རྩག་ཆེན་གྱོན་པ་དང་། གསེར་སོ་འཛུགས་པ། སྦག་སྦག་འཕྲུལ་རྟ་ཞོན་པ་བཅས་ནི་འབྲོག་ཁུལ་གྱི་ཕོ་གཞོན་ཚོས་ང་ལ་བཞག་པའི་བག་ཆགས་ཐོག་མ་དེ་ཡིན།
སྐྲ་རིང་མ་དང་བློ་ཐུང་མ་ཞེས་པའི་ཕྱོགས་ལྷུང་གི་བཤད་ཚུལ་དེ། ཀན་ལྷོ་འབྲོག་ཁུལ་དུ་སླེབས་ཚེ་མཐོང་ཆུང་བྱེད་པའི་དོན་ཏོག་ཙམ་ཡོད་པས་དེ་འདྲ་མི་བཤད།
དེ་རིང་རྩོམ་ཡིག་འདི་འདྲ་ཞིག་འབྲི་འདོད་པ་ནི་གློ་བུར་དུ་དྲན་པའམ་ཡང་ན་ཚིག་གིས་དབུལ་ནས་ཐོལ་བྱུང་དུ་སྦྱར་བ་མ་ཡིན་པར། དང་མ་ཉིད་ནས་ངའི་སེམས་ནང་གི་འབྲོག་པའི་སྐྱེས་པ་ཚོའི་གཟུགས་བརྙན་ཇི་བཞིན་འབྲི་འདོད་པ་དང་། ཉིན་འགའི་སྔོན་ལ་སྐབས་འགྲིག་ནས་རྨ་ཆུའི་རྟ་རྒྱུག་འགྲན་ཚོགས་ཡུལ་དངོས་ལ་ཐོན་པའི་རྐྱེན་དེ་དག་གིས། ལྷ་སར་གཞུང་དོན་ལ་བྲེལ་ནས་ཡོད་པའི་བར་གླགས་ནས་ངས་ཀྱང་ཁོམ་སྐབས་སྤྱད་ནས། དྲན་ངོར་ལུས་པའི་ཡིག་འབྲུ་ཡོད་ཚད་ཀྱིས་སེམས་ནང་གི་དོན་དག་ཡོད་ཚད་འབྲུར་ཕབ་འདོད་ཀྱི་ངར་ཤུགས་ཤིག་སྐྱེས།
མིག་སྔའི་གནས་ཚུལ་ནས་བརྗོད་ན། ལོ་དགུའི་འོས་འགན་སློབ་གསོ་མྱངས་ཟིན་པའི་སློབ་གྲྭ་བ་དང་། ཡང་ན་འགྲོ་འདུག་སྤྱོད་གསུམ་ཚང་མ་ཅུང་གཉོམ་པའི་རོང་བ་དང་བསྡུར་ན། ངས་སྐྲ་རིང་ཞིང་བསྟན་བཤིག་ཚ་བའི་འབྲོག་པ་ཚོའི་རང་གཤིས་ལས་“སྤྲོ་སྣང་དོད་པའི”ཆ་མང་པོ་ཞིག་མཐོང་བྱུང་། སྐྱེས་པས་སྐྲ་རིང་པོ་འཇོག་པའི་ཐད་ནས་བཤད་ན་ཕྱོགས་རིས་ཀྱི་ལྟ་ཚུལ་གང་ཡང་མེད། ངས་“སྐྲ་རིང་པོ”ཞེས་བརྗོད་དོན་ནི་རྒྱན་ཆར་དོ་སྣང་བྱས་པ་རེད་ཟེར་བ་ལས། ཀན་ལྷོའི་འབྲོག་ཁུལ་ལམ་རོང་མ་འབྲོག་གི་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟ་བ་རྒྱུན་བསྐྱངས་ནས་ཡོད་པའི་འབྲོག་པ་དེ་ཚོར་ལྷག་ཏུ་མོས་པ་ཆེ་ཞེས་བརྗོད་ན་ཆོག