༄༅།།དཔལ་འབར་བྱམས་པ་གླིང་དགོན་གྱི་ལོ་རྒྱུས་བྱུང་བ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
ༀ་སྭ་སྟི།དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་གསུམ། །རིགས་གསུམ་ངོ་བོར་ཤར་བའི་གསང་གསུམ་ཉིད།། གསུམ་ལྡན་རིག་འཛིན་བསྡུས་སྐུར་ ལེགས་ཤར་བ། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མར་འདུད། །བསྟན་པའི་འཁོར་ལོ་གཅིག་མིན་དུ་མར་འཆར་བའི་རྡོ་རྗེ་འཛིན། །བསྟན་མཁས་ཡོན་ཏན་གཉིས་ལྡན་གནས་བརྟན་འདུལ་བ་འཛིན་པ་ཉིད། །ཆོལ་གསུམ་གདུང་བ་སྐྱོབས་པའི་མཛད་བཟང་གདུགས་དཀར་བླ་ན་གཡོ། །འགྲོ་བའི་མགོན་ པོ་ཆོས་རྒྱལ་འཕགས་པར་འདུད་དོ་ཤེས་པ་སྒྲུབ། །གང་ཞིག་སྔོན་བསགས་ གཅིག་ཏུ་དཀར་བའི་རྒྱུ་ཚོགས་སྨིན་པ་ལ། །ཇི་ལྟར་སྤྲིན་བྲལ་མཁའ་ལ་ བཀོད་པ་བཀྲ་བ་ལྟར། །གདུལ་བྱའི་བསོད་ནམས་མཁའ་རུ་སྐུ་ཡི་བཀོད་པ་འབུམ་བཀྲ་བ། །ལེགས་སྨོན་གྲུབ་པ་སྡེ་འདིའི་མཁན་རབས་རིམ་བྱོན་རྣམས་ལ་དད། །འདོད་པའི་འབྲས་སྟེར་རིན་ཆེན་དབང་རྒྱལ་སྲིད་ན་རྙེད་དཀའ་བ། །བློ་བཟང་བསྟན་ལ་མདོ་སྔགས་བཤད་སྒྲུབ་འཛིན་སྐྱོང་སྤེལ་མཁས་པ། །བླ་མེད་བྱང་ཆུབ་ཆེན་པོར་བདེ་བླགས་བགྲོད་པའི་འཕྲུལ་འདེགས་ཅན། །རིན་ཆེན་བྱང་ཆུབ་ཅེས་གྲགས་བླ་མ་མཆོག་ལ་གུས་པས་འདུད། །དཔལ་ ལྡན་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །འབར་བའི་འོད་ཀྱིས་ས་གསུམ་ཀུན་ལ་ཁྱབ། །བྱམས་པ་ཆེན་པོའི་འགྲོ་ཀུན་སྨིན་གྲོལ་ལམ། །བགྲོད་གླིང་ དགའ་ཚལ་དགོན་འདིས་ཆར་དུ་བསྙིལ། །དེ་ཡང་གངས་རིའི་མུ་ཁྱུད་ཀྱིས་ཟླུམ་པོར་བསྐོར་བའི་ཡུལ་དུ་སྔོན་བྱོན་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་ རྣམས་ཀྱི་ཐུགས་རྗེའི་ཐབས་འཕྲུལ་ལས་ཕན་བདེའི་འབྱུང་གནས་རྒྱལ་ བསྟན་རིན་པོ་ཆེ་ཚང་ལ་མ་ནོར་བ་ཡོངས་ཁྱབ་ཏུ་དར་ཞིང་ཁོ་ར་ཁོར་ཡུག་གི་རི་སུལ་གོ་མཚམས་མེད་པར་བཤད་སྒྲུབ་ཀྱི་སྡེ་བགྲང་གིས་མི་ལང་བས་ཡོངས་སུ་གཏམ་པ་དག་ལས་འཆད་རྩོད་རྩོམ་གསུམ་དང་།ཐོས་བསམ་ སྒོམ་གསུམ་གྱི་བགྱི་བ་བླ་ན་མེད་པས་མདོ་སྔགས་ཐུབ་བསྟན་ཡོངས་རྫོགས་ལ་བྱ་བ་བྱས་པས་དམ་པའི་སྐྱེས་བུ་ཟམ་མ་ཆད་པར་ཁམས་གསུམ་འགྲོ་ བའི་བླ་མ་ཤར་ཙོང་ཁ་པ་དེ་ཉིད་མདོ་སྨད་ནས་དབུས་ཕྱོགས་སུ་ཕེབས་ སྐབས་ཞག་བཞུགས་གནང་མྱོང་བཤད་སྲོལ་དང་།བླ་མ་དབུ་མ་པའང་ ཕེབས་ནས་དཔལ་འབར་སྔགས་རྒྱུན་ཁང་དུ་སྒྲུབ་པ་ཡུན་རིང་གནང་བ་ མཐར་སྐུ་མྱ་ངན་ལས་འདས་པ་བཅས་དང་དགའ་ལྡན་ཁྲི་ཟུར་བསྟན་ འཛིན་ལེགས་བཤད་ཀྱང་ཕེབས་ནས་དཔལ་འབར་སྔགས་རྒྱུན་ཁང་དུ་ བཞུགས་ནས་འདོད་ཆོས་མཐའ་ཡས་གསུང་སྐད།དཔལ་དགོན་གྱིས་གོང་ ཞུས་ལྟར་སྐྱབས་རྗེ་བདེ་ཆེན་སྙིང་པོ་དགུང་ལོ་ལྔ་བཅུ་ང་བརྒྱད་ཐོག་ཆུ་ སྟོད་ཟླ་བའི་ཡར་ཚེས་ལ་ཕེབས་ནས་ཉིན་གྲངས་འགའ་དཔལ་དགོན་སྤྲོ་ སྐྱིད་ཁང་དུ་བཞུགས་ནས་རབ་བྱུང་གི་སྡོམ་པ་གནང་བ་དང་འཇིགས་བྱེད་དཔའ་གཅིག་དབང་ཆེན་གནང་བ་སོགས་མཛད་ནས་བྱོན།ལྷག་པར་ འཇམ་མགོན་ཙོང་ཁ་པ་ཆེན་པོའི་འཕྲིན་ལས་ཀྱི་གདུགས་དཀར་གཅིག་ གིས་ས་ཆེན་པོ་འདི་བར་མཚམས་མེད་པ་སྤུད་པ་ནས་བཟུང་།མཁས་མང་ ནམ་མཁའི་སྐར་ཚོགས་ལྟ་བུའི་རིན་ཐང་བྲལ་བའི་མདོ་སྔགས་ལེགས་ བཤད་ཀྱི་ཚོགས་དཔག་ཏུ་མེད་པ་གནའ་ནས་ད་བར་རྩ་ཆེའི་ཤུལ་བཞག་ཇི་སྙེད་ཅིག་འབྱུང་བ་ནི་འཇིག་རྟེན་དུ་ངོམ་སོ་བྱེད་ཆོག་པ་དང་།འཕྲལ་ དང་ཡུན་གྱི་བདེ་དགེ་ཕུན་སུམ་ཚོགས་པ་འབྱུང་བའི་གཞི་དམ་པར་ བསྔགས་པ་བླ་ན་མ་མཆིས་པར་སྨོན།དེ་ལ་འདིར་མདོ་སྟོད་དཔལ་འབར་ཆོས་སྡེའི་སྣོད་བཅུད་ཀྱི་བཀོད་པ་དང་གནད་དོན།ཆོས་སྡེ་ཆེན་པོ་ཇི་ལྟར་ ཆགས་པ་བཅས་ཀྱི་བྱུང་བ་རང་བཞིན་བརྗོད་པའི་རྒྱན་གྱི་བསྙན་པ་ལ། སངས་རྒྱས་ཕལ་པོ་ཆེ།སྙིང་རྗེ་པདྨ་དཀར་པོ།འཇམ་དཔལ་རྩ་རྒྱུད་དང་། ཁྱད་པར་བཀའ་གདམས་ཕ་ཆོས་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས།ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།རི་མཐོན་པོ་གནམ་གྱི་ཀ་བ་ཡོད།མཚོ་སྔོན་པོ་གཡུ་ཡི་མཎྜལ་ཡོད།གངས་ དཀར་པོ་ཤེལ་ཀྱི་མཆོད་རྟེན་ཡོད།སྤང་སེར་པོ་གསེར་གྱི་མཎྜལ་ཡོད།དྲི་ ཞིམ་པོ་སྨན་གྱི་གདུག་སྤོས་ཡོད།སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། གནས་འདི་ན་ཁྱེད་ཀྱི་ཞིང་ཁམས་ཡོད།ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད། ཅེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ཉིད་ནས་ལུང་གིས་བསྔགས་པ་ ལྟར།འཛམ་བུ་པྲྀཀྵས་མཚན་པའི་འཛམ་བུ་གླིང་འདི་ཐོར་ཅོག་རབ་དཀར་གངས་ཀྱི་རི་བོའི་འཁོར་ཡུག་ཏུ་མཛེས་པར་བསྐོར་བ།བོད་དང་བོད་ཆེན་པོའི་ཡུལ་གྲུ་འདི་ཉིད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ ཞིང་ཁམས་སུ་ལན་གཅིག་མིན་པ་ལུང་གི་ཡང་ཡང་ཟིན་པ་འདི་ཉིད་ལ། དབུས་གཙང་ཆོས་ཀྱི་ཆོལ་ཁ།མདོ་སྟོད་མི་ཡི་ཆོལ་ཁ།མདོ་སྨད་རྟ་ཡི་ཆོལ་ཁ།ཞེས་ཆོལ་ཁ་གསུམ་གྱི་ཡ་གྱལ།ད་ལམ་འདིར་མདོ་སྟོད་མི་ཡི་ཆོལ་ཁའི་བྱེ་བྲག།ཤོ་སྟར་ལྷོ་གསུམ་གྱི་ཡ་གྱལ།སྟར་རྫོང་གི་ཁོངས་དཔལ་འབར་ཆོས་སྡེ་ཇི་ལྟར་ཆགས་པའི་ས་བབས་ནི།ཇི་སྐད་དུ།ཁང་ས་ཞིང་ས་ས་ཡི་དགེ། ཁང་རྡོ་འཐག་རྡོ་རྡོ་ཡི་དགེ །ཁང་ཤིང་བུད་ཤིང་ཤིང་གི་དགེ །ཞིང་འབྲོག་རྐྱང་འབྲོག་འབྲོག་གི་དགེ།འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ།ཞེས་པ་ལྟར་དགེ་ བཅུ་ཚང་བའི་ཡུལ་ཁྱད་པར་ཅན།ཕྱོགས་དེར་ནང་བཅུད་ཀྱི་སེམས་ཅན་ ཆགས་ཚུལ་ནི་བོད་གངས་ཅན་ཀྱི་ལྗོངས་སུ་བྱ་དང་རི་དྭགས་སོགས་གནས་དུས་ངེས་མེད་ཀྱི་རང་བྱུང་ཁམས་ལ་སྔ་མོ་ནས་ཡོད་ཅིང་།མི་ཡི་འགྲོ་བ་ རྣམས་ནི་ཐོག་མར་གདུལ་བྱའི་དུས་སུ་བབས་པ་ནི།ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོར་འདུས་པ་ལས་བྱུང་བའི་སྤྲེལ་ཕྲུག་རྣམས་ལས།སེ་དང་།རྨུ།ལྡོང་།སྟོང་།དབྲ།འབྲུ་སོགས་མིའུ་གདོང་དྲུག་བྱུང་བར་བཤད། གཞན་ཡང་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བར།སྔོན་དམག་ཆེན་ དང་པོའི་སྐབས་རྒྱལ་པོ་རུ་པ་ཏྲི་དམག་ཕམ་སྟེ།བོད་གངས་ཅན་གྱི་ལྗོངས་སུ་གཞིས་ཆགས་པར་བཤད་པ་དང་།དེའི་བློན་པོ་རྡོག་ཞེས་པ་མདོ་སྨད་ གཞིས་ཆགས།གྲོང་ཚོ་ཡོད་པ་བཤད་པ་དང་།ས་སྐྱ་འཁོན་གྱི་གདུང་རིགས་མི་མ་ཡིན་ལས་སྐྱེས་པ་བཅས་མང་བ་འདུག།དེ་བཞིན་ཆོས་རྒྱལ་ཁྲི་སྲོང་ དུས་བྷ་ཏ་ཧོར་གྱི་སྒོམ་གྲ་ནས་པེ་ཧར་སྲུང་མར་གདན་པའི་ཆེད་འཕྱར་ དར་ལྗགས་ཡུ་མ་འཁྱེར་བའི་རུ་བཞིའི་དམག་བཏང་བ་རྣམས་ཀྱིས་སྒོམ་གྲ་བཅོམ་ནས་ཕྱིར་ལོག་དུས་དམག་རྣམས་ཕྱོགས་སོ་སོར་ས་སྲུང་དུ་བཞག་པར་བཤད་པ།ཕྱོགས་འདིར་ཡང་གཞིས་ཆགས་པ་རྣམས་ཤོ་སྟར་ལྷོ་གསུམ་ འབོད་སྲོལ་ལྡན།དེ་ལྟར་སྐྱེ་བོ་བགྲང་ལས་འདས་པའི་ཡིད་ངོར་གངས་ཅན་བོད་ལྗོངས་ནི་ལྟ་ན་སྡུག་པའི་ལྷ་སྒྲུང་ལྟ་བུ་ཞིག་འཆར་བ་དང་། བོད་དུ་ བསྐྱོད་རྒྱུ་ནི་སྐྱེ་བོ་མང་པོའི་མི་ཚེ་གཅིག་གི་ཕུགས་རེ་ཡིན་མོད།བོད་དུ་ དངོས་སུ་བསྐྱོད་མྱོང་བའི་སྐྱེ་བོས་བོད་ལྗོངས་ནི་ཡ་མཚན་ཆེ་བའི་རྨི་ལམ་དང་ལྷ་སྒྲུང་ལས་ཀྱང་ངོ་མཚར་ཆེ་བ་ཞིག་ཏུ་སྣང་།བོད་ལྗོངས་ནི་རྣམ་པ་བཀྲ་ལ་ལྟ་ན་སྡུག་པའི་འཇིག་རྟེན་ཞིག་སྟེ།ས་ཕྱོགས་གང་སར་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་བསྐྲུན་གནས་བཟང་དུ་མའང་ མཆིས།དེ་བཞིན་དཔལ་འབར་གྱི་མཛེས་པ་ནི་རི་བོ་དང་ཆུ་ཀླུང་ལས་ ཡོངས་སུ་མངོན་ཞིང་། ཁྱད་དུ་འཕགས་པའི་སྟེང་ནས་འཁོར་ལོ་རྩིབས་ བརྒྱད་ཀྱི་རྣམ་པར་བཀྲ་སྟེ།བར་བར་དུ་བཀྲ་ཤིས་རྟག་བརྒྱད་ཀྱི་བརྗིད་ ཉམས་དང་ལྡན་ཞིང་།འོག་ཏུ་པདྨ་འདབ་བརྒྱད་ཀྱི་དཔལ་ལ་བརྒྱན་ཅིང་།དེ་ནི་མདོག་གསུམ་མཚེའུ་ཡི་ངོ་མཚར་འབུམ་གྱི་ཕྱུག་པའི་མཛེས་ལྗོངས་ལྟ་ན་སྡུག་པ་ཉག་གཅིག་རེད་ལ།མིའི་འབད་བརྩོན་མ་བྱས་པའི་གདོད་མའི་རྣམ་པ་ངོ་མ་ཞིག་མཆིས་པ་མངོན།མ་གཞི་དཔལ་འབར་ནི་བོད་ལྗོངས་ལྷ་ས་བར་ལམ་ཐག་སྤྱི་ལེ་༨༠༠ཙམ་ཡོད་པ་དང་།དེ་བཞིན་ཆབ་མདོ་ནས་ལམ་ཐག་སྤྱི་ལེ་༤༠༠ ལྷག་ཙམ་ཡོད། ཤར་ཆབ་མདོ། ལྷོར་ཀོང་པོ། ནུབ་ཏུ་ལྷ་རི་ མགོ།ནུབ་བྱང་རྒྱལ་སྟོན་ཤོག་དགུ།བྱང་དུ་ཁྱུང་པོ་དཀར་ནག་ཁྲ་གསུམ་ཧོར་མཚོ་ཆེན་དགུ་རྣམས་དང་ས་འབྲེལ་ཡོད།རི་བོའི་གཉེན་ཆེན་ཐང་ལྷའི་ལྷོ་ངོས་དང་།བོད་ཤར་ལྷོའི་མཚམས་ཏེ་རྒྱལ་མོ་རྔུལ་ཆུ་དང་།ཡར་ཀླུང་གཙང་པོ།དམེ་ཆུ་བཅས་བཞུར་རྒྱུད་དུ་ཆགས་ཤིང་།ཇ་ལྟའི་གནའ་ལམ་གྱི་ཤར་ གངས་ལའི་ཀྱག་ཀྱོག་གིས་རྐང་ལམ་ཕྲ་མོའི་ནང་ཁོངས་སུ་རོང་ཆེན་མུ་ འཁྱུད་དང་རི་རབ་བགྲང་ལས་འདས་པ་མཁའ་དབྱིངས་སུ་འགྱིང་ངེར་ གནས།དེ་ཡང་བྱང་ཤར་ངོས་ཀྱི་རི་བོ་མང་ཆེ་བ་གཟར་ལ་རྩེ་མོ་གནམ་གྱི་ཀ་བ་དང་མཚུངས་ཤིང་ཚང་ཚིང་གིས་བརྒྱན་ཅིང་འགྱིང་ཉམས་དེ་བས་ དོད་པ་དང་།ལྷོ་ངོས་ཀྱི་རི་བོ་མང་ཆེ་བ་ནི་ཚང་ཚིང་རྩི་ཤིང་གིས་ཡོངས་སུ་བཀླུབས་ཤིང་གཡུ་འབྲུག་འཁྱུགས་པ་ལྟར་དུ་སྒང་གཤོང་འབུར་དུ་མངོན་པས་ལྟ་བས་མི་ངོམས་པ་གཅིག་ལས་གཅིག་འགྲན་ཞིང་སྤང་ལྗོངས་སྔོ་ཐིམ་ཐིམ་ཁྲ་ལམ་ལམ་བརྗིད་ཆགས་ཤིང་ཡིད་དུ་འོང་བ་དུ་མ་ཞིག་མཆིས།དེ་བཞིན་དཔལ་འབར་གྱི་གཙང་ཆུ་ནི་དེ་བས་ཀྱང་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་ཇི་སྙེད་ཅིག་མཆིས་ཤིང་།ལ་ལ་ཤང་ཤང་དལ་གྱི་བབ་པ།ལ་ལ་ རླབས་གཉེར་དགུང་དུ་འཕྱུར་ལ་བརྗིད་ཉམས་དཔལ་གྱི་བརྒྱན་པ།མཁའ་རླུང་བསིལ་ལ་དྭངས་གཙང་གི་ཉམས་དགའ་ཞིང་བག་ཡངས་པ།འཁོར་ ཡུག་མཛེས་སྡུག་དང་ལྡན་པ་ཉག་ཅིག་རེད།དེ་བཞིན་བརྗོད་ཀྱི་མི་ལངས་པའི་དཔལ་འབར་གྱི་གནའ་བོའི་རིག་དངོས་སྲོལ་རྒྱུན་དང་།མེས་པོའི་ ཞབས་རྗེས།རང་བྱུང་གི་འབུར་དོད།མཛེས་ལྗོངས་ཀྱི་གནས་རི།ངོ་མཚར་གྱི་མཚེའུ།ཡང་དགོས་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་འབར་བྱམས་པ་གླིང་དགོན་གྱིས་སྙིང་བཅུད་ཀྱི་དཔལ་འབར་མཆོག་སྤྲུལ་རིན་པོ་ཆེའི་ རྣམ་ཐར་བསྐོར་སོགས་བགྲང་ལས་འདས་པ་ཇི་སྙེད་ཡོད་པ་རྣམས་འབྱུང་འགྱུར་བོད་ཀྱི་མཛེས་ལྗོངས་དང་།རིག་གནས་སོགས་ལ་བརྩེ་ཞེན་ཆེ་བའི་སྐྱེ་བོ་ཡོངས་ཀྱི་སྤྱན་ལམ་དུ་ངོ་སྤྲོད་གོང་འཕེལ་ཡོངས་ཕྱིར་ལེགས་སྐྱེས་ཆུ་ཐིགས་ཙམ་འབུལ་ཐུབ་ན།དེ་བས་ཀྱང་གཟི་བསོད་བླ་ན་མ་མཆིས་པ་སྨོན།དེང་སྐབས་བརྟག་དཔྱད་གང་ཡང་མེད་པར་རང་སྣང་གང་དྲན་གྱི་གནས་ཚུལ་འགོད་པ་ནི་རིག་རྩལ་གྱི་ཉམས་འགྱུར་ཐད་མཁས་རྩལ་འདོན་པའི་ ཁུལ་ཡིན་རུང་དེས་ལོ་རྒྱུས་འཁྱོག་བཤད་དང་།མ་དག་རྒྱུན་འབྱམས་སུ་ འགྲོ་ཉེན་ཆེ་བའི་མདོ་རྒྱུད་རྣམས་ཀྱི་གོང་མའི་ལུང་དང་།མཁས་པའི་ གཞུང་།ཚད་མའི་རིག་པ་བཅས་ཀྱི་རྩོད་སྒྲུབ་ཐད་ལྡན་གྱི་སྲོལ་བཟང་རྒྱུན་ འཇགས་ཡོད་པ་ཞིག་ཡིན་པས།རང་སྣང་གང་དྲན་དུ་བྱེད་པ་ནི་ལོ་རྒྱུས་སྨྲ་བ་རྣམས་ལ་ཁྱད་གསོད་དང་།ཀུན་ལ་མི་མཐུན་པའི་རྒྱུར་འགྲོ་བ་ལས་ཅི།དེ་བས་ཕྱོགས་ཡོངས་ནས་ལོ་རྒྱུས་མཁྱེན་རྟོགས་ཐུབ་པ་གནང་རྒྱུ་ནི་གལ་ འགངས་ཆེན་པོ་ཡིན་སྟབས།ཆོས་དང་རིག་གནས།ལོ་རྒྱུས།སློབ་གསོ་སོགས་མ་འོངས་པར་ཁ་ཕྱོགས་པའི་ར་སྤྲོད་གསལ་པོ་མཚོན་ཐུབ་པ་འབྱུང་ཡོད། །
愿得吉祥!
