❀ ཤིས་ཚིག་ཀཱ་ལིའི་འཕྲེང་བ།
༸ ཀ་ར་སིལ་ཏོག་ལ་སོགས་ཟས་རིགས་ཀྱི།།ཁ་མངར་ཞིམ་དགུའི་རོ་ལ་ལོངས་སྤྱོད་ཅིང་།།ག་ས་གང་ནས་འཛོམས་པའི་གཉེན་དང་ལྷན།།ང་ཚོས་སྐྱེས་སྐར་གཉིས་འཛོམས་དུས་འདི་བསུ།།ཅ་ཅོའི་ལོང་གཏམ་སྨྲ་བ་ཡོངས་སྤངས་ཏེ།།ཆ་ལུགས་རང་རིགས་སྲོལ་དང་མཐུན་པའི་ངང་།།ཇ་མར་ཤ་ཐུད་འོ་ཞོའི་རྒྱ་མཚོ་ལ།།ཉ་མོ་འཁྱུག་བཞིན་ཅི་དགར་ལོངས་སུ་སྤྱོད།།ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་པ་ཡི།།ཐ་དད་གྲུབ་མཐའ་འཛིན་པའི་དགེ་འདུན་སྡེ།།ད་ལྟ་ནས་བཟུང་ཕྱོགས་རིས་མི་བྱེད་པར།།ན་མཉམ་སྤུན་བཞིན་མཐུན་པའི་བཀྲ་ཤིས་ཤོག།པ་སངས་ལྟར་དཀར་ལྷག་བསམ་སྲོལ་མེད་ཀྱིས།།ཕ་མར་གཅེས་སྐྱོང་བྱེད་པའི་བུ་ཕྲུག་རྣམས།།བ་མོའི་འོ་མ་ཇི་བཞིན་འདོད་འཇོ་བའི།།མ་ལུས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག །ཙ་རི་ནས་བཟུང་བོད་ཀྱི་ནུབ་མཐའ་དང་།།ཚ་བ་ཆེ་བའིཤར་ལྷོའི་ཡུལ་མཐའི་བར།།ཛ་དྲག་འཁྲུག་རྩོད་ནམ་ཡང་མི་འབྱུང་ཞིང་།།ཝ་སྐྱེས་སྤྱོད་ངན་ཟད་པའི་བཀྲ་ཤིས་ཤོག །ཞྭ་ལྟར་སྤྱི་བོའི་གཙུག་ཏུ་བཀུར་འོས་ཤིང་།།ཟ་འཐུང་གཉིད་ལ་སྲེད་པ་རིང་སྤངས་པའི།།འ་ཅག་བོད་ཀྱི་ཤེས་རིག་སྤེལ་མཁན་དག །ཡ་མེད་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཤོག །ར་ལུག་ལ་སོགས་རྐང་བཞིའི་ཕྱུགས་གཡང་དང་།།ལ་ལུང་ཁེབས་པའི་འབྲུ་རིགས་སྣ་ལྔའི་གཡང་།།ཤ་མར་ཟས་སོགས་ཕུན་ཚོགས་འདོད་དགུའི་གཡང་།།ས་སྟེང་འདི་རུ་གང་བའི་བཀྲ་ཤིས་ཤོག།ཧ་རིའི་བསུང་ཞིམ་ཐུལ་པའི་ཁ་གཡང་འདི།།ཧ་ལོའི་མེ་ཏོག་ཆུན་པོ་ཞིག་གི་ཚུལ།།ཨ་མ་གཙོ་བྱས་བོད་རིགས་སྤུན་ཟླ་ལ།།ཨ་མཆོག་རྒྱན་དུ་སྙིང་ནས་ཕུལ་བ་ལགས།།
❀如梦亦如幻:拂晓的桑科群星簌簌坠落,化作露珠钻进了昼夜的间隙,湿润了月桂花也流进了我的晨梦。宛如丝带的薄雾下涓涓细流开始低吟六字真言,花草呼出的奶香与云波,在这里被人们眷顾着,幸得山神垂爱的,除了草原的广阔,还有那灌木间的莺燕与草露,这是今天这个神佛眷顾的一天。今天本来是我生日,恰巧也是“边坝仓”公众号的七岁生日。希望接下来的岁月里也请大家多多关照,我也会通过边坝仓平台努力为大家分享正知正见及自己的感悟。