前几日有点颇具随大流意味地在朋友圈晒了几张“书皮”之后,有不少人私信问我你对哪方面的书籍感兴趣,说到阅读“兴趣”,我的阅读习惯似乎一向被兴趣所主导,而在诸多兴趣书当中除了文学作品,我从量上来说“历史书籍”似乎当仁不让地成为了我第二大兴趣读物。其实作为一个佛教徒我认为掌握客观历史规律并从中摸索出正法长青的答案是势在必得的一件事,因为佛教的教义不管多么的深入人心,其兴衰史还是由人主导的,而历史是掌握规律的好方法。
ཉིན་ཤས་སྔོན་ལ། མང་མང་གི་བྱེད་སྟངས་ལ་ལད་ཟློས་ལྟ་བུའི་སྒོ་ནས་གྲོགས་པོའི་ཚོམས་སུ་དཔེ་དེབ་ཁ་ཤས་བསྐུར་རྗེས། མི་སྐོར་ཞིག་གིས་ང་ལ་དཔེ་དེབ་ཀྱི་རིགས་གང་ཅན་ལ་སྤྲོ་བ་ཆེ་ལུགས་དྲིས་བྱུང་། དཔེ་ཀློག་གི་དགའ་ཕྱོགས་ཞེས་གླེང་སྐབས། ངའི་དཔེ་ཀློག་གི་གོམས་གཤིས་ནི་དགའ་ཕྱོགས་ཀྱིས་གཙོ་བོར་བྱས་ཤིང་། དཔེ་ཀློག་བྱེད་རྒྱུར་དགའ་བའི་དེབ་མང་པོའི་ཁྲོད་ནས་རྩོམ་རིག་གི་བརྩམས་ཆོས་ལས་གཞན། གྲངས་ཚད་ལྟར་ན་ལོ་རྒྱུས་ཀྱི་དཔེ་དེབ་ཁག་ནི་རང་བཞིན་གྱིས་ང་རང་བཀླག་པར་སྤྲོ་བའི་དཔེ་དེབ་གཉིས་པའི་གྲས་ཡིན། དོན་དངོས་ཐོག ནང་པའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་བཤད་དུས། ངས་བལྟས་ན་གཞི་དངོས་པོའི་གནས་ཚོད་ལྟར་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཤིང་། དེའི་ཁྲོད་ནས་ཆོས་ལུགས་རྣམ་དག་ཅིག་རྒྱུན་རིང་བོར་བཞུགས་ཐུབ་པའི་ཆོས་ཉིད་འཚོལ་རྒྱུ་ནི་ལྡོག་ཏུ་མེད་པའི་ལས་ཁོ་ནའོ།། གང་ལགས་ཤེ་ན། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ནི་ཤ་དང་རུས་པའི་རྐང་ལ་ཇི་ལྟར་འཐིམས་ནའང་། དེའི་དར་རྒུད་ཀྱི་ལོ་རྒྱུས་ནི་མིས་དབང་དུ་བྱས་ཕྱིར། ལོ་རྒྱུས་ནི་ཆོས་ཉིད་ཁོང་དུ་ཆུད་པའི་ཐབས་ལམ་ཡག་ཤོས་དེའོ། །
在读历史书的时候,不同于文学作品,我总是会“习惯性”地做笔记,这些笔记虽然大多数都不值一提,但有些笔记在过了许久之后重新掌读时,还不乏趣味,今天就将四年前对塞北历史笔记中的一段分享于诸君吧。