三世诺佛智悲三功德,化为显密三部之三密;
三分正当持明略摄身,谦恭三恩根本上师者。
不为单轮宗教而照多轮持金刚,精通佛法持俩功德上座持戒者;
解救三区苦恼功勋白帐飘于上,谦恭修习众生怙主法王八思巴。
凡彼纯善宿业之因甚成熟,犹如置于无云晴空甚闪烁;
徒众福泽之空闪烁亿化生,信奉此方修得善愿历堪布。
给予善愿无上至宝在界难寻亦,善于护持宗喀教之显密讲修者;
平易行于无上摩诃菩提幻化者,谦恭礼赞共许仁钦降求妙上师。
祥瑞黄金千辐轮,闪烁之光遍三界;
大慈众生熟解道,乐园之寺化作雨。
此亦,围绕着连绵雪山的雪域,因先贤法王以及译师大师们的恩德与幻传而广为流传纯真的利安乐之源妙宝之法,周围山洼间毫无间隙的坐满无数讲修院进行着至高的讲辩著作以及闻思修的显密宗教。故而源源不绝的圣贤出现于此,也有三界众生上师宗喀巴大师在朵麦前往西藏之途在此夜宿的传说、喇嘛中观师也莅临此地长期修行于边坝密承室终究涅槃于此处,以及甘丹卸任赤巴旦增列协也莅临此地于边坝密承室进行无垠讲授佛法等传说。边坝寺同上述,至尊怙主德清宁波五十八岁之际藏历六月上半月莅临边坝寺宴社开许比丘戒以及给予独雄大威德金刚灌顶等。尤其在文殊怙主上师宗喀巴大师的功勋白帐覆盖此整个地域开始,从古至今满天星斗般的贤圣所创的无数宝贵显密经典等宝贵遗产为举世瞩目,羡慕称其为当前与长远圆满安乐的神圣之相。
由此,朵堆边坝佛寺的情器世间之庄严、要事以及如何形成此寺的历史以直叙修饰法讲述:《华严经》、《大悲白莲华经》、《大方广菩萨藏文殊利根本仪轨经》、尤其《噶当祖师问道录》中贡巧邦之本生传中记载:于东方金刚坐之北部,具有称悉补野蕃之地;具有巍峨高山之天柱,具有碧湖璁玉曼陀罗;具有巍峨雪山水晶塔,具有草原金色曼陀罗;具有香气药草之熏香,具有秋天黄金之花朵;具有盛夏璁玉之花朵,喏雪域之怙主观世音;此处存有您清净刹土,此清净刹土有您徒众。如此在多个显密经典中有授记,以赡部树而称的赡部洲之鬓装扮围绕着洁白雪山,吐蕃以及大吐蕃之域为不止一次被称作观世音菩萨之徒众刹土而出现在授记中。卫藏教区、朵堆人区、朵麦马区等藏地三区之一,朵堆人区之分支,雪达洛(ཤོ་སྟར་ལྷོ)三者之一 ,达宗(སྟར་རྫོང)之域的边坝佛寺的地势为,如言:田宅土质美、础磨石质美、屋薪木材美、远近牧草美、饮灌水性美等具备十美的圣地。如何在此方形成有情世界的经历呢?在雪域藏地从前就有飞禽走兽游离于大自然,人类成为徒众的时期为猕猴与夜叉结为夫妻而产下的猴群中出现色、木、董、东、惹以及柱等原始六氏族之说。另外在《胜天赞释》中有起初交战时期汝巴底战败而逃遁到雪山丛中,其大臣“夺”(རྡོག)氏驻扎于朵麦也有其村庄之说。又如萨迦昆氏为阿修罗所产出等多个说法。同样,在法王赤松德赞时期为了从巴达霍尔之地禅院迎请白哈尔护法所派遣挂着彩结飘幡的四茹军队,军队掠夺禅院之后返还途中将将士封为各方的守卫,驻扎于此地者有雪达洛(ཤོ་སྟར་ལྷོ)三者之称。如此,在无数世人心目中西藏如同绝伦的神话,进藏成为多个世人众生愿望,而且实际到达西藏的世人认为西藏远不及梦境与神话的奇妙稀奇。西藏为鲜艳精美的世界,各个地域都有多个与众不同的自然美景以及文化遗迹。同样边坝之美从山峰水川得以显现,上部显现为殊胜八福轮之形象,中部显现为吉祥八宝的巍峨,下部为八瓣莲花之庄严,如此为三色湖(མདོག་གསུམ་མཚེའུ)稀奇万分的绝伦美景,显现出天造地设的原始相貌。边坝离西藏拉萨有800公里,从昌都有400公里,东接昌都、南接工布、西接拉仁高(ལྷ་རི་མགོ)、西北接杰顿九部(རྒྱལ་སྟོན་ཤོག་དགུ)以及北接琼布黑白花三者(ཁྱུང་པོ་དཀར་ནག་ཁྲ་གསུམ)与霍尔九大部(ཧོར་མཚོ་ཆེན་དགུ)。位于念青唐拉山南坡、为藏东南界线的怒江、雅鲁藏布江、美曲流域。茶马古道之东的(གངས་ལ)弯曲的山路间有荣乾山脉等无数山峦直耸入云。东北部的多个山峰陡峭如同天柱且长有灌木丛使其显得极其巍峨,南部的大多山峰长满茂密的植被,而且有多个如青龙盘旋而显露陵谷而看不餍足的草地苍莽夺目极其奇伟壮丽。边坝有无数具备八功德的江河,有些哗哗缓流、有些则波涛汹涌极为壮丽。空气清凉且纯净使人欢愉而舒畅,风景美不胜收。同样,数不胜数的边坝古代文物习俗、祖先遗迹、自然景观、绝美的圣山、奇特的湖泊,尤其是无数贤圣之源边坝强巴林寺的之精华边坝活佛传记等无数经典若能展现于爱慕藏地风景及文化之人眼前而奉献水滴般的礼物,当属至高的光荣与福泽,当今,未经探究而自圆其说地记载情况像是侧重文艺表现出能力,实际上可能导致歪曲历史与谬种流传。因显密经典都长存先圣之教言、贤者之论、因明逻辑等的辩证的传统,自圆其说的行为实为对历史学家的藐视以及不同于公众之根。故而,全面知晓探究历史为重中之重。从而可明显证明宗教、文化、历史以及教育等面向未来。
དཔལ་འབར་ཞེས་པའི་ཐ་སྙད་བྱུང་ཚུལ་བསྐོར།
དེ་ཡང་དཔལ་འབར་ཞེས་པའི་ཐ་སྙད་གང་ལས་བྱུང་བ་སྙམ་ན་གནའ་ བོའི་དུས་ཁམས་ར་ལྤགས་ཐང་ཞེས་བརྗོད་སྲོལ་ཡོད།རབ་བྱུང་བཞི་པའི་ དུས་རྗེ་བླ་མའི་ཡང་སྲིད་གོང་མ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཤར་ཏི་ཤྲི་༼དགུང་གྲངས་བཅུ་གཅིག་སོ་གཅིག་ཞེས་པ་ས་སྐྱའི་གདུང་རབ་ཚད་མར་བྱེད།༽བྱོན་པའི་སྐབས་དེར་ཡ་མཚན་ཐང་ངམ་གཡམ་མཚེར་ ཐང་ལ་བསོད་ནམས་གསོག་པའི་བསྒྲུབ་གནས་ཀྱི་དགོན་པ་ཞིག་ཐུགས་ དམ་བརྟག་པ་ཞུས་པའི་ཁོང་གིས་དྲུག་ཅུ་ཡིན་ནམ་ཆོ་ག་ཞིག་མཛད་པའི་གཏོར་མའི་རྩེར་སྤོས་བཙུགས་གནང་ནས་དེར་རང་ཤུགས་ཀྱི་གང་ནའང་ འབར་བྱུང་ན་དེར་དགོན་རྒྱག་དགོས་གསུང་པའི་སྤོས་བཙུགས་པའི་གཏོར་མ་ཁྱེར་ནས་སོང་སོང་བས་འདི་ནས་མར་འགྲོ་ལམ་ཨི་ཡོད་སྙམ་པའི་གློ་ བུར་དུ་བྱ་རོག་ཞིག་འཕུར་ཡོང་བས་དེར་བརྟེན་འགྲོ་ལམ་དེར་ཕོ་རོག་བྲག་འགག་ཞེས་མིང་ཐོག་ཡོད།དེ་ནས་ཅུང་ཟད་མར་ཕྱིན་པས་ཁམས་ར་ ལྤགས་ཐང་དེའི་གོང་དུ་ར་མགོའི་དབྱིབས་ཅན་གྱི་བྲག་རྡོ་ཅུང་ཞིག་ཡོད་པདེར་སླེབས་དུས་སྤོས་རང་ཤུགས་ཀྱིས་འབར་བས་དགོན་པ་དེ་གར་ཕྱག་ བཏབ་པ་༼བོད་རབ་བྱུང་བཞི་པའི་སྤྱི་ལོ་༡༢༥༥ཡན་མན་འདྲ།༽གནང་ཤིང་བྱིན་གྱིས་བརླབས་ཏེ་སྤོས་འབར་ལྷ་ཁང་ཆུང་བ་ཐོག་མར་མིང་འདོགས་པ་ཡིན།དེར་རྟེན་སྔར་མོ་སྤོས་འབར་བརྗོད་ཅིང་སྒྲ་ཅུང་འགྱུར་བའི་རྐྱེན་གྱིས་ད་ལྟ་དཔལ་འབར་ཞེས་བརྗོད་དོ།གོང་གིས་ར་ལྤགས་ཐང་དེའི་གནའ་སྔ་མོ་ཁོག་མཚེར་གྱི་ནགས་ཚལ་སྟུག་པོ་དེའི་གཡས་གཡོན་ཚང་ཚིང་གྲོག་རོམ་དང་ལྡན་ཞིང་དེར་གཅན་ཟན་དྲེད་ཨ་མཚོ་མ་བརྗོད་པའི་མིང་ཅན་འཚོ་སྡོད་བྱས་ཏེ་མི་མ་ཡིན་རྫུས་ཞིང་ཡ་མ་ཟུང་གིས་ཉམས་འགྱུར་གྱི་འཚེ་བ་ བྱེད་ཅིང་སྨད་ཕྱོགས་གནས་བསྐོར་བ་འགྲོ་མཁན་གྱི་ཁམས་ར་རྩག་ཐང་ དྲེད་ཨ་མཚོ་མ་མ་ཐུག་བར་ཤོག།མ་འཚེ་བ་ཤོག་ཅེས་བག་ཁུམ་པའི་ དངངས་སྐྲག་བྱེད་བཞིན་སྨོན་འདེབས་བྱེད་པ་བཤད་སྲོལ་ཡོད།འགྲོ་བ་མི་ཡི་རིགས་རྣམས་མི་ལོ་སྟོང་གི་རིང་ལས་ལ་བརྩོན་ཞིང་བློ་དཀར་སེམས་ བཟང་དཔའ་མཛངས་ལྡན་ལ་ལོ་རྒྱུས་ཐོག་ཤོ་སྟར་ལྷོ་གསུམ་གྱི་དགྲ་འཐབ་ཁག་ལ་ཡུལ་སྲོལ་ཤེས་རིག་གི་ཆེད་དུ་དཔའ་སྙིང་ཆེ་བའི་གཤེན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་སར་ཚང་ཁ་ཤིག་ཤིག་ཞུམ་མེད་ངང་སྙན་གྲགས་ཡོད་པ་དབྱིན་འགོག་དམག་ཁྲུག་སྐབས་སུ་བྱས་རྗེས་བཞག་མྱོང་མཁན་སྙིང་སྟོབས་ཆེ་བ།ལྷག་བསམ་ལྡན་ཞིང་གཞུང་དྲངས་ལ་བློ་རིག་བཀྲ་བ།མཆོག་ཤེས་ཆེ་བ།དྲན་ཤེས་བག་ཡོད་དང་ལྡན་པའི་གཤེས་བཟང་རྒྱུན་འཛིན་སྐྱེ་རྒུའི་ ཚོགས་ལས་འབུར་དུ་མངོན་པ་བྱུང་སོང་།།
边坝之词的由来
此亦,思考边坝一词的由来为如何?古时有康热巴塘(ར་ལྤགས་ཐང)之称。第四热迥时师尊转世大元帝师八思巴(11、31岁是以萨迦世系史为主)莅临之际,祈求占卜在雅参塘(ཡ་མཚན་ཐང)或岩采塘(གཡམ་མཚེར་ཐང)修建一座积福修行的寺院时,其似乎进行六十食子仪式时将香插于食子顶部,并嘱咐这柱香在何地自燃就于此地修建寺院。于是,端着插香的食子走了很久之后,心想此处会有往下的路否时突然飞来了一只慈鸟因此那段路被称之为坡若关(ཕོ་རོག་འགག),之后往下走了一段之后到达康热巴塘(ར་ལྤགས་ཐང)上部形同羊头的岩石处那柱香就开始自燃,就此寺院在此处修建(约1255年左右)并加持并取名为白坝(སྤོས་འབར)小佛殿,因此,早期被称为白坝(སྤོས་འབར)因声音的转变而今称之为边坝。上述热巴塘(ར་ལྤགས་ཐང)在古时有荆刺密林左右为峡谷,相传此地有称阿措玛的马熊,化为鬼神以离奇的形象伤害路过之人,下部的朝拜者都祈祷别遇到康热巴塘(ར་ལྤགས་ཐང)的阿措玛熊,别被伤害。人类在一千多年的历史中勤劳善良英勇无比,在历史上雪达洛(ཤོ་སྟར་ལྷོ)三地的人为习俗文化视死如归而战名留青史,在抗英战争时期也有大勇气、衷心、正直、多智多谋、胜慧而继承良规的立大功者在众生之中愈发突出。
དཔལ་འབར་བྱམས་པ་གླིང་དགོན་གྱི་ཐོབ་ཐང་སོགས་ཀྱི་བསྐོར།
དེ་ཡང་དཔལ་འབར་བྱམས་པ་གླིང་དགོན་ཞེས་པ་སྤྱིར་ན་གཞུང་དགོན་ ཨང་གཉིས་པ་དང་།གཞུང་ས་དགའ་ལྡན་ཕོ་བྲང་།རྩེ་དྲུང་བཅུ་གཉིས་དང་།སྤེན་བད་སུམ་བརྩེགས།ཚོགས་དུང་གཉིས་བསྒྲིགས་བཅས་ཀྱི་ཐོབ་ཐང་། དཔལ་སྤྲུལ་མཆོག་ལ་བསྟན་པའི་གསལ་བྱེད་ཨེར་ཏེ་ནི་མེར་གན་མཁན་པོདང་།རིག་འཛིན་ཆེན་མོ་པཎ་ཌི་ཏའི་མཚན་སྙན་ཡོད་པ་མ་ཟད་ཉི་མའི་ གར་ཁྱབ་ཀྱི་བཀའ་ཤོག་ཡང་ཡོད་སྐད་འདུག་གོ།ཡང་སྒོས་གཞུང་ཆེན་ བཀའ་དཔོད་ལྔ་ལ་འཆད་ཉན་གྱི་གཙོས་ཡི་དམ་གསང་བདེ་འཇིགས་ གསུམ་དང་འབྲེལ།མདོ་སྔགས་ཟུང་དུ་འབྲེལ་བའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་གསེར་གྱི་ཡང་ཞུན་ལྟ་བུའི་ཞྭ་སེར་དགེ་ལྡན་རིང་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གཞི་གྱུར་ལ་ཡོངས་སུ་ཁྱབ་བོ།གནའ་བོའི་དཔལ་འབར་སྟར་རྫོང་ནི་མཚེའུ་གསུམ་གྱི་བར་དུ་ གནས་ཤིང་རྫོང་དཔོན་བྱུང་རིམ་གང་ཡིན་གྱི་མཚན་བཅས་གསལ་པོ་ངག་རྒྱུན་ལ་མེད་པ་དང་ཡིག་རིགས་རྙེད་སོན་མ་བྱུང་བས་བཀོད་མ་ཐུབ།བར་སྐབས་ཞིག་ལ་སྟར་རྫོང་དཔལ་དགོན་གྱིས་གཡོན་ཟུར་དུ་གནས་སྤོས་པ་ ནས་བཟུང་༼ རྫོང་དཔོན་དང་པོ་ཇོ་ལགས་དང་། ་༽དྲུང་ཡིག་རྒྱ་ཉེ་དབང་ ཕྱུག་དང་།༼ རྫོང་དཔོན་གཉིས་པ་སྣར་སྐྱིད་པ།མཚན་གཞན་རྫོང་ངན་མ་ ཡུལ་མིའི་བཏགས་པ་གྲགས ་༽དྲུང་ཡིག་རྒྱ་ཉེ་དབང་ཕྱུག་གི་བུ་བུ་བདུད་ འདུལ་དང་།༼ རྫོང་དཔོན་གསུམ་པ་ཧོར་ཟུར་དང་། ༽དྲུང་ཡིག་བུ་བདུད་ འདུལ་དང་།༼ རྫོང་དཔོན་བཞི་པ་རྨ་བྱ་དང་། ༽དྲུང་ཡིག་བུ་བདུད་འདུལ་ དང་།༼ རྫོང་དཔོན་ལྔ་པ་བུ་བདུད་འདུལ་དང་ ་༽དྲུང་ཡིག་བུ་བདུད་ འདུལ་གྱི་བུ་བློ་བཟང་ཡེ་ཤེས་དང། དྲུང་ཡིག་དབང་ཕྱུག་གི་སྤུན་མཆེད་ དགེ་ངག་དབང་ཆོས་འབྱོར་ནི་སེར་རྭ་དགོན་དུ་གཞུང་ལུགས་ལ་གསན་ བཞེས་དང་རྒྱུད་སྨད་དུ་ལོ་བཅུ་ལྷག་སྔགས་ཕྱོགས་ལ་གསན་བཞེས་གནང་སྟེ་སྔགས་རམ་གྱིས་མཚན་སྙན་ཐོབ་པ་རྗེས་སུ་སྐབས་འགར་དཔལ་དགོན་བདེ་མཆོག་ཁང་གིས་སློབ་དཔོན་གནང་བ་ཡུན་རིང་བ་ལྷ་རྩེ་དགོན་དང་ར་མ་ཐང་དགོན་འོལ་པོ་ཆུ་མགོ་བཅས་ལ་བསྒྲུབ་པ་རྩེ་གཅིག་ཏུ་གཞོལ་བ་སོགས་མཛད་དོ།།རྫོང་གིས་ཁོངས་སུ་ལྡིང་ཁག་བདུན་ཡོད་དེ།ཕུ་ཡུལ་ལྡིང་།དམེ་ཤོད་ལྡིང་།ལྕགས་ར་ལྡིང་།ས་ཤོད་ལྡིང་།ཨ་ལ་ཐང་ལྡིང་།ལྕགས་གོང་ལྡིང་།རྣམ་རྒྱལ་དགོན་ལྡིང་བཅས་སོ།དེ་ཡང་བརྗིད་ཉམས་ཆེ་ཞིང་མཐོང་ཡུལ་གྱི་ཡིད་དབང་མེད་དུ་འཕྲོག་པའི་དཔལ་འབར་བླ་བྲང་དང་།སྤྱི་ཡི་འདུ་ཁང་ཆུང་བ།ར་ནག་མ།གསང་འདུས་ཁང་།བདེ་ཆོག་ཁང་།ལྷ་ཁང་ཆུང་བ།སྤྱི་ཆེན་འདུ་ཁང་།སྔགས་རྒྱུན་ཁང་།མི་དྲུག་བ།རིགས་གསུམ་མགོན་པོ།ཚེ་ཆུ་བུམ་པའམ་མཆོད་རྟེན་དཀར་ཆུང་།དཀྱིལ་འཁོར་བཅས་དང་།གཞན་ཡང་གནའ་བོའི་སྟར་རྫོང་།སྟག་རྩེ་མཁར་སོགས་དུ་མ་ཇི་སྙེད་ཅིག་མཆིས་པ།དེ་དག་གི་ཐོགས་བརྩེགས་མང་ཉུང་།གཞི་རྒྱ་ཆེ་ཆུང་།ནང་རྟེན་སྐུ་གསུང་ཐུགས་རྟེན་གཙོ་བོ་དང་གྲངས་འབོར།མཆོད་རྫས།གྲྭ་ཚང་གཉིས་ཀྱི་དགེ་འདུན་པ་མང་ཉུང་རྒྱུན་གཏན་ཚོགས་ཆོས་གང་དགོས།ཚུལ་མཐུན་གྱི་སྒྲིག་གཞི།གཞིས་ཁག།ནོར་མ།ཕྱུགས་རིགས།ས་ཞིང་།ས་ཁོངས་གང་ཡིན་བཅས་འགོད་པ་ལ།
边坝强巴林寺的地位等
此亦,为边坝强巴林寺赐予了第二政府规定寺院、甘丹颇章地方政府、十二孜仲、三层柽柳墙、两组法角号等的地位。为边坝活佛赐予阐明圣教额尔德尼梅干堪布以及大持明班智达的称号而且也赐有太阳普照等的敕令等的传说。尤其,是作为以讲修五部大论为主结合密集胜乐大威德三本尊进行继承发扬金汁般的显密相结的讲修妙法即黄帽格鲁派之教法之处而共许。古代边坝达宗(སྟར་རྫོང)为位于三色湖之中央,因历代县令任免极其称谓等未记述于传说与文字之内而无法记录于此。一时间达宗(སྟར་རྫོང)迁移到边坝寺左边之后,记有(第一任县令觉拉)极其秘书嘉聂·旺秋、(第二任县令纳吉巴,当地人称其为坏县令)秘书位嘉聂·旺秋之子杜堆、(第三任县令为霍尔苏)秘书为杜堆、(第四任县令为玛恰)秘书为杜堆、(第五任县令为杜堆)秘书为杜堆之子罗桑益西。秘书旺秋兄弟阿旺曲觉在色拉寺进行理论的修习之后十年在下密院修习密宗成为密乘学者,之后长期于边坝寺胜乐金刚殿做轨范师,拉孜寺、热玛塘寺以及沃波泉水等地进行专注修行。县境内有七大部落,普域部落、麦雪部落、嘉热部落、萨雪部落、阿拉塘部落、嘉工部落、南杰工部落等(ཕུ་ཡུལ་ལྡིང་།དམེ་ཤོད་ལྡིང་།ལྕགས་ར་ལྡིང་།ས་ཤོད་ལྡིང་།ཨ་ལ་ཐང་ལྡིང་།ལྕགས་གོང་ལྡིང་།རྣམ་རྒྱལ་དགོན་ལྡིང)。另外,具有巍峨不由自主夺人耳目的边坝拉章、小经堂、大黑院、密集殿、胜乐殿、小佛殿、大经堂、密承室、弥周哇、三怙主、长寿泉水宝瓶或小宝塔以及曼陀罗等,另有古时的达宗(སྟར་རྫོང)堡及达孜堡等。记述这些场所的楼层多少、面积大小、主要的佛像佛经佛塔、数量、供品、两大扎仓的僧侣数量、平时法会内容、戒律、庄园、财物、家畜、田地以及属地等。
སྤྲུལ་སྐུའི་བླ་བྲང་ལ་བྱམས་ཁང་ལ་ཀ་རིང་༤དང་ཀ་ཐུང་༢ཐོག་བརྩེགས་ལྔའི་སྟེང་རྒྱ་ཕིབས་ གྷན་ཇི་ར་སྤེན་བད་སུམ་བརྩེགས་དང་།འོག་མིན་ཁང་།འདུ་ཁང་ལ་ཀ་རིང་༢དང་ཀ་ཐུང༡༤ཐོགས་བརྩེགས་གསུམ།སྟེང་དུ་གསེར་གདུང་ཁང་དང་། གཟིམ་ཆུང་ཁག་སོ་སོར་གཡས་གཡོན་ཕྱག་བཞི་ཁང་མདོ་སྦུག་ཀ་ཐུང་༩།ལྷ་མོ་ཁང་མདོ་སྦུག་ཀ་ཐུང་༩།ཤར་མཛོད།ནུབ་མཛོད།སྤྱི་ར་ཁང་ལ་ཐོག་ བརྩེགས་གཉིས་ཕྱག་མཛོད་ཁང་།གསོལ་ཐབས་ཁང་།སྟག་ཕུ་གསོལ་ཐབས་ཁང་།རྣམ་སྲས་མཛོད་ཁང་།ཆིབས་སྒ་ཁང་།མཛོ་ཁང་།འཁོར་ཆེན་ཁང་ བཅས་གཙོས་ཁག་སོ་སོར་དུ་མ་ཡོད་པར་རྣམས་བསྡོམས་ཀ་བ་སུམ་བརྒྱ་སུམ་ཅུ་སོ་དགུ་དང་།གཞན་སྤྲོ་སྐྱིད་ཁང་ཐོག་བརྩེགས་གཉིས་ཀ་བ་བཅུ་ དྲུག་བཅས་ཡོད།བླ་བྲང་གི་རྟེན་གཙོ་བོ་གསེར་ནག་ལས་གྲུབ་པའི་འཇིགས་བྱེད་ལྦ་བ་མིའི་སྐུ་མཐོ་གསུམ་ཙམ་གཅིག།གཡང་ཊིའི་ཐུབ་དབང་མཐོ་ གཉིས་ཙམ་ཡོད་པ་གཅིག།ཙནྡན་སྦྲུལ་གྱི་སྙི་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀྭེ་ཤོ་ར་ལ་ཉེ་སྲས་བརྒྱད་ཀྱི་བསྐོར་བ་སྐུ་ཚད་ཁྲུ་གཉིས་ལྷག་ཡོད།ཟངས་ གསེར་ལས་གྲུབ་པའི་ཇོ་བོ་སྐུ་འདོམས་གསུམ་ལྷག་ཙམ་དང་།ཟངས་གསེར་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག་དང་།གནས་བརྟན་བཅུ་དྲུག།རིག་ལྡན་ཉེར་ལྔ་ཁྲུ་གང་ལྷག་ཙམ་བཅས་དང་།ཟངས་གསེར་ལས་གྲུབ་པ་ཚེ་ལྷ་རྣམ་གསུམ་རྡོ་རྗེ་སེམས་པ་བཅས་སྐུ་ཚད་འདོམས་གཉིས་ཙམ།ཟངས་གསེར་ ལས་གྲུབ་པའི་གུ་རུ་མཚན་བརྒྱད་བཅས་སྐུ་ཚད་འདོམས་གང་ལྷག་ཙམ་ དང་།ཟངས་གསེར་གྱི་དཔལ་སྤྲུལ་དྲག་སྔགས་གླིང་པའི་སྐུ་བརྙན་སྐུ་ཚད་འདོམས་གང་ལྷག་ཙམ།ལི་ལས་གྲུབ་པའི་མཆོད་རྟེན་སྤུ་གྲི་མ་འགའ་ཤས་ཡོད་པ་གྲངས་མ་ངེས།ཡང་གསེར་ཐང་རིགས་མང་པོ་ཡོད་ཀྱང་གྲངས་མ་ངེས།