ཁོ་ཚོས་ནག་ཅིང་སྣུམ་པའི་སྐྲ་རིང་འཇོག་པ་ནི་དུས་རབས་སྔོན་མའི་སྐྱེས་པ་རྣམས་ཀྱིས་ནུས་ཤུགས་དང་དངུལ་བཏང་ནས་“མོ་པི་ཝུའུ་སིའི་སྨ་ར་”གསོག་པའི་བསམ་པ་དང་འདྲ་བར། དེ་ནི་ཁོ་ཚོའི་རྒྱན་ཆ་ཞིག་ཡིན་མོད། འོན་ཀྱང་། སྐྲ་རིང་འཇོག་པ་དང་དེའི་མཛེས་དཔྱོད་འགྱུར་བ་མེད་པར་རྒྱུན་བསྐྱངས་ནས་ཡོད་པའི་མི་དེ་དག་ལ་ལྷག་པར་སྤྲོ་སྣང་ལྡན། ཁོ་ཚོས་འཚོ་བ་དང་འཇིག་རྟེན་ལ་འཛིན་པའི་རྣམ་འགྱུར་ནི་ཁོ་ཚོའི་“སྐྲ་ལོ”དང་འདྲ་བར་གཞུང་དྲང་ཞིང་། སྲོལ་རྒྱུན་གྱི་ཆ་མང་པོ་ཞིག་འདུས་ཡོད་ལ། བཟང་ངན་གཉིས་ཀྱི་ཆའང་འདུས་ཡོད། ཁོ་ཚོའི་བྱ་སྤྱོད་ངན་པའི་སྐབས་སུ་ཁྱོད་ལ་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་གལ་ཆེན་རང་བཞིན་ལ་དོགས་སློང་བྱེད་དུ་འཇུག་སྲིད་ལ། བཟང་བའི་སྐབས་སུ་ཁྱོད་ལ་ཡུལ་གྲུ་འདིར་སྐྱེས་བའི་མི་ཚང་མ་བྱང་སེམས་ཅན་ཡིན་པར་རློམ་སྲིད།
ལོ་རབས་80པའི་རྗེས་ཀྱི་ཀན་ལྷོ་བའི་དྲན་ཤིང་ངོས་ཀྱི་འོད་སྡེར་གྱི་མདུན་ངོས་མི་སྣ།
བོད་དམ་བོད་ཀྱི་ས་ཆ་གླེང་ན། ནང་ལོགས་ས་ཁུལ་གྱི་རྒྱུན་འབྱམས་སུ་སོང་བའི་ལྟ་ཚུལ་ཞིག་གམ་བརྙན་འཕྲིན་སོགས་ཁྱབ་སྤེལ་འཕྲུལ་ཆས་སོགས་ཀྱི་ཤུགས་རྐྱེན་གང་ཡིན་པ་ཆ་མི་འཚལ་མོད། གང་ལྟར། སྐྲ་རིང་བོ་འཇོག་པ་དེ་འབྲོག་པའི་ཁྱད་ཆོས་དང་འབྲལ་མེད་དུ་ཡོད། ངས་བལྟས་ན་བོད་ཀྱི་ས་ཁུལ་དེར་ས་མཐོའི་ཞིང་ལས་ཀྱི་ཞོར་ལ་འབྲོག་ལས་དང་ནགས་ལས་འདྲེས་པའི་ཐོན་ལས་རྣམ་པ་ཞིག་ཆགས་འདུག་ཟེར་ན་ཆོག་ལ། དེ་དག་ནི་ཞིང་ལས་ཁུལ་དང་འབྲོག་ལས་ཁུལ། སྐྱེ་ཁམས་ཁུལ་བཅས་རིགས་མི་འདྲ་བ་གསུམ་རིམ་བརྩེགས་ལས་གྲུབ་པར་བརྟེན། ས་ཁུལ་སོས་སོའི་མི་རྣམས་ཀྱི་ཡུལ་སྲོལ་དང་གོམས་གཤིས་ཀྱང་འདྲ་བས། ཐོན་ལས་ཁུལ་གཅིག་གི་ཡུལ་སྲོལ་གོམས་གཤིས་དེ་ཡིས་ས་ཁུལ་དེའམ་བོད་ཁམས་ཧྲིལ་བོའི་གོམས་འདྲིས་ཀྱང་དེ་རེད་ཅེས་བརྒྱ་ཁ་གཅིག་གཅོད་བྱེད་པར་ཡེ་ནས་མི་འཐད།