ལོ་རྒྱུས་ཀྱི་དཔེ་ཆ་ཀློག་སྐབས། རྩོམ་རིག་བརྩམས་ཆོས་དང་མི་འདྲ་བར་ངས་རྒྱུན་པར་གོམས་ལོབས་སུ་སོང་བ་ལྟར་ཟིན་བྲིས་འགོད་ཀྱིན་ཡོད། ཟིན་བྲིས་དེ་དག་ཀྱང་མང་ཆེ་བར་གླེང་རིན་ཆེར་མེད་མོད། ཡིན་ནའང་ཟིན་བྲིས་ཁ་ཤས་ཡུན་རིང་འགོར་རྗེས་བསྐྱར་ཏུ་ཀློག་དུས། དེ་ལ་སྤྲོ་བ་མ་འདྲ་བ་རེ་འདུག དེ་ལྟར་ན། དེ་རིང་། ལོ་ངོ་བཞིའི་གོང་གི་ལྕགས་རི་རིང་མོའི་བྱང་བརྒྱུད་ཀྱི་ལོ་རྒྱུས་བརྗེད་ཐོར་བཀོད་པའི་དུམ་ཚན་ཞིག་འདིར་བཞུགས་ཀུན་ལ་མཉམ་སྤྱོད་བྱ་རྒྱུ་ཡིན།
玩过《文明》(civilization)这款策略游戏的人,想必很熟悉“科技树”这个概念,当每个玩家在“统领”一种文明从荒蛮时代过渡到未来的AI时代时,如果自己科技树没有发展起来,亦或是发展错了,那将意味着灭顶之灾。而其中开拓团去殖民新的肥沃土壤,滋养姆大陆日益枯萎的基础资源是关键,而这其中我觉得不尽如人意的是游戏为了平衡性而将历史的细节搞丢了。我说的是农耕文明、海商文明、游牧文明等的殖民模式。我今天就借着汉朝时期开拓团的模式,试图复描一幅农耕文明有别于十五世纪地中海海商文明的那种殖民模式。
<<ཤེས་རིག་>>(civilization)ཅེས་པའི་ཐབས་ཇུས་རོལ་རྩེད་འདི་རྩེས་མྱོང་མཁན་ཞིག་ཡིན་ན། ཚན་རྩལ་སྡོང་བོ་ཞེས་པའི་ཐ་སྙད་དེ་ལ་རྒྱུས་མངའ་ཆེན་པོ་ཞིག་ཡོད་སྲིད། རོལ་རྩེད་མཁན་རེ་རེ་ཡིས་ཤེས་རིག་ཅིག་དམུ་རྒོད་དུས་རབས་ནས་མ་འོངས་པའི་མིས་བཟོས་རིག་ནུས་AIདུས་རབས་ལ་བར་བརྒལ་བྱེད་པར་ཡོངས་སུ་དབང་བསྒྱུར་སྐབས། གལ་སྲིད་རང་ཉིད་ཀྱི་ཚན་རྩལ་སྡོང་བོ་དེ་འཕེལ་རྒྱས་མ་བྱུང་བའམ། ཡང་ན་འཕེལ་རྒྱས་འགྲོ་ཕྱོགས་ནོར་སོང་བ་ཡིན་ན། དེ་ནི་སྲོག་ལ་ཐུག་པའི་གནོད་འཚེ་ཆེན་པོ་ཞིག་བཟོས་པ་མཚོན།
རོལ་རྩེད་འདིའི་སྒྲིག་འགོད་ཇི་བཞིན། ལོ་རྒྱུས་དངོས་ཀྱི་ཁྲོད་དུ་གལ་སྲིད་ཤེས་རིག་ཅིག་གིས་རང་ཉིད་ཀྱི་ཚན་རྩལ་སྡོང་བོ་འཕེལ་རྒྱས་ཡག་པོ་མ་བཏང་བའམ། ཡང་ན་ཚན་རྩལ་སྡོང་བོ་ནོར་འཆུག་བྱུང་སོང་ན། དེ་ཉིད་ལོ་རྒྱུས་ཀྱིས་ཕྱིར་འབུད་བྱེད་སྲིད། གཤམ་ནས་ང་རང་གིས་ཐོར་བཀོད་པའི་ལོ་རྒྱུས་ཀྱི་ཟིན་བྲིས་དུམ་བུ་ཞིག་ལ་བརྟེན་ནས་ལོ་རྒྱུས་ཀྱི་ངོ་གདོང་ངམ་བཞིན་རས་ངོ་མ་དེ་ལ་ཕྱིར་རྟོག་ཅིག་བྱ།
