ཁྱི་རྒན་ནག་རིལ་ནི་རྒྱུད་པ་རིགས་མི་འདྲ་བ་མང་བོ་མཉམ་དུ་བསྲེས་ནས་རབས་མང་བོ་འགོར་རྗེས་སུ་སྐྱེས་པའི་འབྲོག་ཁྱི་རྫུན་མ་ཞིག་ཡིན། དེ་ལྟར་ཡིན་ནའང་ཁོ་ལ་མི་ཚེ་འདིའི་ནང་ཐེངས་དང་པོར་“འབྲོག་ཁྱི་”མཐོང་བའི་མི་ལ་“རྫིག་ཉམས་ལྡན་པའི་”མགོ་སྐོར་རང་བཞིན་གྱི་ཕྱིའི་རྣམ་པ་ཞིག་སྟོན་ཐུབ། དེ་བཞིན་འབྲོག་ཁྱིར་མ་གཏོགས་མེད་པའི་གཡོ་ཁྲམ་དང་གདུག་རྩུབ་ཀྱི་ཁྱད་ཆོས་ཀྱང་ལྡན། མི་ལ་དགོད་ཁ་འཆོར་བ་ཞིག་ཡོད་པ་ནི་ཁོས་རང་ཉིད་ཁྱི་ཞིག་ཡིན་གཏན་ནས་སྙམ་གྱིན་མེད། བྱི་བས་ཀྱང་ཕྲུ་གུ་བཙའ་མི་འདོད་པའི་འབྲོག་ཐང་སྐྱ་མོ་འདིར། ཁོ་རང་ཉིད་མ་གཏོགས་མི་གཞན་ཚང་མས་ཁོ་ནི་གཤིས་གྱོང་གི་ཁྱི་ངན་ཞིག་ཡིན་པ་ལས། རྩྭ་ཐང་གི་བདག་པོ་ཞིག་གཏན་ནས་མིན་པ་ཤེས། ཁོའི་དེ་འདྲའི་རྒྱུ་མཚན་མེད་པའི་རང་རློམ་ནི་ཐོག་མར་ང་རྒྱལ་གྱི་ཟུག་སྐད་དང་། རྫིག་རྔམ་གྱི་ཕྱི་ཚུལ་དེ་ལས་བྱུང་བ་ཡིན། དུས་ཀྱི་འགྲོས་དང་བསྟུན་ནས་ཁོའི་སེམས་ལ་རང་ཉིད་ནི་“རྩྭ་ཐང་གི་བདག་པོ”ཡིན་པ་དེ་ནི་སྨྲ་མི་དགོས་པའི་དོན་དངོས་ཤིག་ཏུ་གྱུར་ཟིན་ཞིང་། སང་ཉིན་གྱི་ཉི་མ་སྔར་བཞིན་ཤར་ཕྱོགས་ནས་ཤར་བ་དང་འདྲ་བར་བདེན་དོན་འཁྲུལ་མེད་ཅིག་ཡིན་པར་འདོད།
རང་རློམ་གྱིས་ཁེངས་པའི་ཁོས་རང་གི་“ཐོབ་ཐང་”དེའི་དོན་དུ་སེམས་དགའ་སྤྲོས་ཁེངས་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་མཚན་མོ་ལྷིང་འཇགས་ཀྱི་དུས་སུ་ཁོའི་སེམས་ཀྱི་སྡུག་དེ་འབྲས་སྐྲན་ཕྲ་ཕུང་ཞིག་ལྟར་དགའ་སྤྲོ་ཆུང་ངུ་དེ་དག་ཁྱུར་མིད་གཏོང་གི་ཡོད་པ་མི་ཤེས། ཁོའི་སེམས་ཀྱི་གནད་དོན་དེ་ནི་ཁོའི་མི་ཚེའི་ནང་དུ་གཏན་དུ་མེད་པར་གྱུར་བའི་ཕ་རྒན་ལ་བསྟེན་ནས་བྱུང་བ་ཡིན། ནག་རིལ་ཡང་རྩྭ་ཐང་གི་བུ་ཕྲུག་མང་པོ་ཞིག་དང་འདྲ་བར། སེམས་སུ་ནམ་ཡང་ཕ་རྒན་ངན་པ་ཞིག་གིས་བསྐྱུར་བའི་རྗེས་ཀྱི་སྐྱུག་བྲོ་བའི་རྨ་ཁ་ཞིག་