དཔལ་འབར་ཚང་།
པྲ་ཚགས་ཀྱི་ཁྲོད་དུ་ནར་སོན་པའི་སྤྲུལ་སྐུ་ཁོང་ཉིད་
དཔལ་འབར་དུ་ལོག་དགོས་འདུག
དཔལ་འབར་གྱིས་ཁོང་ཉིད་ཅི་འདྲ་དྲན་པ་ནི་ངས་མི་ཤེས་ཤིང་
དེ་དུས་ཀྱི་དཔལ་འབར་གྱིས་
སྟོན་གྱི་རང་མདངས་ཅི་འདྲ་ཞིག་གི་ཁྲོད་ནས་ཁོང་ཉིད་ལ་སྒུག་ཡོད་པ་དེ་བས་ཀྱང་མི་ཤེས་
ངས་ཤེས་པ་ནི་ཉིན་མོ་དེའི་སྤྲིན་དཀར་ནི་
ཁ་བཏགས་ལྟར་དཀར་ཞིང་གཙང་ལ་
དད་ལྡན་གྱི་ཁྲོད་དུ་
པྲ་ཚགས་ཆེ་བའི་བྱིས་པ་མང་པོ་ཞིག་ཡོད་སྲིད་
སྤྲུལ་སྐུ་ཁོང་ཉིད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་རེ་སྒུག་མཁྱེན་སྲིད་ལ་
ཁོང་ཉིད་ཀྱིས་ཀྱང་རེ་སྒུག་དེ་དག་ལ་རེ་སྒུག་བྱེད་ངེས་
དེ་བས་ ཁོང་ཉིད་དཔལ་འབར་ནས་ཐོན་ཅིང་དཔལ་འབར་དུ་སླེབས་དགོས་
དེ་ནི་རང་ཉིད་ནས་ཐོན་ཅིང་རང་ཉིད་ཀྱི་པང་དུ་ལོག་པ་དང་མཚུངས་
དོན་དུ་
དཔལ་འབར་མེད་ལ་ཁོང་ཉིད་ཀྱང་མེད་
ཡོད་པ་ནི་རྩྭ་ཐང་དང་གངས་རི་ ད་རུང་པྲ་ཚགས་ཆེ་བའི་བྱིས་པ་དེ་
ཡང་འདི་དག་ཡོད་ཚད་ནི་
རེ་སྒུག་གི་ཆེད་དུའོ། །
ཝུའུ་ཡིས་བྲིས། ༢༠༡༨/༡༠/༡༦ པེ་ཅིན་ནས།
དཔལ་འབར་ཚང་།边坝仓:
边坝活佛
那个顽童长成的活佛
要回边坝了
我不知边坝有多想他
更无法想象此时的边坝
会以怎样的秋色等他
但我知道那天的云
肯定都和哈达一样白
而夹道的信众中
肯定也有不少嬉闹的顽童
活佛明白四面八方的期待
他肯定也期待着这些期待
所以他必须走出边坝再回到边坝
就如走出自己再回到自己
其实
没有边坝也没有活佛
有的是草场雪山以及那个顽童
而这一切都是因为
期待
武毅 2018 10 16 北京