རྟོག་གེ་པ། 一生伏首拜舍翁

文摘   科技   2023-10-11 10:36   甘肃  

སངས་རྒྱས་ཀྱི་བཀའ་ཚད་མ་ལྟ་བུ་གཞལ་བྱའི་གནས་གསུམ་ཆར་བརྗོད་བྱར་སྟོན་ཞིང་། མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད་པ་དང་། ལྐོག་གྱུར་སྟོན་པ་ལ་རྗེས་དཔག་གིས་གནོད་པ་མེད་པ་དང་། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་རང་ཚིག་སྔ་ཕྱི་འགལ་བ་མེད་པ་བཅས་མངོན་རྗེས་རང་ཚིག་གསུམ་གྱིས་མི་གནོད་པའམ་སྐྱོན་དག་པའོ་ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བྱོན་པ་ནས་བཟུང་ལྟ་གྲུབ་ལ་མཚན་ཉིད་རིག་པས་ངེས་པར་མཐའ་དཔྱོད་གཏོང་དགོས་པ་ནི་ནང་བ་སངས་རྒྱས་པའི་སྲོལ་རྒྱུན་ཞིག་ཏུ་ཆགས་ཡོད། རྒྱའི་མཁས་པ་ཁུང་ཙི་ཡིས་ཀྱང་གང་འདོད་དུ་འོལ་ཚོད་མི་བྱེད་པ་དང་། གང་འདོད་དུ་ཐག་མི་གཅོད་པ། གང་འདོད་དུ་ཨུ་ཚུགས་མི་བྱེད་པ། གང་འདོད་དུ་རང་རློམ་མི་བྱེད་པ་བཅས་གཏན་དུ་བྱེད་མི་རུང་བཞི་ཡིན་ཞེས་གསུངས་ཡོད། སངས་རྒྱས་བཅོམ་ལྡན་འདས་སམ་ཁུང་ཙི་གཉིས་ལས་སུ་ཞིག་གི་ལྟ་གྲུབ་ཡིན་རུང་། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་རིང་མིའི་རིགས་ཀྱི་ལྟ་གྲུབ་ཐད་ལ་ཤན་ཤུགས་ཐེབས་ཡོད་པ་དང་། ད་ལྟའང་གསེར་ས་འོག་ན་ཡོད་རུང་འོད་ནམ་མཁའ་ཞེས་པའི་དཔེ་བཞིན་བློ་གྲོས་ཀྱི་འོད་སྣང་སྔར་བཞིན་ཡལ་མེད་པ་ནི་ཁོང་ཚོའི་ཕྲ་ཞིང་ཞིབ་པའི་རིགས་ལམ་གྱི་གཏན་ཚིགས་དང་ཁ་བྲལ་ཐབས་མེད།

དེ་རིང་དཔེ་དེབ་འདི་ཉིད་གྲོགས་པོ་སྤྲུལ་མིང་འཛིན་པ་ཞིག་ལ་འོས་སྦྱོར་ཞུས་པའི་གོ་སྐབས་དང་བསྟུན་ནས་རང་ཉིད་ཀྱིས་ཀྱང་ཡང་བསྐྱར་ཐེངས་གཅིག་ཀློག་པ་ཡིན། དེབ་འདིར་ཐོག་མར་སི་ཁི་བྷ་ཟི་ཁེ་ངོ་སྤྲོད་བྱས་ཡོད་དེ། སི་ཁི་བྷ་ཟི་ཁེ་ནི་ཨུ་རུ་སུ་གོང་མའི་རྒྱལ་ཁབ་ཀྱི་འབྱོར་ལྡན་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་པ་དང་། ཁོ་རང་ཆུང་དུས་ནས་བཟུང་ཧྥ་རན་སིའི་སྐད་དང་། འཇར་མན་སྐད། དབྱིན་ཇིའི་སྐད། གྷི་རིག་གི་སྐད་དང་། ལ་ཏིང་ཡི་གེ་བཅས་ལ་ནང་བྱན་ཆུད་ཐོག །གྷ་ཧྥི་ཁིའི་སྐད་དང་གནའ་བོའི་ཡོ་རབ་བྱང་མའི་སྐད། འཇར་མན་གྱི་གནའ་བོའི་ཧེ་ས་ཆའི་སྐད། ཆོས་ཚོགས་ཟི་ལ་བེ་ཁི་ཡི་སྐད་བཅས་ལ་སྦྱངས། དེ་མཚུངས་སཾསྐྲི་ཏའི་སྐད་དང་པྲ་ཀྲྀ་ཏའི་སྐད། རྒྱ་ནག་སྐད། ཇཉྫུའི་སྐད་ཤེས་ཐོག །བོད་ཡིག་ཀྱང་ཅུང་ཟད་རྟོགས་ཀྱིན་ཡོད་པ་དང་། ཕིས་ཐི་སི་པོ་སློབ་ཆེན་དུ་ཤར་ཕྱོགས་རིག་པའི་སྐད་ཡིག་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར། 