ཞིང་ནགས་ལས་ཁུལ་དང་བསྡུར་ན་འབྲོག་ས་ནི་འདུས་སྡོད་ས་ཁུལ་དང་བལྟོས་བཅས་ཀྱིས་རིང་དུ་བྲལ་བས། འབྲོག་པའི་ས་ནས་གོམས་གཤིས་གང་དང་སྐད་གདངས་ཅི་ཡིན་ཡང་དེ་དག་དུས་ཡུན་རིང་པོ་གནས་ཐུབ་ཀྱིན་ཡོད། དེའི་རྐྱེན་ཀྱིས། འཚོ་གནས་ཀྱི་ཆ་རྐྱེན་དམིགས་བསལ་བ་དེ་དང་། འབྲོག་ཁུལ་ཁོ་ནར་ཡོད་པའི་འཚོ་བའི་དགོས་མཁོ་ལས་བཙན་གྱིས་བྱུང་བའི་འཇིག་རྟེན་ལྟ་བ་ཁྱད་པར་བ། ཕྱིའི་རིག་གནས་ཀྱི་ཤན་ཅུང་ཟད་ཞུགས་པའི་རིག་གནས་ཀྱི་གྲུབ་ཆ་དེ་ནི་འབྲོག་པའི་ནང་སེམས་ཀྱི་ཆེས་གཞི་རྩའི་གྲུབ་རྐྱེན་ཡིན།
སྤྱི་ཚོགས་རྙིང་པའི་“མཆོད་ཡོན་འབྲེལ་བའི”རྣམ་པའི་ཁྲོད། མགོ་སྐྲ་རིང་བའི་འབྲོག་པ་ཚོས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད་ལ། དུས་སྐབས་དེ་ནི་ཕལ་ཆེར་འབྲོག་པ་ཚོས་སྐྲ་རིང་བོ་འཇོག་རྒྱུ་དར་བའི་སྐབས་ཤིག་རེད། ལྷ་ཀླུ་གཉན་གསུམ་གྱིས་འབྲོག་ཁུལ་བསྲུངས་བའི་སྐབས་དེར། རྟ་ཕོའི་འཚེར་སྐད་ཀྱིས་ཨ་སྔོན་དབྱིངས་ཀྱི་ཕ་མཐའ་གཅོད་ཅིང་། དེ་ནི་ཕལ་ཆེར་དེང་སང་གི་ན་གཞོན་ཚོས་རིན་གོང་ཁེ་བའི་སྦག་སྦག་བཞོན་པ་དང་། དུ་བ་འཐེན་པ། ཤེལ་ནག་གྱོན་པ། རྒྱ་སྐད་ཐ་ཐོར་རེ་བཤད་ཤེས་པ་དེ་འབྲོག་ཁུལ་གྱི་རྒན་རྒོན་ཚོ་ཧ་ལས་པ་དང་འདྲ་བར་བློ་ཡུལ་ལས་འདས་པའི་དོན་དག་ཅིག་རེད།
(ཀླུ་ཆུ་དང་། རྨ་ཆུ། བསང་ཆུ་བཅས་ཀྱི་སྐྱེས་པ་ཚོར་སྐྲ་ལོ་རིང་པོ་འཇོག་མཁན་མང་། )
