མདོ་མེད་ཡོད་ཚད་ནི་གླེང་རིན་མེད་པའི་ཉི་མ་སྟོང་ཟད་རེ་རེ་ལན།
一切的枉然
归罪于每一个不曾翩翩起舞的日子
ངས་གློ་བུར་དུ་མི་དེ་ཡིད་ལ་དྲན། ཁོ་ནི་མ་གཞི་ངོ་སོ་ཆེ་བས། ཆང་རྐྱལ་ཞེས་པའི་མིང་འདི་ནམ་ཞིག་ལ་ཐོབ་པ་མི་ཤེས། རྒྱུ་རྐྱེན་ག་གེ་མོ་ཞིག་གི་དབང་གིས་ཡིན་ཤས་ཆེ། དེ་ནི་བདེན་གཤིས་ཁྲོད་ལྷན་སྐྱེས་ཀྱི་“རང་ཉིད་རྩ་བརླག་”ཏུ་འགྲོ་བའི་ཕྱོགས་ལྷུང་ཞིག་ཡིན་ཤས་ཆེ། དེ་བཞིན་རང་ཉིད་དང་མི་གཞན་གྱི་སྤྲོ་སེམས་ཡོད་ཚད་ཟོལ་བརྫུ་བྱས་པའི་གོང་མ་ནས་གནས་པའི་གཤིས་ལུགས་ཤིག་ཡིན།
དེ་དང་ཏག་ཏག་འགལ་ཡང་ཡོད་སྲིད། དེ་ནི་རང་གཅེས་མིན་པའི་མཚོན་ཚུལ་འོག་ཏུ་ཡིབ་པའི་ཐོག་མའི་རང་གཅེས་ཟབ་མོའི་རང་གཤིས་ལ་བརྟེན་ནས་བྱུང་བ་ཞིག་རེད། ངས་དེ་ལྟར་འདང་རྒྱག་ཞོར། ལག་ནང་གི་ཁོ་ཧྥེ་ཡང་འཁྱགས་སོང་།
དེ་ནི་གྲང་ངར་ཆེ་བའི་ཕྱི་དྲོ་ཞིག་རེད། ངའི་བསམ་བློ་ཚང་མ་བཅར་འདྲི་བ་ཞིག་གིས་བསླངས་བའི་རྙོག་འཛིང་གི་དོན་དག་ཅིག་གི་སྟེང་དུ་འཁོར་ཡོད།
“ང་ཚོའི་སྡེ་བའི་ནང་དུ་འདྲེ་བྱུང་བའི་དོན་དེ། ཁྱོད་ཀྱིས་ཀྱང་གོ་ཐོས་བྱུང་སོང་ངམ། མི་མང་པོ་ཞིག་གིས་དེ་མཐོང་བར་མ་ཟད་ངོ་ཡང་ཤེས་སོང་། དེའི་ཁྲོད་ཀྱི་མི་འགའ་སྐྲག་ནས་སྨན་ཁང་དུ་བསྡད་འདུག”ཅེས་བཤད། ཁོས་འཚབ་འཚུབ་ངང་བཤད་དོན། “དངོས་པོ་”དེ་གོ་ཐོས་ལྟར་ན་ཅུང་མ་འགོར་བའི་སྔོན་ལ་ཤི་སོང་བའི‘ཆང་རྐྱལ་ཆུང་ཆུང་’དེ་རེད་ཟེར། མིག་གཉིས་མེད་པ་ཙམ་ལས་ངོ་ད་དུང་བྱིས་པ་དེ་མ་ཤི་བའི་སྔོན་གྱི་ངོ་རེད། ཁོ་མཐོང་བའི་མི་ཚང་མས་གྱོན་གོས་དང་གཟུགས་བྱད་སོགས་གང་ཅིའི་ཐད་ནས་ཁོ་འཁྲུལ་མེད་ཡིན་པར་ངོས་འཛིན། ཨེ། དོན་དག་འདི་ཚོ་ཅི་རེད། བྱིས་པ་དེ་གསོན་པའི་དུས་སུ་ཕལ་ཆེར་ཡོད་ཚད་ཤོར་སོང་། ཤི་རྗེས་བར་དོ་ནས་མ་ཐར་བར་རྣམ་ཤེས་འཁྱམ་པོ་ཞིག་ཏུ་གྱུར་སོང་། ངོ་མའི་སྙིང་མ་རྗེ། ཨེ། ”
ངས་“མིག་གཉིས་མེད་སོང་། མིག་གཉིས་ཀྱང་མེད་སོང”ཞེས་ཆིག་ལབ་བྱེད་ཞོར་མིག་གིས་སྒེའུ་ཁུང་གི་ཕྱི་རོལ་དུ་བལྟས། སྤྱང་ཚེར་གྱིས་གང་བའི་ཐང་ལ་རླུང་བུ་འཇམ་པོ་ཞིག་ལྡང་བས། མ་གཞི་ལྷིང་འཇགས་ཀྱི་རང་བྱུང་ཁམས་ཆེན་མོར་གསོན་ཉམས་དོད་པའི་ཉམས་འགྱུར་ཞིག་གིས་ཁེངས།