活佛府邸
弥勒殿具4长柱与2短柱,五层之上有屋顶,屋脊宝瓶有三层柽柳墙。密刹殿以及经堂有2长柱与14短柱,以及三层,顶端有金塔殿以及寝宫各有左右为四臂观音殿室内外9短柱以及拉姆殿室内外9短柱,东库、西库以及公殿各两层,管家房、膳食房、达普膳食房、财神库房、鞍辔房、犏放、大经筒房等主要殿宇共有三百三十九柱,另有两层16柱的宴社。府邸主要圣物为由纯金打造约三卡的大威德金刚赘疣之像、约二卡的玉质佛像、二尺蛇心旃檀制成的洛迦夏热围有八大随弟子之像、三庹高的金铜质释迦摩尼像、金铜质二十一尊度母像、十六尊者、一庹香巴拉廿五代法胤、二庹高的金铜质三尊长寿佛以及金刚萨锤像、一庹高金铜质莲花生八号、一庹高金铜质边坝活佛扎娥林巴像、多个青铜质利刃佛塔未计数,还有多个金唐卡也未计数。
གསང་འདུས་གྲྭ་ཚང་ལ། འདུ་ཁང་སྒོ་བྱང་ཀ་ཐུང་༡༦དང་ཀ་རིང་༤ཐོག་བརྩེགས་གཉིས།བྱམས་ཁང་ལ་ཀ་བ་༡༢སུམ་ཐོག། པ་ར་ཀ་བ་བརྒྱད། མགོན་ཁང་ལྷོ་ཤག་བཅས་ཐོག་ བརྩེགས་གཉིས་བསྡོམས་ཀ་བ་ ༡༠༨ ཡོད། གྲྭ་ཚང་འདིའི་དགེ་འདུན་པ་ གྲངས་༣༢༥རྟེན་གཙོ་བོ་ལི་མ་ལས་གྲུབ་པའི་བྱམས་པ་ཐོག་ཁྲི་མ་སྐུ་ཚད་མི་གཟུགས་ལས་ཅུང་ཆེ་བ་བཞུགས་ཁྲི་ཐོག་ལས་གྲུབ་པའི་ཐོག་ཁྲི་ཞེས་ འཁོད་འདུག།ཟངས་གསེར་གྱི་བྱམས་པ་ཐོག་བརྩེགས་གཉིས་ཡོད་པ་གཅིག །དེའི་གཡས་གཡོན་དུ་དཔལ་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་ཟངས་ གསེར་གྱི་ཡིན་པ་སྐུ་ཚད་མི་གཟུགས་ལྷག་ཙམ་བཅུ་གཉིས།ཙནྡན་ལས་གྲུབ་པའི་དཔལ་སྤྲུལ་སྐུ་ཕྲེང་ལྔ་པའི་ཕྱག་བཟོ་གནང་བའི་གནས་རྟེན་བཅུ་དྲུག་ཆ་ཚང་སྐུ་ཚད་ཁྲུ་གང་རེ་ཙམ་ཡོད།ཙནྡན་གྱི་ཉེ་སྲས་བརྒྱད་ཁྲུ་གང་རེ། ཟངས་གསེར་གྱི་རྡོ་རྗེ་འཆང་དང་།རྗེ་ཙོང་ཁ་པ།ཐུབ་དབང་སྐུ།དཔལ་ གསང་བ་འདུས་པའི་སྐུ་བཅས་སྐུ་ཚད་འདོམས་གཉིས་ཡན་མན་སྤུས་ ལེགས་བཅས་དང།དཔལ་སྤྲུལ་རིམ་བྱོན་གྱི་གསེར་གདུང་༧དང་།དངུལ་ གདུང་༣འདོམས་གང་ལས་ཅུང་ཆེ་བ་ཡོད།ད་དུང་མི་འཁྲུགས་པ་ཀུན་རིག་དུས་འཁོར་སྨན་བླ་སྐུ་བཅས་ཁྲུ་གང་རེ་ཡན་མན་ཡོད།གསེར་ཐང་དུ་མ་ ཡོད་ཀྱང་ཇི་བཞིན་མ་ངེས།
密集扎仓
北门经堂16短柱、4长柱以及二层,弥勒殿12柱三层,巴热8柱,南护法殿二层共有108柱。此扎仓有325名僧侣,主要圣物为普通人身高的青铜质弥勒拖赤像,因制作于宝座之上而称之为拖赤。金铜质二层弥勒佛像、在此左右有12尊普通人身高的金铜质历代边坝活佛像,第五世边坝活佛修造的一尺高的旃檀质十六尊者像、一尺旃檀质八大随弟子像、约二尺左右的金铜质金刚持、宗喀巴、释迦牟尼、密集金刚等精品造像,以及一庹高历代边坝活佛金塔7座以及银塔3座。还有一尺高的不动佛、大日如来、时轮金刚、药师佛之像,有多个金唐卡未计数。
བདེ་ཆོག་གྲྭ་ཚང་ལ། སྒོ་ལྷོ་བྱམས་ཁང་ལ་ཀ་རིང་༤དང་ཀ་ཐུང་༢ཐོགས་བརྩེགས་གསུམ།འདུ་ ཁང་ལ་ཐོགས་བརྩེགས་གཉིས་ཀ་ཐུང་༡༤དང་ཀ་རིང་༤སྒོ་འཇོག་ལ་ཀ་བ་༤སྤྱི་ཁང་ལ་ཐོགས་བརྩེགས་གཉིས།མགོན་ཁང་ལ་ཀ་བ་༤བསྡོམས་ཀ་བ་༩༤ཙམ་ཡོད་ཚོད་འདུག།རྟེན་གཙོ་བོ་ནི་ལི་མ་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོ་བྱིའུ་དྲོད་མ་མི་གཟུགས་ཙམ་ཐལ་རྡུལ་ཆགས་རྒྱུ་མེད་པ་གཅིག ཟངས་གསེར་ལས་གྲུབ་པའི་རྗེ་བཙུན་འཇམ་དབྱངས་དང་བྱམས་པ་བཅས་མི་གཟུགས་ལས་ཅུང་ཆུང་བ་ཡོད།ལི་མ་ལས་གྲུབ་པའི་ཚེ་དཔག་མེད་ཁྲུ་གང་ཡན་མན་གཅིག་སྨན་འདམ་བྱིན་ཅན་ལས་གྲུབ་པའི་ཁྲུ་གང་ཙམ་ཡོད་པ་རྗེ་བཙུན་ཙོང་ཁ་པའི་སྐུ་༡༠༠༠ཡོད།སྐུ་ཆུང་བའི་རིགས་འདིར་བཀོད་མེད།གསེར་ཐང་རིགས་མ་ངེས།གྲྭ་ཚང་འདི་ལ་དགེ་འདུན་པ་གྲངས་༣༤༥ བསྐོར་ཡོད་འདུག།།
胜乐扎仓
南门弥勒殿有4长柱、2短柱以及三层。经堂有二层、14短柱以及4长柱,殿门厅有4柱,公房有二层,护法殿4柱共有约94柱。主要圣物为不染尘土的青铜质释迦牟尼其照玛像、普通人身高小的金铜质文殊菩萨与弥勒像、一尺左右青铜质无量寿佛像、1000座由灵验的药泥制成的一尺高宗喀巴大师像、小佛像未在此记述,金唐卡也未计数。此扎仓有345名僧人。
སྤྱི་ཡི་འདུ་ཁང་ཆུང་བ་ལ། ཐོག་བརྩེགས་གཉིས་ལྷག་སྒོ་ཆེན་ལྷོ་ཀ་རིང་༤དང་ཀ་ཐུང་༡༤སྒོ་འཇོག་ཀ་བ་༢དང་།རྟེན་གཙོ་བོ་ཟངས་གསེར་གྱི་རྗེ་ཡབ་སྲས་གསུམ་ཡོད།
公共小经堂
二层南大门4长柱以及14短柱,殿门厅有2柱,主要圣物为金铜质宗喀巴三师弟。
ར་ནག་མའི་ཇོ་ཁང་ལ།ཐོག་བརྩེགས་གསུམ་ཀ་རིང་བཞི་ཡིན་པ་ལ་ཀ་བ་གཉིས་ཅུང་ཐུང་བ་དང་ཀ་བ་གཉིས་རིང་བ་ཡོད།འདུ་ཁང་ལ་ཐོག་བརྩེགས་གཉིས་སྒོ་ཆེན་བྱང་།ཀ་ རིང་༤་དང་ཀ་ཐུང་༡༤རྟེན་གཙོ་བོ་ནི་ཇོ་བོ་མི་འགྲོ་གསུང་བྱོན།ཇོ་བོ་ཆ་ བརྒྱད་ཀྱི་ཡ་གྱལ་བཤད་སྲོལ་འདུག།ར་ནག་མའི་ཟུར་བཤད།འདིར་ཕྱག་ འདེབས་པ་པོ་བྲག་གཡབ་སྐྱབས་མགོན་གྱིས་ཕྱག་བཏབ་པར་ངག་རྒྱུན་ལ་གྲགས།སྔར་བྲག་གཡབ་སྐྱབས་མགོན་དཔལ་འབར་ལ་ཕེབས་ཏེ་འདོད་ ཆོས་སྩལ་བ་དང་ར་ནག་མ་དེ་ཉིད་བྱིན་གྱིས་བརླབས་ཏེ་ཁོང་ལ་ཇོ་བོའི་སྐུ་ཆེ་ལེགས་ཞིག་འབུལ་བས་གདན་འདྲེན་པ་སོགས་ད་ལྟ་བྲག་གཡབ་མ་དགོན་གྱིས་ཁོངས་གཏོགས་དགོན་ལག་གཅིག་ནང་ལྷ་ཆེན་དཔལ་འབར་ཞེས་མཚན་འབོད་བཞིན་བཞུགས་ཡོད།རྒྱ་སྟོན་གདུང་རབས་ནང་རྒྱ་སྟོན་དྲི་མེད་བཤེས་གཉེན་ཨ་ཁུ་བཀྲིས་འབྱུང་གནས་ཀྱིས་ཁམས་སུ་གདན་ དྲངས་ནས།ཁམས་སུ་ཕེབས་ནས་གདམ་དགོན་བཏབ།དཔལ་འབར་ལྷ་ ཁང་ར་ནག་མ་གོ་འགྱོས་ཐལ་ཕུང་བྱས་པ་སླར་རྨིང་གཏིང་ནས་བཞེངས། གདམ་བུ།ཨོ་རྒྱན་རི་ཁྲོད།ལྗང་ཕུའི་རི་ཁྲོད་རྣམས་ཕྱག་བཏབ་ནས་གནས་གསུམ་ལ་སྒྲུབ་པ་བལྟམ་མཛད་ཅེས་དང་།ཡང་རྒྱ་སྟོན་གྱི་བཞེད་པ་གཅིག་ནང་དེ་ནས་དགུང་ལོ་ཞེ་དྲུག་པ་ལ་གུང་རུ་མཆོད་ཡོན་རྣམས་ཀྱི་དཔལ་ འབར་ལྷ་ཁང་གསོ་བའི་ཞུ་བ་ཡང་ཡང་ཕུལ་བས་བསྟན་པ་དང་སེམས་ ཅན་ལ་ཕན་པར་དགོངས་ནས་ལྷ་ཁང་གསོ་བས་མི་མ་ཡིན་གྱིས་ཆོམ་ འཕྲུལ་བསྟན་ཀྱང་བར་ཆད་ཀྱི་མ་ཚུགས་པ་ཡིན་ཞེས་འཁོད་འདུག།དེ་དག་ལ་དཔྱད་ན་རྒྱ་སྟོན་དང་འབྲེལ་བ་ཆེར་ཡོད་པ་དང་སྔར་དཔལ་འབར་ལ་ཉམས་རྒུད་རིམ་པར་བྱུང་ཡོད་པ་མངོན།།