ང་རང་འབྲོག་པ་ཁ་ཤས་ཀྱིས་སྤྲོ་སྣང་དེ་མི་ཚེ་དོན་སྙིང་ཤ་སྟག་ཏུ་བརྩི་བའི་ཉམས་རྒུད་ཀྱི་རྣམ་པ་དང་སྒྱིད་ལུག་གི་རྣམ་འགྱུར་དེར་མི་འཐད་དེ། མི་དེ་དག་གིས་ཁྱོད་ཀྱིས་ཁོ་ལ་ཁེ་བཟང་ཕྲན་བུ་སྤྲད་པ་ལས། ཁོ་ཚོས་ཁྱོད་ནི་དྲིན་ཆེན་དང་སྤྲོ་སྣང་ཅན་ཡིན་པར་སྙམ་པར་འདོད་པ་དེས་ང་རང་ཞེ་མེར་བར་བྱས་མོད། འོན་ཀྱང་། ཁོ་ཚོའི་བློ་སྤོབས་དེ་ལ་ང་རང་ཤིན་ཏུ་དགའ། སྲིད་པ་རྒན་པོའི་གཏམ་དཔེར་ཕོ་རབ་གཅིག་གི་ཁོག་ལ་རྟ་བརྒྱ་རྒྱུགས་སའི་ཐང་ཡོད་ཅེས་པ་ནང་བཞིན། སྐབས་འགར་ང་ཚོའི་བློ་ངོར་ཤོང་མི་ཐུབ་པའི་དོན་དེ་དག་ཁོ་ཚོའི་སྣང་ངོར་དོན་དེ་དག་ཧ་ཅང་སླ་མོ་ཞིག་ཏུ་འདོད་ཡོད་པས། ཁོ་ཚོའི་བློ་སྤོབས་དེ་ང་ཚོས་ཁས་མི་ལེན་རང་ལེན་རེད།
བོད་པ་ཚོས་རང་ནི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་མཆེད་པ་རེད་སྙམ་པའི་འདོད་ཚུལ་ཞིག་ཡོད་ཅིང་། ཏག་ཏག་སྤྲེའུ་དང་བྲག་སྲིན་གྱི་རྒྱུད་དམིགས་བསལ་བ་དེ་རྒྱུན་འཛིན་བྱས་པ་དང་ཆ་མཐུན་པར། འབྲོག་གི་སྤུན་ཟླ་ཚོར་སྟག་ཤ་ར་ཞིག་གི་གཟི་ཉམས་དང་དཔའ་ཉམས་ཀྱི་ཆ་ཡོད་ལ། ཇག་པ་ལྟ་བུའི་དམུ་རྒོད་དང་གདུག་རྩུབ་ཀྱི་ཆའང་ཡོད་པས། ཁོ་ཚོའི་ཁྱད་དུ་འཕགས་པའི་མི་གཤིས་སུ་སྐབས་རེར་བྲག་སྲིན་གྱི་གདུག་རྩུབ་གྱི་ཆའང་མངོན་འོང་། ཡུས་ཀོའོ་ཡི་ཡག་བཙོག་དང་བཟང་ངན་གཉིས་མཉམ་གནས་བྱས་ཡོད་ཅེས་གསུངས་པ་ནང་བཞིན། མི་འདི་དག་གི་གཤིས་སྤྱོད་ལས་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལས་ཅི་ཞིག་ཚོར་བྱུང་བ་དེ་ལྟར། མུ་མེད་ཀྱི་འཇིག་རྟེན་འདིར་ང་ཚོ་ཚང་མའང་སྐྲ་རིང་འཇོག་པའི་དམུ་རྒོད་ཡིན་པའི་མྱོང་ཚོར་ཆེན་པོ་ཞིག་སེམས་ཀྱི་གཏིང་ནས་བརྡོལ་བྱུང་ངོ་། །
穿着羊裘大袍、镶着金牙、开着五羊摩托,是我对牧区爷们的初级认识。
“头发长见识短”这句带有严重偏见的说辞,到了甘南的牧区就有了微妙的歧义或者不再适用了。
之所以今天想写这么一篇文章,并不是突发奇想或者词穷了闭门造车的结果,而是很早就像“实景还原”我内心当中的“大牧区男人”们的形象,再加上前几日有幸能够借助“赛马会”这一盛事,去了趟玛曲,这两个因素使我有了在拉萨忙于公务的间歇将脑子里的东西付诸文字的冲动。
