ཚིག་གི་རྒྱན།•མཛའ་བཤེས་སྨོན་འདྲིན་ཁྲེན་ཐུང་ཕུ་ལ་སྤྲིངས་པ།
[སུང་།] ཞུན་ཆི་ཅི།
མྱོས་འགྱུར་བཏུང་བ་ཆང་གིས་བཟི་བཞིན་སྒྲོན་མེ་སྤར་ཏེ་རལ་གྲིར་གཟིགས།།
རྨི་ལམ་ཞིང་ནས་གཉིད་ལས་སད་དུས་ཕྲུ་མའི་དམག་བརྡས་གནམ་ས་འགེངས།།
བརྒྱད་བརྒྱའི་མིང་དུ་གདགས་པར་བྱས་པའི་ནོར་གྱི་ཤ་རྣམས་འཁོར་དག་སྦྱིན།།
སྣ་ཚོགས་རོལ་མོའི་རྔམ་བརྗིད་ཁྲོད་ནས་འཁོར་གྱི་དཔའ་གདེངས་ཆེ་རུ་བསྐྱེད།།
འདིའང་འབྲས་ལྡན་སྟོན་ཁའི་དུས་ཀྱི་རུ་སྒར་ཆེན་པོའི་དམག་གཟིགས་ཉིད།།
བང་གིས་བསྐྱོད་པའི་དམག་རྟ་དེའང་ཅང་ཤེས་ཏེ་ལའོ་*ཇི་བཞིན་མགྱོགས།།
ཁམས་གསུམ་གཞོམ་པའི་མདའ་གཞུའི་སྒྲ་ཡང་གནས་ལྕགས་ཐོག་འབེབས་ལྟ་བུར་གནས།།
ཡུལ་གྱི་དབང་རིས་གཅིག་གྱུར་མཛད་ནས་དབུས་རྒྱུད་སྲིད་དབང་སླར་གསོན་ཚེ།།
མི་དབང་རྒྱལ་པོར་སྐྱེས་སུ་བཏེགས་པའི་ཚེ་རབས་མང་པོའི་མཛད་བཟང་ངོམས།།
དེ་ལྟ་ནའང་སྐྲ་དཀར་བགྲེས་པའི་དུས་ལ་བསླེབས་འདིར་ཕངས་ཤིང་སྐྱོ།།
*གནའ་བོའི་རྒྱལ་ཁབ་གསུམ་སྐབས་ཀྱི་ལྱའུ་པེ་ཡི་དམག་རྟ་的卢ལ་གོ
破阵子·为陈同甫赋壮词以寄之
【宋】辛弃疾
醉里挑灯看剑,梦回吹角连营。
八百里分麾下炙,五十弦翻塞外声。
沙场秋点兵。
马作的卢飞快,弓如霹雳弦惊。
了却君王天下事,赢得生前身后名。
可怜白发生!