སྤྱང་ཚེར་གྱི་སྨུག་མདོག་གིས་མཐའ་འཁོར་གྱི་སྤྱིར་བཏང་གི་རྩྭ་ཤིང་ཕལ་བ་དག་ལའང་སྨོན་འདུན་ཐེབས་སུ་བཅུག གོ་ཐོས་སུ་འདིའི་དོན་སྙིང་ནི་ས་ཆེན་ལྷ་མོས་སྙན་ངག་པ་ལ་གཏིང་ཟབ་པའི་བརྩེ་བ་མཚོན་པའི་མེ་ཏོག་ཡིན་ཞེས་ཟེར། དེ་ནི་འཕགས་མོས་ཡེ་ཤུའི་འཛེར་མ་ས་འོག་ཏུ་སྦས་ནས་སྐྱེས་པ་ཡིན་ཟེར།
ངས་བསམ་བློ་གཏོང་བཞིན་པ་ནི། ཚེར་མ་དེ་ནི་ཐུར་དུ་དཔྱང་བའི་ཁབ་རྩེ་ཇི་བཞིན། ཡེ་ཤུ་དཀའ་ངལ་མྱོང་བྱེད་ཀྱི་འཛེར་མ་དེ་ཡིན་ན། དེས་“ཆང་རྐྱལ་ཆུང་ཆུང་”གི་རྣམ་ཤེས་དེ་ལྷིང་འཇགས་ཀྱི་ཐང་སྟོང་འདིར་གྲོལ་ནས། ས་གཞི་འདིའི་ལྷིང་འཇགས་ཅུང་ཙམ་ཚོར་ཐུབ་བམ།
“ཆང་རྐྱལ་”ཞེས་པའི་མིང་འདིས་བདག་ལ་འདས་ཟིན་པའི་ན་གཞོན་དེ་དྲན་དུ་བཅུག ཁོ་ནི་མ་གཞི་སྤྱོད་ཡོན་གཉིས་ལྡན་གྱི་བྱིས་པ་དེ་མ་ཡིན་ནམ། འོད་མདངས་ཀྱིས་ཕྱུག་པའི་མིག་ཟུང་ལས་སེམས་བཟང་བའི་འོད་སྣང་འཚེར་བཞིན་པའི་བྱིས་པ་ཁོག་འཛིན་ཅན་ཞིག་ཡིན།
ངའི་ཕྱིར་དྲན་ཁྲོད་དུ། ཁོ་ནི་བུ་མོ་རྣམས་ཀྱི་ཡིད་ཀྱི་དབང་འཕྲོག་པའི་གཞོན་ནུ་ཞིག་ཡིན། ལྷག་པར་དུ་གཏིང་ཟབ་པའི་མིག་ཟུང་དེ་གཉིས། ད་ནི་རང་གི་བདག་པོའི་སེམས་དང་མཉམ་དུ་མི་རྟག་པའི་མཆན་འགྲེལ་ཞིག་ཏུ་གྱུར་པ་ཙམ་ཡིན། དེ་འདྲའི་མི་གཤིས་འཇམ་ཞིག་ཇི་ལྟར་སྨྱོ་སྲིད། ཆང་རྐྱལ་ཞིག་ཏུ་གྱུར་དོན་ཅི་ཡིན་ནམ། མི་མེད་ལུང་སྟོང་གི་ཕྱི་རོལ་དུ་འཁྱམ་པའི་རྣམ་ཤེས་ལྟ་བུ་ཞིག་ཏུ་གྱུར་དོན་ཅི་ཡིན།
དགུན་ཁ་སླེབས་པའི་མཚན་མོ་ག་གེ་མོར། ངས་“ན་གཞོན་”དེ་ཕལ་ཆེར་བརྗེད་ལ་ཉེ་བའི་དུས་དེར། ང་རང་སླར་ཡང་དོན་དངོས་ཀྱིས་ཁོ་རང་ཕྱིར་དྲན་གྱི་ཀློང་དུ་ཁྲིད།