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་ཡིག་གི་བྲིས་དཔེ་མང་བོ་གནང་སྦྱིན་མཛད་མུར། རང་གི་སྦྱངས་སྟོབས་ལས་བྱུང་བའི་སྐད་བརྡའི་ཕྱོགས་ཀྱི་ཡོན་ཏན་དང་སཾསྐྲི་ཏའི་སྐད་མཁྱེན་པ་ལ་བརྟེན་ནས་རྒྱ་གར་གྱི་པཎྜི་ཏ་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྤྲིན་གྱི་ཕོ་ཉ་དང་། ཕྱི་རོལ་གཅེར་བུ་བའི་གྲུབ་མཐའ་ལ་ཞིབ་འཇུག་གནང་བས། གནའ་བོའི་རྒྱ་གར་གྱི་སྐད་བརྡའི་ཞིབ་འཇུག་ཕྲ་ཞིང་ཞིབ་པ་གནང་ལུགས་སོགས་ལ་ཤིན་ཏུ་ཡི་རང་བར་གྱུར། 

རྗེས་སུ་གནའ་བོའི་རྒྱ་གར་གྱི་ཤར་ཕྱོགས་མཚན་ཉིད་རིག་པའམ་བྲམ་ཟེའི་གཏན་ཚིགས་རིག་པ་དང་འབྲེལ་བ་ཟབ་པའི་ཆོས་མངོན་པ་མཛོད་དང་སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་ཀྱི་འགྲེལ་བ། དེ་ལས་གཞན་སློབ་དཔོན་ཆོས་གྲགས་དང་ཕྱོགས་གླང་། ཆོས་མཆོག་སོགས་ཀྱི་གསུང་རྩོམ་སྐོར་ལ་ཞིབ་འཇུག་རྩེ་གཅིག་ཏུ་མཛད། ཕྱིས་སུ་ཐེག་དམན་སྡེ་བའི་ལུགས་ཀྱི་དགོངས་དོན་གཅིག་ཏུ་དྲིལ་བ་ནང་བ་སངས་རྒྱས་པའི་སྤྱི་དོན་དང་ཆོས་ཀྱི་སྙིང་བོ་ཞེས་པ་དང་། ཐེག་ཆེན་སྨྲ་བའི་དགོངས་དོན་གཅིག་ཏུ་དྲིལ་བ་ནང་བའི་སངས་རྒྱས་པའི་སྤྱི་དོན་ཞེས་པའི་དེབ་གཉིས་མཛད་པ་དང་། སྐུ་ཚེའི་སྨད་དུ་དུས་ཕྱིས་ཀྱི་ནང་བའི་རྗེས་འཇུག་པའི་ཤེས་རྟོགས་རིག་པ་དང་གཏན་ཚིགས་སྐོར་སོགས་གསར་རྩོམ་མཛད་པ་དང་། ཁོང་གི་གསུང་རྩོམ་དག་ལས་ཆེས་གྲགས་ཆེ་བ་ནི་སྐུ་ཚེ་ཧྲིལ་བོའི་ཆེས་མཐའ་འཇུག་གི་གསུང་རྩོམ་སྟེ། ནང་བ་སངས་རྒྱས་པའི་མཚན་ཉིད་རིག་པ་ཞེས་པའི་དེབ་འདི་ཉིད་ཡིན་པ་དང་། དེར་ཤར་ནུབ་གཉིས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་གཤིབ་སྡུར་བྱས་ཏེ། ཕྱིས་ཀྱི་ནང་བ་སངས་རྒྱས་པའི་ཤེས་རྟོགས་རིག་པའི་གཏན་ཚིགས་རིག་པར་ཕྱོགས་ཡོངས་ནས་དཔྱད་པ་བཏང་ཡོད་པ་དང་། ཕྱིས་སུ་ཁོ་བོས་ཀྱང་ཀློག་པ་པོ་རྣམས་ལ་དཔེ་དེབ་འདི་ཉིད་འཚམས་སྦྱོར་ཞུ་འཆར་ཡོད་དོ། ། 

