མི་ཚེའི་དོན་སྙིང་ལྐོག་གྱུར།隐蔽的人生意義

文摘   2024-12-15 11:16   四川  

མི་ཚེ་ལ་དུས་དང་གནས་སྐབས་མི་འདྲ་བའི་དོན་སྙིང་མ་གཏོགས་ནམ་དུ་ཡང་རྟག་བརྟན་འགྱུར་མེད་ཀྱི་དོན་སྙིང་ནི་མེད། ཕྱི་དྲོ་ཞིག་ལ་སྣང་བ་མ་བཏང་བར་ཕྱོགས་བཞི་ཡོངས་སུ་བསྐོར་བའི་བར་སྟོང་ཞིག་གི་ནང་དུ་ལྷུང་སྟེ། རང་ཉིད་ཤི་སོང་ངོ་སྙམ་པ་དང་སྦྲགས། སྐད་ཅིག་ཉིད་དུ་རང་ལོ་བརྒྱད་ཅུའི་ཐེམ་པ་བརྒལ་ཟིན་པའི་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་འཆར་བྱུང་། དེའང་བརྩེ་དུང་གི་མྱུ་གུ་ཐོག་མར་འབུས་ཤིང་། ཤ་དང་རུས་པའི་བརྩེ་འདང་དང་ལས་ཀྱིས་འཛོམས་མོད་ཀྱང་། ཕྱིས་སུ་ཡང་བསྐྱར་བལྟ་སྐབས། དེའང་དེ་ཙམ་དུ་ཟད་དེ། མང་ཤོས་ནི་སེམས་ཀྱི་རྨ་ཁའོ།།

 རྗེས་སུ་ཁེ་གྲགས་གཏམ་གསུམ་ལ་བྲེལ་ནས་ཕན་ཚུན་དབར་བསྡུར་བ་བྱས་ཤིང་།བརྩོན་འགྲུས་དང་ཡར་ཐོན་གྱི་བསམ་པ་ལྡན་ཚེ་རྒྱུ་འབྲས་བསླུ་བ་མེད་པའི་རང་བཞིན་ཇི་ལྟ་བ་བཞིན་ནོ།། ལོ་ངོ་སྟོང་ཕྲག་དུ་མར་མུན་ནག་གི་གནས་སུ་ཚུད་དེ་སླར་ཡང་རང་དབང་ཐོབ་པའི་རི་དྭགས་ལྟར་ཁྱུར་མིད་གཏོང་བ་དང་། ངར་སྐད་སྒྲོག་པ། མགོ་འཕང་གནམ་ལས་མཐོ་བའི་ང་རྒྱལ་ཞིག་རང་ཆས་སུ་གྲུབ་འདུག ཕྱིར་མིག་བལྟ་སྐབས། དེའང་སྐབས་འཕྲལ་དུ་བྱུང་བ་ཁོ་ནའོ།། དར་མའི་དུས་ཀྱི་དོན་སྙིང་ཐམས་ཅད་ཀྱང་ཁྱིམ་ཚང་གིས་དབང་བཙན་པར་བྱས་པ་ནི།  གཤིས་འཇམ་གྱི་ཁྱུང་དཀར་མཛོ་ཡང་མཛོ་མོ་དང་རྟོལ་བུས་སྣ་བདག་བྱས་ཏེ་འགྲོ་བ་དང་མཚུངས་པ་ལ་ཨང་། བུ་ཕྲུག་ཚོ་རང་རང་སོ་སོའི་སར་ལོག་ཅིང་། སྐྱིད་སྡུག་མཉམ་མྱོང་བྱས་པའི་ཚེ་གཅིག་སྐྱ་ཡ་ཡང་འཇིག་རྟེག་དཀར་ངོགས་དང་ཁ་བྲལ་པས་དལ་མོའི་ངང་ཉིན་གང་བོར་རྐུབ་སྟེགས་འཁོར་ལོར་སྡོད་རྒྱུ་ནི་ཧ་ལམ་ཉིན་རེ་རེའི་ལས་གཙོ་བོ་དེ་རུ་མཐོང་ངོ་།།

 མི་ཚེ་ལ་ནམ་ཡང་བློས་མི་གཏོང་བའི་རྩ་དོན་ཞིག་གཞར་ཡང་རྙེད་དུ་མེད་ལ། རྒྱུན་ཆགས་ལྷོད་མེད་ཀྱི་རྒྱུན་འཁྱོངས་ནི་དེ་བས་ཀྱང་ངོ་།། དེ་ལྟ་ནའང་། དཔེར་ན་གར་སྟེགས་སུ། ལོ་དང་ཟླ་བའི་གནས་སྐབས་སོ་སོ་དེ་མཐུན་གྱིས་ཆས་སུ་ཞུགས་པ་ཇི་བཞིན་ནོ།། མཐའ་མར་དར་ཅིག་རིང་ལ། རྒན་གསོ་ཁང་གི་དྲོད་རླངས་ལས་འཕྲོས་པའི་ཉི་འོད་ཕྲན་བུ་དང་སྒེའུ་ཁུང་ཕྱི་རོལ་དུ་ལྷུང་བའི་སྡོང་ལོ་སྐམ་པོ་དེ་ནི་ཕལ་ཆེར་མི་ཚེ་ཧྲིལ་བོའི་སྨན་མཆོག་འབའ་ཞིག་ཡིན་པ་ཚོར་བྱུང་ངོ་།།

 人生只有阶段性的意义没有永恒的不变的意义,

一个下午不经意间掉入一个四周闭环的一个空间,以为自己死了,变脑子里闪过已过了八十岁的自己的一生,情窦初开,遇到了蚀骨灼心的爱,后来回看也就那样,顶多是心头的一块疤。 

再后来忙于名利,攀比,感觉天不负勤勉有上进心的人。像个被关押在黑暗处几千年方得自由的野兽,吞噬,怒吼,与天齐的傲慢。回头看也不过是一时兴起,中年的时候意义好像全部都被家庭所牵扯,像个温顺的水牛被妻小的生机牵着鼻子走,孩子都各奔东西了,相依为命的爱人也离世了,迟迟的在轮椅中发一整天呆似乎成了每天的核心。

 人生似乎从来没找到过永不放弃的原则。更没有持之以恒的坚持。只不过像是在舞台上,每段岁月的街拍中扮演着每段岁月的角色。到头来感受少刻停留在养老院暖气管上的阳光和窗外偶尔掉落的枯叶似乎是唯一的一生的解药。


边坝仓
状态 归零
 最新文章