大黑院释迦牟尼殿
三层4长柱中2柱较短2柱较长,经堂有二层北大门4长柱与14短柱,主要圣物为不去释迦像,为释迦八尊之一。大黑院附言:相传其修造者为察雅活佛,之前察雅活佛莅临边坝进行讲法,因加持大黑院而供奉其精致的大释迦像进行迎请,现在察雅主寺之下的一分寺内供有称大神察雅的佛像。历代嘉顿中由嘉顿智美希念阿库扎西迥乃迎请至康区,在康区修建丹寺,边坝佛殿大黑院从一堆废墟重新奠基修建。修建丹布、邬金山寺、将普山寺(གདམ་བུ།ཨོ་རྒྱན་རི་ཁྲོད།ལྗང་ཕུའི་རི་ཁྲོད)等并修行于此。又在嘉顿的另一种观点中认为,四十六岁时应工茹福施再三祈求修复边坝佛殿,认为利于宗教及众生而修复佛殿,此间虽受到鬼神灾异却未有波折。依此可见与嘉顿关系稠密而边坝在之前的衰败。
ལྷ་ཁང་ཆུང་བ་ལ། སྒོ་ཆེན་ལྷོ་ཀ་ཐུང་༡༠ཀ་རིང་༢ཡོད།
小佛殿
南大门10短柱2长柱。
སྤྱི་ཆེན་འདུ་ཁང་ལ། ཀ་ཐུང་༥༢དང་ཀ་རིང་༨ཇོ་ཁང་ལ་ཀ་རིང༨ཐོག་བརྩེགས་གསུམ་འདུ་ཁང་ཐོག་བརྩེགས་གཉིས་སྒོ་ལྷོ།མི་དྲུག་བ་ལ་ཀ་ཐུང་༢༤དང་ཐོག་བརྩེགས༢ཡོད། སྔགས་རྒྱུན་ཁང་ལ་ཀ་བ་༢༤ཐོག་བརྩེགས༢དང་རྟེན་གཙོ་བོ་ཐུབ་དབང་ཐོག་ཐུབ་མ་སྨན་འདམ་ལས་གྲུབ་པའི་འབྲུམ་ཕྲན་ནག་པོ་བཞེས་པ་ལོ་རྒྱུས་ཡོད།སྨན་སྐུ་རྗེ་ཞབས་སྙུང་མ།བླ་མ་ལེགས་བཤད་ཀྱི་སྨན་སྐུ།འཇིགས་བྱེད་ཀྱི་རྩ་སྔགས་འཇིམ་པ་ཐེབས་ཀྱུ་རེ་ལ་འབུམ་རེ་བཟླས་བའི་བླ་མ་དབུ་མ་པས་ལྗགས་ཆབ་ཀྱི་བསྐྲུན་པ་སྨན་འདམ་ཀྱི་འཇིགས་བྱེད་ཐལ་རྡུལ་སོཌ་ཆགས་རྒྱུ་མེད་པའི་བྱིན་ཅན།མགོན་ཆོས་ལྷ་གསུམ་གཙོས་སྨན་སྐུ་རྒྱལ་པོ་སྡེ་ལྔ་སོགས་ཡོད།དེའི་གཡས་སུ་མགོན་པོའི་ཤིང་ཙནྡན་རྐང་གཅིག་པ་ཡང་ཡོད་འདུག།གཞན་ཡང་རིག་གསུམ་མགོན་པོ་དང་བཅས་པ་ཡོད།གྲྭ་ཤག་བསྡོམས་པ་ཉུང་ཤོས༩༠ལྷག་ཉིས་ཐོག་ཀ་བ་༡༢་ནས་༢༠བར་ཤ་སྟག་ཡོད་ཚུལ་འདུག
公共大经堂
42短柱8长柱,释迦殿8长柱三层,经堂二层南门,弥周哇殿24短柱二层,密承室24柱二层极其主要圣物为,药泥制成的抗雷释迦像有患黑天花之历史,病足至尊药像、喇嘛莱协药像、诵读十万大威德密咒吹气小粒泥巴,并由喇嘛中观师唾沫制成药泥制作而不染尘土的大威德像。以大黑天、阎罗、班丹拉姆为主的五路王药像、其右边为一棵怙主之树旃檀,另有三怙主等。僧舍至少有90多,二层至少有12-20柱之间。
ཁམས་ཀྱི་མཆོད་རྟེན་དཀར་ཆུང་དེའི་གོང་རོལ་བསིལ་བ་ཚལ་ལྟར་བྱིན་ཆེ་བའི་དུར་ཁྲོད་ཡོད་ལ་འདི་གཉིས་སློབ་དཔོན་པདྨ་འབྱུང་ གནས་ཀྱི་རྒྱ་ནག་གོང་མ་ཆེན་མོར་ཚེ་ཆུ་འབུལ་མི་ཨ་ཙ་ར་གཉིས་བཏང་ ནས་ཚེ་ཆུ་འདིའི་ཐིགས་པ་གཅིག་གང་དུ་ལྷུང་བ་དེར་མཆོད་རྟེན་ཞིག་ དང་དེ་དང་ཉེ་བར་དུར་ཁྲོད་ཞིག་བྱ་དགོས་ཞེས་མངགས་པ་ལྟར་ཁོང་ གཉིས་ད་ལྟའི་མཆོད་རྟེན་ཡོད་པ་དེའི་ཕྱོགས་ངལ་གསོ་སྐབས་བྱ་རོག་ཞིག་གིས་ཚེ་བུམ་ལ་ཆུ་གཏོ་རྒྱབ་པས་ཚེ་ཆུ་ཐིགས་པ་གཅིག་དེར་ལྷུང་བའི་དེར་མཆོད་རྟེན་ཞིག་དང་དེ་དང་ཉེ་བར་དུར་ས་ཞིག་བཏབ་དགོས་པ་ཡིན་ ཞེས་གསུང་རྒྱུན་ལྟར་ཡིན་འདུག་ནད་གཞི་ཅན་རྣམས་མཆོད་རྟེན་དེ་ལ་ བསྐོར་བ་བསགས་ན་ནད་མེད་གྱུར་དང་འགྱུར་བཞིན་ཡོད་ལ།སྔར་སྔགས་རྒྱུན་སྒྲུབ་ཁང་ནང་དུ་བླ་མ་དབུ་མ་པ་བསྒྲུབ་པ་བཞུགས་པའི་དུས་ཁོང་ ཉིན་ཞིག་ཞོགས་པ་ཆབ་གསང་ལ་ཕེབས་དུས་ཁོག་སྟོད་མ་ཚང་བའི་མི་ ཞིག་མཆོད་རྟེན་དཀར་ཆུང་བསྐོར་བ་མཐོང་།ཡང་ཉིན་དགུང་ཆབ་གསང་ལ་ཕེབས་སྐབས་བསྐོར་མཁན་མི་དེ་ཁོག་སྟོད་ཁོག་སྨད་ཡོད་ཀྱང་མགོ་བོ་མེད་པར་མཐོང་།དགོང་དྲོར་གཟིགས་སྐབས་མི་དེ་གཟུགས་པོ་ཆ་ཚང་ཡོད་པ་མཐོང་མྱོང་ཟེར།མདོར་ན་ནད་མེད་ཚེ་རིང་ཡོངས་བའི་ཕན་ཡོན་ བསམ་གྱི་མི་ཁྱབ་པ་མངོན།དུས་འགྱུར་སྐབས་མཆོད་རྟེན་ཉེ་འགྲམ་གྱི་དུར་ཁྲོད་དེར་མཆོད་མེ་ཁྲ་ཆེམ་མེར་འབར་བ་ཀུན་གྱིས་མཐོང་།ཆོས་རྒྱལ་ འཕགས་པའི་ས་བརྟག་གནང་དུས་ཕོ་རོག་བྲག་འགག་ནས་ལམ་སྟོན་གྱི་བྱ་རོག་དེ་དང་ཚེ་བུམ་ལ་མཆུ་གཏོ་རྒྱབ་པའི་བྱ་རོག་གཉིས་ར་ཎའི་བཀའ་ སྲུང་མགོན་པོ་ཕྱག་བཞི་པ་ཡིན་པར་བཤད།སྔར་ཚེ་ཆུ་བུམ་པ་བརྗོད་པ་ལ་ད་སྐབས་མཆོད་རྟེན་དཀར་ཆུང་བརྗོད་ཀྱི་ཡོད།༄༅ །།དཔལ་འབར་བླ་བྲང་ལ་དབང་བའི་ས་ཞིང་སོགས་ཀྱི་ བསྐོར།
康区小白塔
上方具有如同清凉寒林加持的尸林,两者为莲花生大师派两名瑜伽咒师为汉皇供奉长寿之水,并嘱托此长寿水的一滴落在何方就于此地修建一座宝塔极其附近修建尸林。两人在现今有佛塔处休息之时一只慈乌将嘴戳在长寿瓶而一滴水落于此地,因此,就在此地修建一座宝塔极其附近修建一尸林。若有疾病之人转此塔便可痊愈,之前喇嘛中观师在密承室修行时,一日早晨其去小解之时看到没有上半身的人在转小白塔,中午小解时看到此人上下半身但没有头,傍晚看到此人全身齐全。总之显现出无病长寿之功德。在动荡时期,多人看见宝塔附近的尸林燃有神灯的迹象,法王八思巴在堪舆时称坡若关(ཕོ་རོག་འགག)指路的慈乌与戳长寿瓶的慈乌实为热那护法四臂大黑天,以前称为长寿宝瓶现今称为小白塔。
དཔལ་འབར་བླ་བྲ་ལ་དབང་བའི་ས་ཞིང་སོགས་ཀྱི་བསྐོར།
དཔལ་འབར་བླ་བྲང་ལ་ས་ཞིང་རྐང་ ༥༧ འབོ་ལ་ཕབ་ན་ ༥༧༠༠ ཡོད་ ཕྱུགས་རིགས་བསྡོམས་༡༤༧༣དང་ལུག་བསྡོམས་༡༠༠༠༠དང་རྟ་དྲིལ་༡༥༣ དང་ད་དུང་བོང་བུ་སོགས་ཡོད།ས་ཁུལ་སྤྱོད་ཆོག་པའི་རྒྱ་ཁྱོན་ནི་རྡོ་ཐུགས་རྡོ་སྒྲོལ་མ་༼ད་ལྟ་དཔལ་རྫོང་ལྕགས་གོང་ཤང་ཁོངས་སུ་ཡོད།༽མན་ཆད་ དང་འུག་ཏི་རྡོ་ཇོ་བོ་༼ལྷོ་རོང་རྫོང་ཀྲུང་དབྱིན་ཤང་ཁོངས་སུ་ཡོད།༽ཡན་ ཆད་སྒེར་བདག་གི་དབང་ཆ་ཡོད།བླ་བྲང་སྒེར་ལ་ས་ཁུལ་རྔོད་རྒྱལ་བུ་དང་།ཚ་རག།ཕུ་ཡུལ།དཀྲུག་ནང་།གྱམ་ཁྲི་ཐང་།གདམ་གཞུང་།ཡུལ་ཐུང་།ཚ་ཁ་ཐང་ཕྱེད་ཀ།གན་པ།མོན་ཀོང་།སྟག་རྩེ།སྐམ་སོད།དཀྲུག་སྤྱང་།ཤོག་ལྔ་ནི་ ཡར་ཤོག།ས་ཤོད།བསང་བ།དབྲལ།དམེ་ཤོད་བཅས་ཡིན།སེར་ར་གྲྭ་ཚང་ གསང་འདུས་ཁང་ལ་ས་ཞིང་རྐང་༢༧འབོ་ལ་ཕབ་ན་༢༧༠༠ཕྱུགས་རིགས་ ༡༠༨ཡོད།བདེ་ཆོག་གྲྭ་ཚང་ལ་ས་ཞིང་རྐང་༡༣དང་བཞི་ཆ་༣འབོ་ལ་ཕབ་ན་༡༣༧༠དང་ཕྱུགས་རིགས་༡༡༠ཡོད།གྲྭ་ཚང་སྤྱི་ལ་ས་ཞིང་རྐང་༡༠འབོ་ལ་ཕབ་ན་༡༠༠༠དང་ཕྱུགས་རིགས་༨༧ཙམ་ཡོད།སྤྱི་ལོ་༡༩༨༢ལོར་བསྐྱར་བཟོ་བྱས་པ་ནས་བཟུང་ད་ལྟ་ས་ཞིང་མུའུ་༢༣༼འབོ་ལ་ཕབ་ན་༤༦༽དང་ཕྱུགས་རིགས་གྲངས་༨༦བཅས་ཡོད།།
属于边坝活佛府邸的田地等
边坝府邸有47冈田地化为藏斗为4700,1473家畜、10000只羊、153匹骡马还有多个驴等家畜。可使用的土地面积为多图多卓玛(现边坝县嘉工乡དཔལ་རྫོང་ལྕགས་གོང་ཤང境内)以下至乌度多觉沃(拉绒县钟饮乡ལྷོ་རོང་རྫོང་ཀྲུང་དབྱིན་ཤང境内)以上的独立所有权。府邸有敖杰布、擦热、普域、珠囊、尖赤塘、当雄、域塘、半个茶卡塘、甘巴、蒙哥、达孜、甘索、楚绛,雅雪,萨雪、桑哇、寨、麦雪等为五部。色拉扎仓密集殿有17冈田地化为藏斗为270,108家畜,胜乐扎仓有13冈3/4田地化为藏斗为1370,110家畜,扎仓集体有10冈田地化为藏斗为1000,87家畜,1982年改造至今有23亩(化为藏斗为46)以及86家畜。