诚如这款游戏的设置,在真实的历史中如果一个文明没有发展好自己的科技树,或者点错了科技树,那也将注定被历史所淘汰,下面我就通过我的一段历史笔记一起反思历史的真面吧。
ངས་རྒྱུན་པར་ཀྲུང་གོའི་རིམ་བཅད་ལོ་རྒྱུས་ནི་དོན་སྙིང་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་སྣོད་བཅུད་མཐོང་བའི་སྒེའུ་ཁུང་ཞིག་དང་འདྲ་བར་དུས་རབས་སོ་སོའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་མངོན་པ་དང་། ང་ཚོས་དུས་སྐབས་ངེས་ཅན་ཞིག་ལ་སེམས་པ་བརླན་བཞིན་དེའི་དྲོད་འཇམ་དང་འཕར་ལྡིང་བྱེད་བཞིན་པའི་ལོ་རྒྱུས་ཀྱི་འཕར་རྩ་ལའང་རེག་ཐུབ། ངས་བལྟས་ན་ལོ་རྒྱུས་ཀློག་སྐབས། བློ་ཡི་རྩོལ་བ་སྔོན་དུ་སོང་བའི་ངོས་འཛིན་ཕྱོགས་ཙམ་པ་དེ་རིགས་འདོར་གང་ཐུབ་བྱས་ན་ནི། ད་གཟོད་ལོ་རྒྱུས་ཀྱི་ཁྲོད་ནས་རང་ཅག་གི་བགོ་སྐལ་དུ་སྨིན་ཅིང་ཡངས་པའི་རྒྱལ་ཁམས་མཐོང་བའི་ཡེ་ཤེས་ཀྱི་སྤྱན་ཁྱད་དུ་འཕགས་པ་ཞིག་རྙེད་སྲིད།
我一直认为,中国的断代史很有意思,它像一面视窗,展现每个时代独特的风物,让我们触摸到特定时代的温热且跳动着的历史脉搏,我认为读史时尽可能地将先入为主的既定认识抛开,我们才能从中得到历史赐予我们的恩惠。
ཀྲུང་གོའི་ལོ་རྒྱུས་ཁྲོད་ཀྱི་རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་གོང་གི་ལོ་རྒྱུས་ཀྱིས་ང་ལ་བཞག་པའི་བག་ཆགས་ཟབ་ཤོས་རེད་འདུག ངས་བལྟས་ན། སུང་རྒྱལ་རབས་སྔོན་གྱི་ཆེས་དོན་སྙིང་ལྡན་པའི་རྒྱལ་རབས་ཤིག་ནི་ཧན་རྒྱལ་རབས་རེད་འདོད་དེ། སུང་རྒྱལ་རབས་ཀྱི་རྗེས་ནས་བཟུང་། སྤྱིར་བཏང་དུ་ཤེས་ཡོན་པའི་སྡེ་ཡིས་རིག་པའི་གནས་ལ་མཐོང་ཆེན་དང་དྲག་པོའི་འཐབ་རྩལ་ལ་མཐོང་ཆུང་བྱས་ཏེ། དྲག་རྩལ་བ་ནི་གྲོང་ཚོའི་གདོལ་སྤྱོད་མི་རྒོད་ལྟ་བུ་རུ་བརྩི་བ་རེད། འདི་ལྟ་བུའི་བསམ་བློ་ཡིས་ཐད་ཀར་རྒྱལ་རབས་འདི་གའི་ཤེས་ཡོན་པའི་སྡེ་ཡི་གཟུགས་སྟོབས་དང་ཉམས་འགྱུར་ལ་ཤུགས་རྐྱེན་ཐེབས་ནས་སྟག་ཤ་རའི་གཟི་དཔལ་ཉམས་ཞན་དུ་གྱུར་ཅིང་། དཔེ་ཆ་བ་གླེན་པ་ཚོའི་ཞི་འཇམ་གྱི་ཉམས་འགྱུར་ཕྱོགས་སུ་འགྱུར་བ་རེད། འདི་དང་བསྡུར་ན། སུང་རྒྱལ་རབས་སྔོན་གྱི་ཧན་རྒྱལ་རབས་ཀྱི་ཤེས་ཡོན་པའི་སྡེ་ནི་ལུས་ཟུངས་རྒྱས་ཤིང་དཔའ་ཉམས་ཀྱིས་ཀུན་ནས་ཕྱུག་པ། གནའ་དེང་གསུང་རབ་ཐུགས་ལ་མངའ་བའི་མཁས་པ་ཆེན་པོ་ཙམ་དུ་མ་ཟད། དྲག་པོའི་གཡུལ་ས་ནས་དཔའ་བོའི་ངར་སྐད་ཀྱིས་ཕྱོགས་བཞིའི་དགྲ་ཚོགས་ཟིལ་གྱིས་མནན་ཅིང་། རྨིག་བཞིས་དགྲ་ངན་སྙིང་ཁྲག་གཏོར་བའི་དཔའ་བོའི་བློ་སྤོབས་འཛོམས་པ་ཤ་སྟག་རེད། འདི་ཡིས་ང་ཚོར་སྐྱེས་སྟོབས་ཀྱི་དཔལ་འབར་བའི་དུས་རབས་ཤིག་གི་སྙིང་སྟོབས་མངོན་པར་མཚོན་ལ། སྟོབས་དང་ལྡན་པའི་དུས་སྐབས་ཀྱི་འདུ་ཤེས་ཟབ་མོ་དེ་ཡིས་དཔེར་ན་ཀྲང་ཆན་དང་། སའོ་ལི།པན་ཁྲའོ། ཧོ་ཆོན་པེན་སོགས་དུས་རབས་ཤིག་གི་ཚབ་མཚོན་དུ་བགྲང་རུང་བའི་དཔའ་བོ་རྣམས་ནི་དཔང་རྟགས་ཡག་ཤོས་ཤིག་ཡིན་པ་རེད།
在中国历史中五代十国之前的历史,给我留下的印象比较深。我认为宋朝之前最有意思的一个朝代是汉朝,自宋之后知识阶层一般重文轻武,视武人为“村野莽夫”,这种思想直接影响了此朝代知识阶层的体魄和风度开始日渐损失“阳刚之气”,转而开始倾向文化书呆子的“柔风”吧,相比而言,宋之前汉朝知识阶层的那种强健的体魄和雄杰的英气,以及即使是博古通今的大文豪,亦能驰骋疆场,马革裹尸的男子气度!则为我们勾勒出了一个时代腴健的精神面貌,“壮健”的时代意识养育强者,像张骞、索励、班超、霍去病等一代英豪就是最好的佐证。
ཧན་རྒྱལ་རབས་ཀྱིས་རྒྱ་རིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་གཙོ་བོའི་མི་རིགས་འཛུགས་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་ཧྭ་ཞ་ཤེས་རིག་གི་འབྱུང་ཁུངས་ཤེས་རྟོགས་བྱེད་འདོད་ན། ངེས་པར་དུ་བར་སྐབས་དེའི་རིང་གི་ལོ་རྒྱུས་ལ་ངོས་འཛིན་ཟབ་མོ་ཞིག་བྱེད་དགོས། ཧན་རྒྱལ་རབས་ཀྱི་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཁྲོད། ངས་བསམ་ན་བསམ་བློ་གཏོང་རིན་ཆེས་ཆེ་བ་ནི་ཕོ་བྲང་གི་ཡིག་ཐོག་ལ་བཀོད་མེད་པའི་གནས་ཚུལ་དང་ཡང་ན་ཆབ་སྲིད་ཀྱི་འཐབ་རྩོད་དེ་མ་ཡིན་པར། སེམས་ཤུགས་རབ་ཏུ་བརྟན་པའི་ཕོ་ཉ་དང་དམག་དཔོན་རྣམས་ཡིན་ཏེ། ཁོང་ཚོས་རྩ་བ་ནས་རྒྱུས་མངའ་མེད་པའི་ཡུལ་གྲུ་ཁག་ཏུ་དུས་རབས་ཤིག་གི་དོན་སྙིང་ཆེས་ཆེར་ལྡན་པའི་ཡུལ་བསྐོར་འགྲུལ་བསྐྱོད་དེ་བྱས་ཤིང་། ཕྱོགས་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། བྱས་པ་རླབས་པོ་ཆེ་འདི་ནི་ངས་བལྟས་ན་ཡོ་རོབ་ཀྱི་ས་ཁམས་གསར་རྙེད་ཆེན་མོ་ལས་ཉམས་ཞན་པ་གང་ཡང་མིན་མོད། འོན་ཀྱང་ས་ཁམས་གསར་རྙེད་ཆེན་མོའི་འོད་སྟོང་ལྡན་པའི་རྒྱབ་ལོགས་ན། ཡ་གླིང་དང་ཧྥེ་གླིང་། ལ་ཏིང་མེ་གླིང་གི་མི་བགྲང་ལས་འདས་པ་མང་པོའི་ཚེ་སྲོག་དང་རྒྱུ་ནོར་བཏང་བ་དང་འདྲ་བར། ཧན་རྒྱལ་རབས་ཀྱིས་མཐའ་མཚམས་གསར་འབྱེད་ཐེངས་རེ་རེ་དང་། ཧན་རྒྱལ་རབས་ཀྱི་བརྗིད་རྔམ་ཕྱོགས་བཅུར་བསྒྲགས་པའི་རྒྱལ་རབས་ཀྱི་རྨང་གདན་རེ་རེའང་ཟུངས་ཁྲག་དམར་པོའི་རྒྱ་མཚོ་དང་། བེམ་རོ་མང་པོའི་རི་བོས་བསྐྲུན་པ་འབའ་ཞིག་གོ །
汉朝对汉族即中华民族主体民族的民族建构起着举足轻重的意义,故而欲了解华夏文明之根源,就必须深刻认识那段历史。在汉四百余年的历史岁月里,最让我觉得耐人寻味的不是宫廷轶事,或者政治斗争,而是那些怀着一腔热血的使官和将军,他们在完全未知的地域,进行的划时代意义的“凿空之旅”,从某些方面来讲,这些壮举我认为不比欧洲“地理大发现”逊色,但是,正如“地理大发现”的光辉背后,是无数亚非拉人民的累累白骨和财富所付出的代价一样,汉朝一次次开拓边疆,宣扬汉威的一幕幕壮举的基座,也是尸山血海堆积而成的。
ཚང་མས་ཤེས་གསལ་ལྟར། ཧན་རྒྱལ་རབས་འདི་ནི་ཐོག་མ་ཉིད་ནས་བཟུང་། བྱང་ཕྱོགས་ཀྱི་སྐྱས་སྤོའི་འབྲོག་པའི་ཚོ་བ་དང་དགྲ་རུ་ལངས། བྱང་ཕྱོགས་ཀྱི་སྐྱས་སྤོའི་འབྲོག་པའི་ཚོ་བའི་ཁྲོད། དམངས་ཡོངས་ཀྱི་མི་གྲངས་གཞི་གྲངས་ནི་ཧན་རྒྱལ་རབས་ཀྱི་ཅུན་ཆུང་ཆུང་ཞིག་གི་ཚད་ཡིན་པའི་ཞུང་ནུའུ་ལས་ཀྱང་ཉུང་བ་རེད། ཡིན་ནའང་བྱང་ཕྱོགས་ཀྱི་མི་རིགས་དེ་དག་ལས་སྐབས་དེར་དྲག་པོའི་དཔུང་སྟོབས་འགྲན་པའི་ཟླར་མ་མཆིས་པ་དེ་ཡིན་པ་སྨོས་མེད་རེད། ཀྲུང་གོའི་ཡུལ་དབུས་ཀྱི་ལོ་རྒྱུས་ཁྲོད། ཀྲུའུ་ནུབ་མའི་ཀྲུའུ་ཞོན་ཝང་གི་དུས་སྐབས་ནས་བཟུང་ཞུང་ནུའུ་དང་འཐབ་འཛིང་བྱས་པའི་ལོ་རྒྱུས་ཡོད་པ་རེད།
