གཅིག་སྒྲིལ་རྫོང་གིས་ས་འོག་སྦུ་གུ་བསལ་ནས་དམངས་སེམས་དྲོ་བར་བྱས།

文摘   2024-11-20 15:30   青海  

གཅིག་སྒྲིལ་རྫོང་གིས་ས་འོག་སྙིགས་ཆུའི་སྦུ་གུ་བསལ་ནས་དམངས་སེམས་དྲོ་བར་བྱས།

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཉན་ཀྲེ་སྡོད་ཁུལ་གྱི་སྡོད་མངས་ཀྱིས“ཁྱིམ་གྱི་ས་འོག་སྙིགས་ཆུའི་སྦུ་གུ་འགག་པས། སྙིགས་ཆུ་ཕྱིར་འཕྱུར་ནས་ཁྱིམ་གྱི་ཇ་ཁང་ལ་འགྲོ་ཐབས་མི་འདུག”ཟེར། གནད་དོན་འདི་ལ་དམིགས་ནས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མགྱོགས་མྱུར་ངང་སྡེ་ལས་ཀྱི་ལས་བྱེད་མི་སྣ་དང་འབྲེལ་བ་བྱས་ཏེ། ཁྱིམ་ལ་སོང་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འགག་གནས་གང་ན་ཡོད་པ་གཏན་འཁེལ་བྱས། 

དེའི་སྐབས་སུ། སྡེ་ལས་ཀྱི་ལག་རྩལ་མི་སྣས་ཆེད་ལས་སྒྲིག་ཆས་ཁྱེར་ཡོང་ནས་འཕྲུལ་ཆས་ཀྱིས་སྦུ་གུའི་ནང་གི་འགག་ཡོད་པའི་གནས་བཙལ་ནས་སྙིགས་རོ་བསལ་ཏེ་གནད་དོན་ཐག་གཅོད་བྱས། དེ་རྗེས། སྦུག་ལམ་བརྐོས་ནས་སྦུ་གུ་རྙིང་པ་གསར་པར་བརྗེ་བ། སྦུག་ལམ་གྱི་ས་འདམ་དང་གད་སྙིགས་གཙང་སེལ་སོགས་བྱས་པ་དང་། མཐའ་མར་ཉིན་འགའི་རིང་གི་འབད་བརྩོན་བརྒྱུད་དེ། སྡོད་དམངས་ཀྱི་སྙིགས་ཆུའི་སྦུ་གུ་འགག་པ་དང་ས་འོག་ཆུ་ཕྱིར་འཕྱུར་བ་སོགས་ཀྱི་གནད་དོན་རྩ་བ་ནས་ཐག་བཅད། 
མང་ཚོགས་ཀྱི་བྱ་བར་ཆེ་ཆུང་མེད་པས། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ནམ་ཡང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་དགོས་མཁོ་ལ་གཞི་བཙུགས་ཏེ། བློ་སེམས་རྩེ་གཅིག་གིས་མང་ཚོགས་ཀྱི་དཀའ་ཁག་སེལ་བ་དང་། དོན་བཟང་སྒྲུབ་པ། དོན་དངོས་སྒྲུབ་པ་བཅས་བྱས་ལ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་དངོས་གནས་ཐག་བཅད་པ་དང་། སྡོད་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ནས་ཇེ་དྲགས་ལ་བཏང་། །
ཡོང་ཁུངས། གཅིག་སྒྲིལ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章