ཡོད། རྨ་ཁ་འདིས་ཁོས་གནད་དོན་ཟབ་མོ་རེ་ལ་བསམ་བློ་གཏོང་བར་ཚོད་ལྟ་བྱེད་སྐབས། དཔེར་ན་རང་ཉིད་ཀྱི་ཚེ་སྲོག་གི་སྙིང་བོ་ལྟ་བུའི་དོན་དག་ལ་བསམ་བློ་གཏོང་སྐབས། རྣམ་ཤེས་ཤིག་དང་འདྲ་བར་བསམ་བློ་དེ་རིགས་ཐོག་མ་ཉིད་ནས་མེད་པར་བཟོ་སྲིད་ཅིང་། མཐར་སྡུག་བསྔལ་དང་ཁོང་ཁྲོ་རབ་ཏུ་འབར་ནས་མཇུག་བསྒྲིལ་རྒྱུ་ལས་མེད། དེའི་རྒྱུ་མཚན་ཁོས་རང་གི་ཚེ་སྲོག་ནི་“མགོ་སྐོར”་ཐེངས་ཤིག་གི་འབྲས་བུ་ཙམ་ཞིག་ཡིན་པ་ཤེས་ལ། “མགོ་སྐོར་”དེ་འདྲའི་ངོ་བོ་ནི་རྩྭ་ཐང་གི་གང་ས་གང་དུ་རབ་ཏུ་བཞད་པའི་མེ་ཏོག་ནག་པོ་དང་འདྲ་བའི་སྡིག་ཉེས་ཤིག་ཡིན་པས། དུས་ཡུན་རིང་པོ་སོང་རྗེས་ཁོས་མི་གཞན་ལ་བསམ་བློ་དང་རྒྱུས་ལོན་བྱེད་མི་འདོད་པར་གྱུར། འདི་ལྟ་བུའི་རང་ལ་སྙིང་རྗེ་དང་སྐྱོ་བ་སྐྱེ་བ་དང་། འཇིག་རྟེན་གྱི་དྲང་བདེན་མིན་པར་ཁོང་ཁྲོ་སྐྱེ་བའི་བསམ་བློ་དེས་མཐར་མཇུག་འབྲས་གཉིས་བྱུང་བ་སྟེ། གཅིག་ནི་དུས་དེ་ནས་བཟུང་ཁོ་ངོ་དགའ་སྤྲེལ་ལད་བྱེད་མཁན་ཞིག་ཏུ་གྱུར་པ་དང་། གཉིས་ནི་ཁོ་དོན་ལ་གཡོལ་ཐབས་བྱེད་པའི་གཤིས་ཀ་ཅན་ཞིག་ཏུ་གྱུར་པ་དེ་རེད།
འདྲ་མེད་དང་དོན་ལ་གཡོལ་ཐབས་བྱེད་པའི་ཁྱད་ཆོས་གཉིས་ཀྱིས། རིམ་བཞིན་ཁོ་གཡོ་ཟོལ་མཁན་ཞིག་ཏུ་གྱུར་ཅིང་། ས་མཐོའི་འབྲོག་ཐང་གི་དད་པ་བརྗེད་དེ། མིའི་སྔོན་རྒྱབ་གཉིས་ནས་ལས་ཀ་བྱེད་པའི་གཡོ་ཐབས་ལ་རྒྱུས་མངའ་བར་གྱུར་ཏེ། བྱ་བ་ངན་པ་བྱས་ན་ཤ་ཟ་རྒྱུ་མེད་པར་ཡིད་མི་ཆེས་ཤིང་། དུས་རྒྱུན་དུ་སྐྱུག་བྲོ་བའི་བྱ་བ་ངན་པ་ཁོ་ནར་བརྩོན། ཁྱི་སྤྱང་ཁ་འགྲིལ་གྱིས་ཁོས་ཐ་ན་ཅུང་མ་འགོར་བའི་ཡར་སྔོན་དུ་བླ་མས་ཚེ་ཐར་བཏང་བའི་ལུག་དེའང་མིད་ཐག་ལ་སོ་བཏབ་ནས་གསོད་ཅིང་། དེ་ལ་གནོང་འགྱོད་དང་ཀུན་སྤྱོད་ངན་འགྱུར་གྱི་ཚོར་སྣང་སྤུ་ཙམ་ཡང་མེད།
