ཐུན་ཏེ་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པ།

文摘   2024-11-19 11:30   青海  

 






ཐུན་ཏེ་རྫོང་གིས་སློབ་སྦྱོང་རྒྱུན་རྣམ་ཅན་དང་གཏིང་ཟབ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ།

འཕྲིན་གཏོང་པ། ཚེ་རིང་དོན་གྲུབ།








ཉེ་སྔོན། ཐུན་ཏེ་རྫོང་གི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་དང་པོ་དང་། མི་རིགས་ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ་ལས་སྒོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཐུན་ཏེ་རྫོང་ཨུའི་ཏང་གི་སློབ་གྲྭར་བསྡུས། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་རྒྱལ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་སྐུལ་སློང་གི་གཏམ་བཤད།

བཀྲ་ཤིས་རྒྱལ་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན། གོམ་པ་རིམ་བགྲོད་གཏིང་ཟབ་དང་རྒྱུན་མཐུད་ཟབ་སྤེལ། རིམ་པ་ཁག་གི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིངགིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། ཐུན་མོང་གི་ངོས་འཛིན་གཅིག་མཐུན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྒོ་ཀུན་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བསམ་པ་གཅིག་མཐུན་ཡོང་བར་བྱེད་དགོས།

བཀྲ་ཤིས་རྒྱལ་གྱིས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ལ་ཐེངས་འདིའི་གསོ་སྦྱོང་དེ་རང་ཉིད་ཀྱི་ཤེས་བྱའི་ནུས་པ་མཐོ་རུ་གཏོང་བ་དང་། རང་ཉིད་འཕེལ་རྒྱས་གཏོང་བའི་ཕན་ཡོད་གོ་སྐབས་ཤིག་ཏུ་བརྩིས་ནས་སློབ་སྦྱོང་གཏིང་ཟབ་དང་ངེས་ཤེས་ཟབ་མོའི་ཁྲོད་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ་དང་། བསམ་གཞིགས་བྱེད་ནུས་དང་ལག་ལེན་བྱེད་ནུས་ཇེ་མཐོར་གཏོང་བ། རང་འགུལ་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བྱས་རྗེས་འབུལ་བའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་གྱིས་བྱ་བ་ནན་མོར་བསྒྲུབ་པའི་ཐད་ལ་གཅིག་བསྡུས་བྱས་ཏེ། བསམ་ཕྱོགས་གསལ་བ་དང་རང་གཅུན་ནན་མོ་བྱེད་པའི་དངོས་སྒྲུབ་བྱེད་ཐབས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐུན་ཏེ་གསར་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཞང་དང་གྲོང་རྡལ་སོ་སོ་དང་། ལས་ཁུངས་དང་སྡེ་ཁག་སོ་སོའི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པ70ལྷག་དང་དགོན་པར་སྡོད་པའི་ལས་བྱེད་པ་བཅས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས། 


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章