དགོང་མོ་དེར་སྒེའུ་ཁུང་ཕྱི་རོལ་དུ་ཁ་བས་བཀླུབས་ནས་ཁ་བའི་ལྗོངས་ཤིག་ཆགས་ཤིང་། བྱང་རླུང་ཕྲན་བུ་ཞིག་དལ་གྱིས་ལྡང་ཞིང་། ཡུལ་ལྗོངས་ཡོད་ཚད་ལ་ངའི་སྐྱོ་སྣང་གི་སེམས་ཁམས་དང་མཉམ་དུ་སད་ཀྱིས་བཀླུབས་པ་དང་འདྲ། ཁ་བ་བུ་ཡུག་འཚུབ་པའི་མཚན་མོ་དེར། སྒེའུ་ཁུང་གི་ཕྱི་རོལ་དང་ཐག་མི་རིང་བའི་ཁ་བའི་དེའུ་འབུར་གྱི་སྒང་ནས། ངས་གློ་བུར་དུ་དཀའ་སྡུག་གི་ཁྲོད་ན་འཁྱམ་པའི་གཞོན་ནུ་དེ་སེམས་ལ་འཁོར་སོང་།
གསོན་ཉམས་མེད་ཅིང་མིག་གཉིས་མེད་པ་ལས་གཞན། སྔར་བཞིན་ཁོ་ཡིན་པ་དང་། སྔར་བཞིན་གནམ་སའི་བར་གྱི་བྱ་དངོས་ཡོད་ཚད་ཀྱི་ཁྲོད་དུ་ཁེར་ཚུགས་སུ་གནས་པའི་ཁོ་ཡིན། ངའི་དྲན་པ་བན་བུན་གྱི་ཁྲོད་ནས། གསོན་ཉམས་ཤོར་བའི་ས་གཞི་ཆེན་པོ་ཞིག་མཐོང་བྱུང་། ཁོའི་རྒྱབ་ཏུ་མངོན་པའི་ཤི་རྗེས་ཀྱི་འཇིག་རྟེན་དང་མཉམ་དུ་འདུག
我突然想起了那人,他原本体面,不知何时何故得了“醉鬼”之号。兴许因由某种境遇,或许是秉性之中与生俱足“自我毁灭”的倾向,及虚化一切自我和他人的热情的一以贯之的性情之故。
也有可能刚好与之相悖。是一种掩藏在不自爱的表现下的,深层自爱的处心积虑的个性使然吧。但这一切最终何以安放何以释手呢,我这样想着想着,不觉间手中半举着的咖啡已经凉了一半。
那是在一个寒冷的下午。我整个思绪近乎沉浸在一位访客所引发的胡乱思绪中。
“你也听说了吧?我们村‘闹了鬼’的事。好几个人都有看到那个东西呢。他们都认出他了,其中几人近乎吓得住院了。”,他语气慌张地继续道, “那‘东西’啊,据说可是不久前才逝世的‘小酒鬼’呢!还是那孩子死前的脸,唯独失去了双目而已。但从衣着、体态等任何方面,见到的人都确认无误是他。哎,这叫什么事啊。那孩子生前近乎失去了一切,死后没有归於幽冥,却成了不得超生的游魂,真是可怜呢。哎。”
“失去了双目,失去了双目……”我呐呐自语着,目光飘向窗外。蓟花遍野的旷野上微风掠过,让原本静谧的大自然,增添了几份“鲜活”的情韵。
蓟花的紫韵让周边原本平淡的草木蒙受了祝福。据说这种寓意着大地女神对吟游诗人深广爱意的花,是圣母将基督所钉的钉子埋于地下后生长出来的。
我在想,如果蓟花那一株倒披针形的花柄,是那位殉道者受难时的钉子所化,那他可否也能一同将“小醉鬼”心魄,一时释放在这片寂静的旷野中,片刻感受大地的宁静呢。
“醉鬼”,这个名字让我追忆起了那位过往的少年。他原本不正是那个品学兼优的孩子吗,那位黑亮的眼眸中闪烁着善良光芒的内向少年。
在我的回忆中,他是一位总会引发女孩子们频频回望的翩翩少年啊。尤其是那双深邃的双眸,它们现在竟然连同自己主人的心神,一并成为了一种无常的注脚而已。那么静雅的一个人怎么会发疯?怎么会成为了酒鬼,又怎么成了一个劫数难逃的郊野游魂呢。
某个入冬的夜晚。就在差不多我快要忘了那位“少年”的时候,我却再一次生生地被现实拖拽进了对他的回忆。
那一晚窗外那细雪覆盖的雪原,细细地挂着北风,一切景致似乎与我愁闷的思绪一并染上了一层白霜。就是在这风雪夹杂的雪夜里,在窗外不远的雪丘上,我悄然感受到了那位艰难游荡的“少年”。
除了毫无血色,除了失去了双目,依旧是他,依旧是那位孤立于天地万物间的他。恍惚中,我看到了一个失去了血色的大地,和他掩映在背后的死后世界。
微信公众号
边坝仓
新浪微博
边坝仓