བར་སྐབས་འདི་རིང་ལ་ངར་སྐད་སྒྲོག་པ་དང་རྒྱུད་པ་ངན་པ་དེ་སྤེལ་བ་ཕུད། ཁོས་དོན་དག་གཞན་ཞིག་བསྒྲུབ་མྱོང་བ་ཡིད་ལ་མི་དྲན། ཁོས་དེ་ལྟའི་གཡོ་ཟོལ་ཡང་རྩེར་སོན་པ་དང་ན་སོ་དར་ལ་བབ་པའི་དུས་དེར། སྐབས་དེར་ཁོས་རང་གི་ཟུག་སྐད་དང་ཝ་མོ་སྟག་བརྫུས་ཀྱི་ངན་རོགས་ཡོད་པའི་སྐབས་སུ། ལམ་འགྲོ་བའི་སྟེང་གི་ངར་ཤུགས་ཀྱིས། ཚོ་བ་ཡོངས་ཀྱི་“ཁྱིའི་རྒྱལ་པོའི”མཚན་སྙན་ཐོབ་ཅིང་། སྐབས་དེར་དོན་དག་ཅིག་བྱུང་སྟེ་ཁོའི་ལས་དབང་རྩ་བ་ནས་བསྒྱུར་པ་རེད།
གྲང་ངར་ཆེ་བའི་དགུན་ཁའི་མཚན་མོ་ཞིག་ལ། ལྷགས་པ་ནི་སྤུ་གྲི་དང་འདྲ་བར་སྒལ་ཚིགས་བཏོག་ཚར་བའི་ཐང་སྟོང་དུ་གཡོ་བཞིན་མཆིས། དགུན་མཚེར་དུ་སྤོས་མ་ཐག་པའི་ཁྱིམ་བདག་ཚང་སྒོ་ཕྱུགས་ཀྱིས་འགྲོས་མཉམ་པའི་ཁ་ལྡད་སྒྲའི་ཁྲོད་ནས་གཉིད་དུ་ཡུར། ནག་རིལ་ཡང་སྔ་མོ་ནས་གཉིད་དུ་ཡུར། སྐབས་དེར་འཕྲུལ་རྟ་འགའི་སྒྲ་ཐག་རིང་ནས་གྲགས་ཤིང་། ཁོས་གསལ་བོ་ཞིག་མ་ཤེས་གོང་ལ། གདོང་གབ་པའི་ཕོ་རྒོད་གསུམ་འཕྲུལ་རྟ་ལས་བབ་ཅིང་རལ་གྲི་བཟུང་ནས། ནག་རིལ་གྱི་བདག་པོའི་གུར་ནང་དུ་འཛུལ་སོང་། ཟླ་འོད་ཀྱི་མདངས་ཀྱིས་གྲིའི་འོད་ཆེམ་ཆེམ་དུ་གཡོ་བས་མིག་ལ་ལྷག་ཏུ་འཚེར། ཁྱིམ་སྲུང་བའི་ནག་རིལ་གྱིས་ཚུལ་དེ་མཐོང་བ་ན། རང་གི་ང་རྒྱལ་དུ་རློམ་པའི་ངར་སྐད་དེ་རྩ་བ་ནས་བརྗེད་ཅིང་། སྐྲག་ནས་ཟུར་ཞིག་ཏུ་ཡིབ་ནས་འདར་སིག་རྒྱག་ཞོར་དུ་ཤེས་པར་དོགས་ནས་དབུགས་ཀྱང་འབྱིན་མ་ནུས་པར་བསྡད། དགོང་མོ་དེར་བདག་པོ་ཚང་ལ་ཇག་པས་འཕྲོག་བཅོམ་ཐེབས། བདག་པོར་གྲིས་ཐེངས་འགའ་བརྒྱབ་པས་ཚེ་གང་བོར་དབང་པོ་སྐྱོན་ཅན་དུ་གྱུར། ཁྱིམ་གྱི་ནོར་ལུག་ཡོད་ཚད་ཀྱང་ཇག་པའི་ལག་ཏུ་ཤོར་སོང་།
དུས་དེ་ནས་བཟུང་ཚོ་བ་ཡོངས་ཀྱི་མིས་ནག་རིལ་གླེང་སློང་བྱེད་བཞིན་ཡོད་ཅིང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས། གླེང་སློང་དེའང་རིམ་བཞིན་འཕྱ་སྨོད་དུ་གྱུར་ནས། “ཁྱི་རོ་དེ་མ་གཞི་བཤམས་རྫས་ཤིག་ཡིན་འདུག” “བཤས་ཁྱི་བྱས་ནས་རྒྱ་ཚོང་བའི་ལག་ཏུ་བཞག་ན་འགྲིག” “ དེ་འདྲའི་ཁྱི་རྒན་འདྲ་མེད་ཅིག ཁྱིམ་མིའང་སྲུང་སྐྱོབ་བྱེད་མ་ཐུབ”ཅེས་སོགས་སྨྲས་ནས་གཤེ་གཤེ་གཏོང་བཞིན་ཡོད་པ་རེད། མི་ཁ་དང་དཔྱད་གཏམ་ངན་པ་དག་རལ་གྲི་བཞིན་དུ་ནག་རིལ་གྱི་མགོར་ལྷུང་ཞིང་། བཅའ་ཁྲིམས་དང་སྒྲིག་ཁྲིམས་ཅི་ཡིན་མི་ཤེས་པའི་ལུང་སྟོང་འདིར། མི་རྣམས་ཀྱིས་ཇག་པ་ཚོར་བཅངས་བའི་ཞེ་སྡང་དེ“ནག་རིལ་”གྱི་སྟེང་དུ་བབས་ཤིང་། རྒན་པ་དག་གི་ཁོང་ཁྲོ་དེས་རིམ་བཞིན་བྱིས་པ་ཚོར་ཤུགས་རྐྱེན་བཏང་། ཉིན་ཞིག་ཚོ་བའི་ནང་གི་བྱིས་པ་མ་རབས་ཁ་ཤས་ཀྱིས་རང་གི་བྱིས་དམག་འགའ་ཁྲིད་དེ་ནག་རིལ་སྐོར་བཅོམ་བྱས། ཐེངས་འདིའི“སྐོར་བཅོམ”གྱི་བྱ་བའི་ཁྲོད་དུ་ནག་རིལ་གྱི་ལ་རྒྱ་ཤོར་བ་དང་རྒྱུད་སྤེལ་གྱི་ནུས་པ་ཉམས་པ་རེད། རྣག་ཐོག་ཁབ་འཛེར་ཞིག་ལ་བདག་པོས་སྨི་གཅིག་ཀྱང་མེད་པའི་ཐག་པ་ཞིག་གིས་ཁོ་གཏན་དུ་བཏགས་པས། དེ་ནས་བཟུང་ཁོ་རང་གི་འཇིག་རྟེན་དེ་ཐག་པའི་ཆེ་ཆུང་ཙམ་ལས་མེད་པར་གྱུར།
དུས་དེ་ནས་བཟུང་མཚན་མ་མེད་པའི་ཁྱི་རྒན་དེའི་ལུས་སྟོབས་ཇེ་ཞན་དང་ཞེ་སྡང་ཇེ་ཆེར་གྱུར། རིམ་བཞིན་དེའི་སྤུ་མདོག་ལ་སྔོན་ཆད་ཀྱི་འོད་མདངས་མེད་པར་གྱུར་ཏེ་སྨག་ནག་ཏུ་གྱུར། རིམ་གྱིས་རང་ཉིད་ནི་རྩྭ་ཐང་གི་རྒྱལ་བོ་ཞིག་མིན་པར་མཐའ་མེད་པའི་རྩྭ་རའི་ནང་བཀག་སྡོམ་བྱས་པའི་ནག་རིལ་ཡིན་པ་ཤེས། ཁོས་དེ་ལྟར་བསམ་ནས་ཉི་མ་ནུབ་ཁར་མཚམས་སྤྲིན་གྱིས་སྤྲས་པའི་རྒྱང་རིང་ལ་བལྟས་ནས་བསྡད། གྲང་ངར་གྱིས་བཟོད་མི་ཐུབ་པའི་གནམ་གཤིས་དེ་དང་བསྟུན་ནས། སེམས་སུ་ཡང་བསྐྱར་སེམས་ཀྱི་སྡུག་བསྔལ་དེའི་དབང་གིས་ན་ཟུག་བྱུང་ཞིང་། ལུས་ཡོངས་མི་བདེ་བར་གྱུར་རོ། །
“大黑”是一只串了无数代之后产下的“假藏獒”。即便如此他也有着那种让生平第一次见“牧犬”的人感到一种几近“庄严”的欺骗性外表,以及牧犬独有的狡黠和残忍的属性。
