ཞིན་ཧེ་རྫོང་གིས་ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཀྱི་རིམ་པ་སྤར་བར་སྐུལ་འདེད་བཏང་བ།
གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི་བཙན་རྫོང་བཟོ་འགོད་འཛུགས་སྐྲུན་ཏན་ཏིག་གིས་སྐུལ་འདེད་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་གནད་དོན་ལ་དམིགས་ནས་གནད་འགག་འཛིན་པ་དང་དཀའ་གནད་ལ་དམིགས་ནས་ཐབས་ཇུས་འདོན་པ། སྔོན་ཐོན་ལ་བསྡུར་བ་བྱས་ཏེ་གྲུབ་འབྲས་ལ་སྐུལ་འདེད་བྱེད་པ། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་ཞིག་མཁོ་སྤྲོད་བྱས།
“གནད་འཁེལ་ངོས་ཟིན”གྱིས་དག་ཐེར་ལེགས་འཛིན་བྱས་པ། སྔ་གཞུག་ཏུ་རྫོང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་གྱི་བཀོད་སྒྲིག་ཚོགས་འདུ། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་སྐུལ་འདེད་གྲོས་ཚོགས་རྩ་འཛུགས་བྱས་ཏེ་འཚོགས་པ་དང་། ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱེད་པ། དུས་བཅད་ལྟར་སྐུལ་ཁྲིད་དང་མཛུབ་སྟོན་བྱས་ཏེ། བྱ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས། སྡེ་བའི་ཏང་རྩ་འཛུགས་ཀྱི“བཙན་རྫོང་སྟོན་གྲངས”ཀྱི་དྲང་ཕྱོགས་ཞིབ་ཐོ་དང་སྡེ་བ་རིམ་པའི་གནད་དོན་དང་ཉེན་ཁ་གྲལ་བཤེར་ངོས་འཛིན་གྱི་ལྡོག་ཕྱོགས་ཞིབ་ཐོར་གཞིགས་ནས། སྡེ་བ་རེ་རེ་ནས་གནད་དོན་དང་ཉེན་ཁ་གྲལ་བཤེར་བྱས་པ་དང་། མཇུག་མཐར་རྩི་གོར་ཐང་གྲོང་རྡལ་རྔ་རྡུང་སྡེ་བ་ནུས་མེད་ལྷོད་གཡེང་གི་སྡེ་བར་གཏན་འཁེལ་བྱས།
“གོང་འོག་མཉམ་ལས”ཀྱིས་ཐབས་ཇུས་བཏོན་པ། རྫོང་ཨུས“སྡེ་བ་རེར་སྲིད་ཇུས་རེའི”དག་ཐེར་མཐོར་འདེགས་ཇུས་གཞི་ལ་ཞིབ་འཇུག་དང་གྲོས་ཞིབ་བྱེད་པ་དང་། “གཅིག་ཅན་བཞི”ཡི་བྱ་བའི་བླང་བྱ་གཟབ་ནན་གྱིས་དངོས་འབེབས་བྱེད་པ། “ཞིབ་ཐོ་གསུམ་དང་རྩིས་ཐོ་གཅིག”བཙུགས་པ། “མཐིལ་རྟོགས་བརྟག་ཞིབ་ཐེངས་གཅིག་སྤེལ་བ་དང་ཆེད་དོན་ཏང་གི་སློབ་ཁྲིད་ཐེངས་གཅིག་བྱེད་པ། དྲིལ་སྒྲོག་སློབ་གསོ་ཐེངས་གཅིག་རྩ་འཛུགས་བྱེད་པ། འཕེལ་རྒྱས་འཆར་འགོད་ཆ་ཚང་ཞིག་སྒྲིག་བཟོ་གཏན་འབེབས་བྱེད་པ། ཚད་གཞིར་སླེབས་མེད་པའི་ཏང་ཡོན་ཁག་ཅིག་ཐག་གཅོད་བྱེད་པ”སོགས་ཀྱི་བྱེད་སྟངས་བརྒྱུད། ནུས་ཤུགས་གང་ཡོད་ཀྱིས་ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས།
“སྟོབས་ཤུགས་གང་ཡོད”ཀྱིས་གྲུབ་འབྲས་བླངས་པ། འཚོ་བའི་ལམ་ལུགས་གཟབ་ནན་སྒོས་རྩ་འཛུགས་བྱེད་པ་དང་། ཏང་ཡོན་སློབ་གསོའི་དོ་དམ་ལ་ཤུགས་སྣོན་པ། ཚད་གཞིར་སླེབས་མེད་པའི་ཏང་ཡོན་སྒྲིག་སྲོལ་ལྟར་ཐག་བཅད་དེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། རྔ་རྡུང་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་མཐོར་འདེགས་དང་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སོགས་ཀྱི་ཕྱོགས་ལ་དམིགས་ནས་སྡེ་བའི་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་དང་སྒྲིག་བཟོ་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཐོན་ལས་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས། གཞི་རིམ་བཅོས་སྐྱོང་གི་གཞི་རྩའི་གནས་ལ་དམིགས་པ་དང་། 《ཞིབ་ཐོ་ལམ་ལུགས་ཀྱི་བཅོས་སྐྱོང་སྟོན་ཕྱོགས》ཞིབ་འཇུག་དང་སྒྲིག་བཟོ་བྱེད་པ། ལོ་རྒྱུས་ཤུལ་བཞག་གི་འགལ་རྩོད5ནུས་ལྡན་གྱིས་ཐག་གཅོད་བྱེད་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དོན་ཚན30ཚབ་སྒྲུབ་དང་རོགས་སྒྲུབ་དང་མཉམ་སྒྲུབ་བཅས་བྱས་ཏེ། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཀྱི་རིམ་པ་སྤར་བར་ནུས་ལྡན་གྱིས་སྐུལ་འདེད་བྱས། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།