བ་བསྒྲུབས་ནས་འགྲུབ་ཐུབ་པ། བྱ་བ་ལེགས་པོར་སྒྲུབ་པའི་བརྡ་རྟགས་བསྟན།

དཀའ་གནད་གནད་འཁེལ་གྱིས་བསལ་ཏེ་རྨང་གཞི་བརྟན་པོར་བཏང་བ། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཀྱི་དག་ཐེར་བྱ་བའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་རྩ་འཛུགས་བྱས་ཏེ་འཚོགས་པ་དང་། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལྟེ་བར་བཟུང་སྟེ། གཞི་རིམ་ཏང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ནུས་ལྡན་དུ་གཏོང་བར་སྐུལ་འདེད་བྱས། མ་དངུལ་སྒོར་ཁྲི211བཏང་ནས་སྡེ་བ་རིམ་པའི་ཏང་དམངས་ཞབས་ཞུ་ལྟེ་གནས30ཞིག་གསོ་བྱས་ཏེ། ཏང་གི་སྲིད་འཛིན་རྩ་བ་ཏན་ཏིག་གིས་བརྟན་པོར་བཏང་། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རྡོ་རྗེ་རིན་ཆེན།
སྒྲིག་སྦྱོར་པ། རྡོ་རྗེ་རིན་ཆེན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章