མཆོད་རྫས་ཀྱི་བསྐོར་སོགས།
དངུལ་གྱི་དུང་ཆེན་ཆ་༨ཟངས་རག་གི་དུང་ཆེན་ཆ་༩དང་།གསེར་གྱི་ ལྗགས་གླིང་ཆ་༤དང་།དངུལ་གྱི་ལྗགས་གླིང་ཆ་༦དང་།ཟངས་རགས་ལྗགས་གླིང་ཆ་༨དང་།སྦུབ་སྐད་གྲགས་ཡོད་པ་ནག་གཡའ་མ་ཞེས་པ་ཆེ་ཆུང་སྦུབ་ཆ་གཉིས།ཤང་སྦུབ་ཆ་༤དང་།སེ་བོམ་ཆ་༢དང་།རྒྱ་སྦུབ་འབྲུག་རིས་ཅན་ཆ་༥བཅས་གཏེར་མ་གོང་ཚད་མེད་པ་ཕུད་ད་དུང་སིལ་ལི་གཏེར་མ་གོང་ ཚད་མེད་པ་ཆ་༡༠དང་།གཞན་སིལ་ལི་ཆ༥༠དང་།རྐང་དུང་གསེར་དངུལ་ཕྲ་མ་ཆ་༡༠དང་།ཟངས་རག་རྐང་དུང་ཆ་༢༠དང་།གསེར་གྱི་སྤོས་ཕོར་ཆ་༧དང་།དངུལ་གྱི་སྤོས་ཕོར་ཆ༩དང་།ཟངས་རག་སྤོས་ཕོར་ཆ་༢༠དང་།སྤོས་ ཁེབས་གོས་ཆེན་གོང་ཚད་མེད་པ་མཁའ་འགྲོ་སྤྲིན་འཐག་ཆ༨དང་།སྤོས་ ཁེབས་རྒྱ་སེ་ཅན་ཆ་༡༢དང་།གཞན་ཡང་གོས་ཆེན་སྤོས་ཁེབས་ཆ་༢༣དང་།རྡོ་དྲིལ་ཆ་༣༠༠དང་།གསེར་དངུལ་ཕྲ་མ་ཏིང་བདུན་ཚར་༨ཡོད་ཏིང་བདུན་ཚར་རེ་ལ་རྒྱ་དངུལ་དཀར་པོ་ཕལ་ཆེར་༡༧༥ཡན་མན་ཡོད།གཞན་དངུལ་ཏིང་ཆུང་བ་བདུན་ཚར་༣༠༠དང་།ལི་ཏིང་ཆེ་ཆུང་བདུན་ཚར་༡༣༥ཡོད། ཟངས་རག་ཏིང་ཆེ་ཆུང་བདུན་ཚར་༡༢༠ཙམ་ཡོད།གསེར་དངུལ་ཕྲ་མ་རྐོང་ཆེ་ཆུང་མེད་པ་གྲངས་༣༠༠དང་།དངུལ་གྱི་ཟླ་རྐོང་ཆེ་བ་གྲངས་༡༨དང་། དངུལ་རྐོང་ཆུང་བ་གྲངས་༣༥༠དང་།ཟངས་རག་རྐོང་ཆེ་ཆུང་མེད་པ་གྲངས་༡༥༢༠ཡོད།གསེར་དངུལ་ཕྲ་མའི་མཎྜལ་ཆེ་བ་ཆ་༢༤དང་།དངུལ་གྱི་མཎྜལ་ཆ་༤༦དང་།གསེར་དངུལ་ཕྲ་མ་ཐོད་འདྲ་ཆེ་བ་ཆ་༦༣དང་།དངུལ་གྱི་ཐོད་ འདྲ་ཆུང་བ་༢༥༠དང་ཟངས་རག་ཐོད་འདྲ་༡༦༥དང་།དངུལ་གྱི་སྡེར་མ་ཆེ་ཆུང་མེད་པ་༨༧༣དང་སྟོང་དང་ཟངས་རག་གི་སྡེར་མ་ཆེ་ཆུང་མེད་པ་ གྲངས་༡༧༨༦གསེར་དངུལ་ཕྲ་མ་དམ་བེ་ཆ་༨དང་གསེར་དངུལ་ཕྲ་མ་ཀ་ཏོ་ར་རེ་རེ་ལ་རྒྱ་དངུལ་དཀར་པོ་༥༠༠ཙམ་ཡོད་པ་ཀ་ཏོ་ར་ཆ་༦གོང་ཐེབས་ མེད་པའི་མཁར་རྔ་ཉི་མ་འབྲུག་གྲགས་དང་འཛམ་གླིང་འབྲུག་གྲགས་ མཁར་རྔ་ལྟེ་ལུག་མ་ཕུད་གཞན་མཁར་རྔ་གྲངས་༡༨ཡོད།དུང་དཀར་གཡས་འཁྱིལ་གྱི་གཏེར་མ་གོང་ཐེབས་མེད་པ་ཆ་༤གཞན་དུང་ཆ་༨གསེར་དངུལ་ཕྲ་མ་ཕུལ་རྐོང་གྲངས་༡༣༥དང་དངུལ་གྱི་ཕུལ་རྐོང་གྲངས་༣༦༥སྟོང་དང་ ཟངས་རག་གི་ཕུལ་རྐོང་གྲངས་༢༣༠བཅས་ཡོད།གསེར་དངུལ་ཕྲ་མའི་བུམ་པ་ཆ་༥༠དང་དངུལ་གྱི་བུམ་པ་ཆ༨༠དང་སྟོང་དང་ཟངས་རག་གི་བུམ་པ་ཆ་༡༣༠དང་གསེར་དངུལ་ཕྲ་མའི་རིག་ལྔ་ཆ་༧༣དང་དངུལ་གྱི་རིག་ལྔ་ཆ༣༢༥དང་གསེར་དངུལ་ཕྲ་མའི་འབྲུ་པར་གྲངས་༦༠དང་།བ་སོ་ཐོད་པའི་ཌ་མ་རུ་གྲངས་༢༣དང་།བ་སོའི་མཆེ་བ་༨ཡོད།རྒྱ་སེའི་སྟོད་གཡོག་དང་སྤང་ ཁེབས་ཆ་༧༥དང་གཞན་གྱི་གོས་ཆེན་སྟོད་གཡོག་དང་སྤང་ཁེབས་ཆ་༣༤༠ལྷག་ཙམ་ཡོད།།
供品类
银质长角号8双、铜质长角号9双、金质洞箫4双、铜质洞箫8双、有名的称那雅玛2双大小钹、单钹4双、色本2双、龙图案汉钹4双以及除了无价伏藏,无价伏藏铃铛10双以及40双铃铛,镶金银胫骨号筒10双、铜质胫骨号筒20双、金质香炉7双、铜质香炉20双、无价香罩空行织云8双、玫瑰香罩12双、另有绸缎香罩23双、铃杵300双、镶金银的七供水杯8个、一组七供水杯大约有175汉银,另外小型银质七供水杯300个、大小青铜质七供水杯135、大小铜质七供水杯120、大小统一的镶金银供灯盏300、银质通月供灯盏18、小型银质供灯盏350、大小统一的铜质供灯盏1520、大型镶金银曼陀罗25、银质曼陀罗46双、大型镶金银嘎巴拉63双、小型银质嘎巴拉250、铜质嘎巴拉165、统一大小的银质供碟873、统一大小的东与铜质供碟1786、镶金银宝瓶8双、镶金银盆各个都有500汉银的盆子6双,无价之锣太阳龙啸、世界龙啸以及代式锣之外有18个、无价伏藏右旋法螺4双以及8双法螺,镶金银供灯135、银质供灯365、东与铜质供灯230,镶金银宝瓶130双、银质宝瓶80双、东与铜质宝瓶130双,镶金银五佛冠73双、银质五佛冠325双,镶金银珠巴尔(འབྲུ་པར)60、象灵盖骨质鼗鼓23、象牙8、月季肩帔与围裙25双,另有绸缎肩帔以及围裙340多。
བཀའ་བསྟན་འགྱུར་སོགས་ཀྱི་བསྐོར།
བཀའ་འགྱུར་ཤོག་ནག་གསེར་བྲིས་ཅན་བུབ་གསུམ་འབྲི་མཁན་ཀརྨ་གཙོས་པའི་མི་བཅུ་གསུམ་གྱིས་བྲིས།ད་བར་ལོ་ངོ་དྲུག་བརྒྱ་ལྷག་ཙམ་ཕྱིན།གཞན་ཡང་བཀའ་འགྱུར་བོད་པར་རིགས་བུབ་༡༡ཡོད།མ་འགོག་བཟའ་ཡིས་ཀླུ་ ཡུལ་ནས་གདན་དྲངས་པའི་གླིང་གི་ཕ་འབུམ་དུམ་པ༡༢ནང་གི་དུམ་པ་ གཅིག་བསྟན་འགྱུར་ཆ་དྲུག།།གཞན་སྤྲུལ་སྐུའི་བླ་བྲང་དང་གྲྭ་ཚང་གཉིས།སྤྱི་ཆེན་འདུ་ཁང་།སྤྱི་ཡི་འདུ་ཁང་ཆུང་བ།ར་ནག་མ།ལྷ་ཁང་ཆུང་བ་བཅས་ སོགས་ལ་སྡོམས་ཟངས་སེར་དང་།ཟངས་རག་སྨན་འདམ་བཅས་ལས་གྲུབ་པའི་ལྷ་ཟུར་པ་༧༥༠༠ལྷག་ཙམ་ཡོད་སྐད།
甘珠尔与丹珠尔
三套黑色书写纸金写经书甘珠尔,书写者为噶玛为主的十三人,至今已过600余年。另外藏版甘珠尔11套,郭母从龙世界迎请的岭12函大般若中的一函以及丹珠尔6双,另外于活佛府邸、两大扎仓、公共经堂、公共小经堂、大黑院、小佛殿等中一共有金铜质、铜质、药泥制成的别居者神像2500多。
ཡི་དམ་དང་སྲུང་མའི་སྐུ་ཡི་བསྐོར།
ཡི་དམ་ལྷ་བཅུ་གསུམ་མ།མགོན་པོ།མགོན་དཀར།དཔལ་མགོན་ཞལ་བཞི།གཏེར་མགོན་ཞལ་བཞི།ཆོས་རྒྱལ་ཕྱི་ནང་གསང་གསུམ།དཔལ་ལྡན་ལྷ་མོ། དཔལ་ལྷ།གཡུ་དྲག་གཉིས།རྣམ་སྲས།མགོན་པོ་ཕྱག་བཞི།མགོན་པོ་གུར། ཏྲཀྴད།ལྕམ་སྲིང་།རྒྱལ་པོ་སྐུ་ལྔ།གསེ་ཁྲབ།དམ་ཅན།ཚང་པ།ཐ་འོག་བཅས་ཡོད།
本尊以及护法像
本尊十三尊大威德金刚、大黑天、大白护法、四面护法、四面大黑天、内外三密阎罗、班丹拉姆、吉祥天母、双玉扎、多闻子、四臂大黑天、宝帐怙主、图鲁恰达、姊妹护法、五身王护法、犀甲护法、护法、梵天、塔沃等。
སྔར་དཔལ་འབར་དགོན་གྱི་ལོ་གཅིག་གི་ཚོགས་ཆོས་སོགས་ཀྱི་བསྐོར།
བོད་ཟླ་དང་པོའི་ནང་ལ་གསང་བདེ་འཇིགས་གསུམ་གྱི་རྡུལ་མཚོན་གྱིས་ དཀྱིལ་འཁོར་བཞེངས་ནས་གསང་བདེ་འཇིག་གསུམ་དང་འབྲེལ་བའི་ཉིན་གསུམ་ལ་ལྷ་ཡི་གར་འཆམ་བྱེད།ཉིན་གསུམ་ལ་ལྷོད་གཡེངས་མེད་པར་ མཇལ་ན་རྩ་རིའི་རོང་བསྐོར་སོང་བ་དང་དབྱེར་མེད་ཡིན་པར་འདི་ཕྱི་ གཉིས་ཕན་གྱི་ཐར་པ་དོན་གཉེར་ཡིན་པ་བླ་མ་རྣམས་ཀྱི་ཞལ་ལས་ གསུངས་སོ།བོད་ཟླ་གཉིས་པའི་ནང་ཉིན་རེར་སྐམ་ཚོགས་དུས་གསུམ་དང་ བརླན་ཚོགས་དུས་གསུམ་ཆོས་ར་ཉིན་བཅོ་ལྔ་འཚོགས་དགོས།ཟླ་བ་གསུམ་ པའི་ནང་ཆོས་ར་ཉིན་བཅོ་ལྔ་དང་ཉིན་རེར་སྐམ་ཚོགས་དུས་གསུམ་དང་བརླན་ཚོགས་དུས་གསུམ་འཚོགས་དགོས།ཟླ་བ་བཞི་པའི་ནང་ཟླ་ཆོས་ཟླ་བ་གཅིག་དང་ཉིན་རེར་སྐམ་ཚོགས་དུས་གསུམ་དང་བརླན་ཚོགས་དུས་ གསུམ་སྟེ་སྙུང་གནས་དཀྱིལ་ཆོག་ཉིན་གསུམ།ཟླ་བ་ལྔ་པའི་ནང་དབྱར་ཆོས་ཟླ་བ་གཉིས་པ་དང་མཚུངས།ཟླ་བ་དྲུག་པའི་ནང་དབྱར་ཆོས་ཟླ་བ་གསུམ་པ་དང་མཚུངས་པ་དང་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་མགོ་རྩམ་སྟེ་ཟླ་བ་གཅིག་དང་ཕྱེད་ཀ་ལ་དབྱར་གནས་བཞུགས།ཟླ་བ་བདུན་པའི་ནང་ མཁའ་ཁྱབ་སེམས་ཅན་རྣམས་ངན་སོང་གི་སྡུག་བསྔལ་མེད་པ་ཡོངས་ཕྱིར་སྟོན་ཆོས་ཉིན་བཅོ་ལྔ་ལ་མ་ཎི་རིལ་སྒྲུབ་ཀྱི་དབང་དང་འབྲེལ་བའི་ཆོག་ ག་མཛད།ཟླ་བ་བརྒྱད་པའི་ནང་ཉི་ཤུ་ཆོས་ར་ཞེས་ཉིན་ཉི་ཤུ་ལ་ཉིན་རེར་སྐམ་ཚོགས་དུས་གསུམ་དང་བརླན་ཚོགས་དུས་གསུམ་འཚོགས་དགོས།ཟླ་བ་དགུ་པའི་ནང་སྟོན་ཆོས་ཟླ་བ་གཅིག་ལ་ཉིན་རེར་སྐམ་ཚོགས་དུས་ གསུམ་དང་བརླན་ཚོགས་དུས་གསུམ་འཚོགས་དགོས།ཟླ་བ་བཅུ་པའི་ནང་དགུན་ཆོས་ཆེན་མོ་བཅོ་ལྔ་ཆོས་རྭ་ཞེས་ཉིན་བཅོ་ལྔ་ལ་ཉིན་རེར་སྐམ་ ཚོགས་དུས་གསུམ་དང་བརླན་ཚོགས་དུས་གསུམ་འཚོགས་དགོས་པ་དང་ཉེར་ལྔ་ཉིན་དགའ་ལྡན་ལྔ་མཆོད་ཆེན་པོ་རྗེ་ཙོང་ཁ་པའི་འདས་མཆོད་ ཉིན་གཅིག་གོ།ཟླ་བ་བཅུ་གཅིག་པའི་ནང་ཉི་ཤུ་ཆོས་རྭ་ཞེས་ཉིན་ཉི་ཤུ་ལ་ཉིན་རེར་སྐམ་ཚོགས་དུས་གསུམ་དང་བརླན་ཚོགས་དུས་གསུམ་འཚོགས་དགོས་པ་དང་སྔགས་རྒྱུན་གཏོར་མ་བརྗེ་ལེན་ཉིན་གསུམ་ཚོགས་པ་དང་ དགུ་གཏོར་ཆུང་བ་ཉིན་གསུམ་འཚོགས་དགོས།ཟླ་བ་བཅུ་གཉིས་པའི་ནང་ཟླ་ཆོས་ཆེན་མོའི་ནང་ཟླ་བ་གཅིག་ནང་ཉིན་རེར་སྐམ་ཚོགས་དུས་གསུམ་དང་བརླན་ཚོགས་དུས་གསུམ་དང་དེའི་ནང་གློ་བུར་ལས་བཅོལ་གྱི་དགུ་ གཏོར་ཉིན་གསུམ་དེའི་དམིགས་ཡུལ་ནི་ཡུལ་སྤྱིའི་ལོ་གཅིག་ནང་བགེགས་བར་ཆད་རྐྱེན་གློ་ བུར་སེལ་ཐབས་ཡིན་ནོ།།
之前边坝寺一年的宗教活动
藏历一月内用彩色细砂制作密集、胜乐、大威德三者的坛城并进行关于密集、胜乐、大威德三者的跳神,上师有云:三天无闲暇地进行朝拜其功德与朝巡杂日圣山相同为利今后两世之行为;藏历二月内进行一天三时干会与三时湿会以及进行十五天的辩经;三月份内进行十五天的辩经以及进行一天三时干会与三时湿会;四月份内进行十五天的辩经以及进行一天三时干会与三时湿会即三日守饥行的坛场仪轨;五月内的夏季法会与二月份相同;六月份内的夏季法会与三月份相同,从六月十五日开始一个月半的时间里进行坐夏;七月份内为遍空众生消解恶趣之苦在为期十五天的秋季法会中进行有关修嘛呢丸灌顶的仪轨;八月份内有称二十法会即二十日每日进行三时干会以及三时湿会;九月份内有秋季法会即一个月中每日进行三时干会以及三时湿会;十月份内进行冬季法会十五法会即十五日每日进行三时干会以及三时湿会,以及廿五日为燃灯节即宗喀巴大师之祭典日;十一月份内有称二十法会即二十日每日进行三时干会以及三时湿会、三日密承食子更替以及三日九食子;十二月内有大月法会即一个月每日进行三时干会以及三时湿会,期间进行三日求神九食子及其目的为消除全域一年的魔障灾难。
དགོན་གྱི་སྔ་རབས་དོ་དམ་སྒྲིག་གཞིའི་བསྐོར།
རྒྱལ་དབང་ལྔ་པ་ཆེན་པོའི་བཅའ་ཡིག་དང་།དྲུག་པའི་གཏན་ཚིག།བདུན པའི་རྒྱབ་སྣོན་བཅས་ལ་གཞི་བཞག་ནས་ཆོས་སྐད་དང་པོའི་སྐབས་གྲྭ་ བཙུན་རྣམས་བཞེངས་པ་དང་ཆོས་སྐད་ལྔ་པའི་བར་དུ་སྒོ་རྭའི་ནང་དུ་ འཛོམས་ནས་དུང་སྐད་བཏང་བ་དང་རལ་གྲི་ཤུབ་ནང་བཙུད་པ་ལྟར་ ཚོགས་འཇུག་སྒྲིལ་ནས་གྲལ་དུ་འཁོད་པ་ནི་རྒྱབ་ཨ་ལོང་སྒྲིག་པ་ལྟ་བུ་ མདུན་སྒོར་མོ་རལ་གྲིས་བཅད་པ་ལྟ་བུ།དབུ་ལོ་ལེགས་ཀྱི་སྙེ་མ་ལྟར་བུ་ བཞུགས་ནས་དབུ་མཛད་ཀྱི་འདོན་པ་དབུ་བསྐུལ་སྐབས་རྒྱ་མཚོ་ནང་རྡོ་ འཕངས་པ་ལྟ་བུ་དབུས་ནས་མཐལ་ལ་བཀྱེ་དགོས།འདོན་པ་མཇུག་ནས་ མཐའ་བསྡུ་སྐབས་མེ་ལོང་ལ་ཧས་བཏབ་པ་ལྟ་བུ་མཐའ་ནས་དབུས་ལ་ བསྡུ་དགོས།དབུ་མཛད་ཀྱི་འདོན་པ་མང་ཉུང་ལ་དཔག་སྟེ་ཇ་བརྡ་གཏོང་བའི་དུས་སུ་ཇ་འདྲེན་སྐབས།གྲལ་གྱི་མཐའ་ནས་འཕྱར་བཤར་ལན་གསུམ་བཏང་ནས་རྟེའུ་ཤིག་དྲེད་པ་ལྟ་བུ་བྱེད་ནས་གསོལ་བྱ་འདྲེན་དགོས།དེ་ཡང་གསོལ་བཞེས་མ་ཁེངས་བསོད་ནམས་དམན།གསོལ་བཞེས་ཕྱིར་འཕོ་ན་ཚེ་ཐུང་བཅས་བཙུན་པ་རྣམས་ཚོགས་ཕྱིར་གྲོལ་སྐབས་རལ་གྲི་ཤུབས་ནས་ བཏོན་པ་ལྟ་བུ་དགོས།གྲྭ་བཙུན་བགྲེས་གཞོན་སུ་ཡིན་རུང་མཚན་ནས་སྨོས་སྐབས་ཆོས་མིང་སྨོས་པ་མ་གཏོགས་སྐྱ་མིང་དང་ཁོ་རེ་བརྗོད་སྲོལ་མེད།གྲྭ་བཙུན་ནང་གི་སྒྲིག་ཁྲིམས་ནི་རྟ་སྤུ་ལོག་མིན་པ་དང་བྱ་སྤུ་གནོན་ཡིན་པས་རྟ་སྤུ་ལོག་གི་བྱ་བ་གཏན་ནས་མི་ཆོག།ཆོས་རྭ་ཚོགས་སྐབས་ཉིན་རེ་ལ་ ཚོགས་ཐེངས་གསུམ་རེ་ཆགས་མེད་འཚོགས་དགོས།གྲྭ་བཙུན་རྣམས་རང་ཁྱིམ་དུ་བྱོན་སྐབས་མཁན་པོ་དང་དགེ་བསྐོས་གཉིས་ལ་དགོངས་པ་ཞུས་ ནས་རྒྱང་གྲགས་གཅིག་བར་དུ་སྐྱ་ཆས་མི་ཆོག་པ་དང་ཤོ་མེ་ཕག་རྡོ་གོར་ འཕེན་པ་ལྷ་པ་དང་རས་པ་ཁྲོམ་དང་མཉམ་ཚོགས་བྱེད་པ་ཆང་རག་ འཐུང་ལ་གྲི་རིང་སྐད་པ་ཁ་འཐབ་ལག་འཛིང་བྱེད་མི་ཆོག །དགོངས་ཞུས་མེད་པར་ཕྱི་ལ་སོང་ཚེ་གྲྭ་མང་ལ་མང་ཇ་གཅིག་དང་དཀར་མེ་སྙན་དར།དགེ་བསྐོས་ལ་ནས་འབོ་གང་དང་དར་དཀར་གཅིག།མཁན་པོ་ལ་དངུལ་ སྲང་བདུན།གཞན་གྱི་གྲྭ་པའི་རྩ་བཞི་ལ་འགལ་ན་དགོན་པ་ནས་ཕྱིར་འབུད་བྱེད་པ་མ་ཟད་འགྱོད་བཤགས་གཡག་སོ་དྲུག་གཅིག་འཇལ་དགོས།གཞན་གྱི་ཕོ་མོ་རྣམས་ལ་ཁྲིམས་ནི་བུད་མེད་རྣམས་མོ་ཁྲིམས་མ་གྲོལ་བ་དགོན་ པའི་ལྕགས་རི་ནང་འཛུལ་མི་ཆོག་པ་དང་གཞན་གྱི་ཕོ་མོ་སུ་ཡིན་རུང་ དགོན་པའི་མཐོང་ཡོར་ཙམ་ལ་རྟ་བཞོན་མི་ཆོག་པ་དང་གྲི་རིང་རྐེད་པར་ལྟག་ཕུད་མགོ་བཅོད།སྣམ་བུ་ཉ་ལུག།ཐ་མ་ཁ་འཁྱེར།ཀི་བསོ་འོ་འབོད།ཆང་བཟི་ངོ་ཕག།ཁ་འཐབ་ལག་འཛིང་བཅས་བྱེད་མི་ཆོག།དགོན་གྱི་རྒྱབ་རི་ཉེ་འཁོར་དང་ཕུ་ཡུལ་གྱི་མཚེའུ་གསུམ།བཀག་རི་བཀའ་རྒྱ་བཅས་ལ་བརྩི་ བཀུར་ཞུ་དགོས།
寺院古代管理制度
根据五世达赖规章、第六官契以及第七增律在第一法声时僧侣起床、直至第五法声为止在院子聚集进行吹法螺并犹如宝剑入鞘结束聚集进行入座,北部如同排列圆环,前方圆如刀切了一般,头发如同丰收的麦穗而坐之。领诵师开始诵读经文后如同石入大海而从中流传于边围,诵经完毕之时如同哈气于镜面而从边围收至中心。领诵师根据经文的多少发出茶号供奉茶之时,于边围三次提悬如同马驹惊诧而供奉茶水,此亦茶水未满减福泽,茶水外溢短寿,以及僧众结束法会之时需要如同宝刀出鞘般。不论老少僧侣在互相称呼之时需要以法号而称不许用俗名及喂等称呼。僧侣的制度不是如马毛竖立而压如鸟羽之,因此不宜进行马毛竖立之事。在法会期间一天需要按时完成三次会,僧众到达自己僧舍时需请示轨范师与堪布,在一个闻距之内不可着俗装以及不宜进行赌博等行为,不宜与巫觋、棉衣行者等同处一室饮酒、携大刀、起争端斗殴等皆为不宜。未请示而走出寺外应为僧众进行茶饭供养以及供灯供哈达,为纠察僧供奉一藏斗青稞与哈达,为堪布供奉七两白银。别的僧侣违反四根本戒律将会逐出寺院并且要用满牙牦牛进行忏悔。对别的男女的规则为女性在未结束女规时不得踏入寺院围墙之内,而不论男女在寺院视线之内不得骑马、不得携带兵器、不得披着氆氇、不得抽烟、不得大声喧哗以及不得发起争端斗殴等。对寺院后山、全域三色湖、遵从封山令等。