就目前来说相比起那些受过九年义务制教育的“学堂娃”,或者行事作风和谈吐举止都带有那么一股“庄稼味”的“戎娃”(农区人),我在一些蓄着长发,尚存幽默的牧民身上看到了更多“有趣”的地方。
单就男人留长发这点来说,我没有任何偏见,就跟我对“美髯公”没有一点歧视是一个道理。而之所以说“长发”,与其说是对这种“配饰”的关注,莫不如说是我对甘南牧区或农牧交接带那些依然保持着传统审美的男人更感兴趣,油黑浓密的长发似乎与前几个世纪男人们花费精力和金钱去蓄留“莫比乌斯胡须”的心理是相同的,只不过是一种男人的修饰,但这种“蓄发”的审美及其坚持这种审美的人是很有意思的。
他们的生活和世界的态度,诚如他们的“秀发”,有很多传统的影子,好坏参半,坏的时候甚至让你质疑所谓发扬传统文化的必要性,好的时候能让你觉得生在这片高土的人都是菩萨心肠。
作为甘南80后共同记忆的卡带封面人物
说到藏族或者藏区,内地的人习惯性的会认为都是留长发的,不知什么原因也许是影视宣传的作用,藏族似乎永远脱不开“游牧”的属性。
在我看来藏区的可以说是一个高地农业区附带牧业和林业区的这么个产业形态,就构造来说是由农业带、牧业带和重叠带三种不同的生态所构成的。而这三种地带的人从风俗到习惯都是不尽相同的,所以我是很反感将一片地区一概而论的提法。
相对农林业地带,牧区相对更加偏离“聚居区”,所以在牧民身上往往哪怕是一种习惯一个语调都能留存很长时间,正是这一特质再加上牧区独有的那种生活所“逼迫”出来的独特的世界观,再加上一点点外来文化的成分,就基本是一个牧人内心的构成元素了。
在以“供施关系”维系的旧社会模式中,长发飘飘的牧人们起到了无可替代的作用, 那也应该是长发牧人的最辉煌时期,在九天诸神庇护垂怜牧区的那个时期,河曲马的嘶鸣声响彻霄汉,那是如今骑着廉价摩托、抽着黑兰州、戴着墨镜、能操几句普通话就认为自己牛气的牧民姥爷无法想象的世界。
“碌玛夏”(录取、玛曲、夏河)的牧民长发较多
我不喜欢有些牧人将“乐趣”视为唯一意义的那股没落相和消极态度,那种人似乎你给了他一点甜头他就认为你对他大恩大德并且认为你很有意思,这点要命了,但我又特别喜欢他们身上那种豁达大度,正如牧人的谚语所言 :“高士胸中自有百马跑场”(ཕོ་རབ་ཅིག་གི་ཁོག་ལ་རྟ་བརྒྱ་རྒྱུག་སའི་ཐང་ཡོད།)有时候我们认为已经不共戴天的事情,于他们而言一场谈笑间就释怀了,这种心理素养也许有深愔佛学无常观的格西们的影子,但也不得不承认这就是牧人的胸襟。
牧区爷们身上有时候既有侠胆义肝的牛仔气质,又不乏残忍嗜血的草莽匪气,藏族创世说,认为人是由好心的神猴与心如蛇蝎的罗刹女孕育而来,也许正是秉承了这种“特殊”的基因特质,牧民身上璀璨夺目的人性光芒中,偶尔也能看到爆发出的魔性耀斑。
雨果说美与丑善与恶共存我在这些人身上真切体会到了,正如在自己身上体会到的那样,在这个荒茫的世界里我们何尝不都是蓄发牧野的人啊。
文字:边坝仓
图片:网络
排版:边坝仓