最让人贻笑大方的是他从没发现自己是条“狗”,在这个连老鼠都不愿意产崽的穷僻牧区,除了他自己谁都知道他不过是条“顽劣的恶犬”绝非“草原之主”,他这种无来由的自信期初源于其傲人的“歌喉”,及他那壮硕的体魄,久而久之在他心中,他是“草原之主”这事已经是板上钉钉的事实,就跟明天的太阳照旧会从东方升起一样千真万确。
虽说自信心过剩的他会为自己这一“身份”而暗暗自喜,但世人都不知道每当夜深人静的时候,他的思想疙瘩就会像癌细胞一样吞噬他的那点暗喜的心情。
他的思想疙瘩主要因在他生命里永远缺位的父亲而形成,大黑也如无数个草原之子一般,心灵上永远带着一道被人渣父亲丢弃之后的丑陋伤疤。
这种伤疤让他每每尝试思考一些深层次的问题,例如自己生命的意义之类的事情的时候,会像个幽灵一般将这种思想扼杀在萌生期,最后只会以痛苦和愤懑更加积盛而宣告结束。
因为他知道自己的生命只不过是一场“欺骗”的果实,而这种“欺骗”的底色源于犹如盛开于草原每个角落的黑色花朵一般的罪恶,所以久而久之他变得不愿意思考和理解他人了。
这样的自怜自哀和愤世不公的情绪最后导致了两种结果,一是从此他彻底变得媚俗,二是让他形成了一种遇事逃避的性格。
俗气和遇事逃避的两种特质,让他逐渐变得极其虚伪,忘了高土牧地的信仰,完全变得谙熟于人前人后的那套刁滑的把戏,不再相信干坏事会吃不到肉,而是一味地干尽了肮脏事,犬狼通气(ཁྱི་སྤྱང་ཁ་འགྲིལ།)的他甚至将前脚被活佛放生的绵羊后脚就咬断喉管却一点不觉得愧疚和道德的败坏。
在这段时间里除了冲天咆哮和繁衍它那劣质的基因,他不记得做过别的事,而他这种虚伪登峰造极还是在正值壮年的时刻,那会儿它凭借着自己的狂吠声和一手狐假虎威在有“帮凶”的时候,冲着路人的那股狠劲,一举夺得了全部落“狗王”称号,而就在这个时候发生了一件事,彻底改变了他的命运。
在一个冬季的寒夜里,冬风如刀片般刮着如啃完的肋条一般贫瘠的荒丘,刚迁入冬窝子的主人一家,在牧畜们有节奏的反刍声中安详的进入了睡眠,大黑此时也早已陷入沉沉的睡眠,就在这时,几辆摩托车的马达轰鸣声从远处传过来,没等他完全反应过来,三个蒙脸的彪形大汉从摩托上下来挎着大刀,走向大黑主人家的帐篷,借着月光亮晃晃的大刀格外晃眼,作为看家狗的大黑看到这一幕,早已忘了自己引以为傲的嗓音,吓得蜷缩在一个角落哆嗦着屏住呼吸生怕被发现。
那一晚他主人家遭劫,男主被砍了几刀落了个终身残废,家里的所有牛羊全部也被席卷而去。
从那天之后全部落的牧人都在议论大黑,随着时间推移,议论慢慢变成了辱骂“那条死狗原来只是一种摆饰”“不如把它当肉狗卖给汉贩”“这么没用的狗连家里人都保护不好”等等。
议论和恶评如剑雨纷纷落在“大黑”身上,在这不知法纪为何物的荒僻世界,人们将对盗匪们的愤怒迁怒于“大黑”,变本加厉,这种大人们的愤怒渐渐影响到了孩子们。
有一天部落里的几个顽劣的大孩子,带着几个孩子兵,“围剿”大黑,在这次“围剿”行动中大黑失去了尊严和传宗接代的能力,雪上加霜的是从此之后他被主人用一条一米不到的绳索永远的拴了起来,他的世界从此缩小到只有绳索所及的大小。
从此这只阉狗变得愈发虚弱和爱发脾气,慢慢的它的毛色失去了以往的光彩,变得暗淡,慢慢地它了解到了自己并非“草原之王”而是这无尽草场所禁锢的大黑,它这样想着,呆呆地望着落日余晖映红了的远方。随着寒气逼人的天气,心里再次因那颗思绪疙瘩弄得隐隐作痛,浑身不自在起来了。
关注边坝仓公号
图:网络
文:边坝仓
排版:边坝仓