ཚད་མ་རྣམ་འགྲེལ་དང་ནུབ་ཕྱོགས་ཀྱི་ཉེ་རབས་མཚན་ཉིད་རིག་པའི་མཐོང་སྣེ་གཉིས་གཤིབ་སྡུར་བྱས་ཏེ་དཔེ་ཀློག་ལ་འཇུག་པ་ནི་མྱོང་བ་ཁྱད་དུ་འཕགས་པ་ཞིག་གོ།

如佛语量。三分宣说所量事物;于现前者,不违现量,于隐蔽者,不违比量;于最级隐蔽者,不与前后自语相违。这一逻辑思维,是自师尊以降的佛教的纯粹批判性哲思的传统。《论语·子罕第九》子绝四:毋意,毋必,毋固,毋我。不管是师尊还是孔夫子,之所以其思想可以影响人类两千多余年之际依然万古长青,散发着最为耀眼的人类智慧。往往与其学说奉为圭臬的内在缜密、严谨的逻辑性是不容分开的。

今天借向一位仁波切朋友推荐此书的机缘,再从头开始复读这本书。首先介绍一下舍尔巴茨基,他出生于帝皇俄国时期的一个贵族家庭。自小精通法、德、英、希腊语和拉丁文,在此基础上,学习了哥特语、古代北欧语及古代德国高地语、教会斯拉夫语。同时通晓梵语、巴利语、汉语和满语,以及一定程度的藏文。并于彼得堡大学执教东方语言学系。

在十三世馈赠的大量藏文抄本,及其后天培养的极其深湛的语言学功底,又在古梵文的基础上,钻研了迦利陀莎的《云使》(རྒྱ་གར་གྱི་པཎྜི་ཏ་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ།)及耆那教(གཅེར་བུ་པ།)的要义。并深为古印度学者精于语言分析的思想流派及直探原典的学风所膺服。

而后全身心投入到钻研脱胎于古印度东方逻辑学,或者说婆罗门哲学的,世亲的《俱舍论》和世友的释本以及法称、陈那、法上著作的相关研究。而后发表了对于小乘佛法提纲挈领的总结性著作《佛教的中心概念和法的意义》,以及对大乘佛教总结性的书籍《佛教的涅槃概念》(两书现分别译为《小乘佛学》和《大乘佛学》)一书,以及《晚期佛教徒学说中之认识论和逻辑》等著作。

旦舍氏毕生最大研究和论点的集大成权威著作,也是其最后一部著作便是我今后要与大家分享的这部《佛教逻辑》(两卷本)。它通过比较对比和通融东西方逻辑学,对晚期佛教认识论逻辑做了充分的评估。《释量论》与近代西方哲学家的视角对比着研读是一种很棒的阅读体验。



边坝仓
状态 归零
 最新文章