大家都知道汉朝这个朝代的“出厂设置”就是跟北方游牧民族死磕,在北方游牧部落中当时全民人口基数不及大汉一个小郡的匈奴,无疑是这群北方民族中当时武力值最逆天的一个,中原历史中自西周的周宣王时期起就有与匈奴战斗的记录。
ཞུང་ནུའུ་ནི་ནང་སོག་བྱེ་ཐང་ཆེན་མོའི་བྱང་རྒྱུད་མཐོ་སྒང་གི་རྩྭ་ཆུ་ཕུན་སུམ་ཚོགས་པའི་སྤང་ཐང་དང་བྱང་ཕྱོགས་ཀྱི་བྱེ་ཐང་བར་བརྒྱུད་ན་ཁ་ཐོར་དུ་གནས་ཤིང་། དཀའ་སྡུག་ཁུར་དུ་བཟོད་ནུས་པའི་མི་རིགས་ཤིག་ཡིན་པ་རེད། ལོ་ལྟར་དབྱར་ཁ་དང་སྟོན་ཁ་སྦྲེལ་མཚམས་ཀྱི་དུས་སུ། རྒན་དར་གཞོན་གསུམ་ཚང་མ་དབྱར་ས་ནས་དགུན་གྱི་འཚེར་ས་རུ་གནས་སྤོ་བ་རེད། གལ་ཏེ་སྐྱས་སྤོའི་ངོ་བོ་ཁོ་ནར་བརྟེན་ནས་ཞུང་ནུའུ་ནི་དམུ་རྒོད་ཁ་འཐོར་རྣམ་པའི་རུས་ཚོ་ཞིག་ཡིན་པར་ངོས་འཛིན་བྱས་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ཞུང་ནུའུ་ནི་མའོ་ཏུའུ་ཁྲན་ཡུས་ཀྱིས་གཅིག་གྱུར་བྱས་པ་དང་བསྟུན་ནས་སྤྱི་ཚོགས་ཡོངས་སུ་ཧུའུ་ཡན་དང་། ལཱན་ཧྲི། ཞའེ་པོ་བཅས་སྐུ་དྲག་གི་ཁྱིམ་བརྒྱུད་ཆེ་ཁག་གསུམ་ནས་གདུང་རྒྱུད་འཛིན་པའི་སྐུ་དྲག་གིས་མངའ་དབང་བསྒྱུར་བའི་ཆབ་སྲིད་འཛིན་ལུགས་དར་སྤེལ་བཏང་། ནང་སྒུལ་འཕྲུལ་ཆས་ད་དུང་གསར་གཏོད་བྱས་མེད་པའི་དུས་སྐབས་དེར། ཧ་ལམ་སྐད་ཅིག་ཉིད་དུ་དམངས་ཡོངས་རྟ་བའི་དམག་འཐབ་ལ་མཁས་པའི་དཔུང་ཚོགས་ཤིག་ཏུ་སྐུལ་སློང་བྱེད་ནུས་པའི་ཞུང་ནུའུ་ཡིས། ལུས་ལ་སྟོད་གོས་ཕུ་ཐུང་དང་རྐང་སྣམ་དོར་ཐུང་གྱོན་ཅིང་། སྤྲི་དཀར་མང་བའི་འཚོ་བཅུད་ཅན་གྱི་བཟའ་བཏུང་གིས་ལུས་ཟུངས་ཤེད་སྟོབས་ཅན་དུ་བཏང་བས་ཞུང་ནུའུ་མི་རིགས་ནི་སྐབས་ཐོག་དེའི་མིང་དོན་མཚུངས་པའི་འཕྲུལ་ཆས་ཁྲབ་རྨོག་དཔུང་ཚོགས་སུ་གྱུར་བ་རེད། རྩྭ་རྩི་ཤིང་དང་ཤིང་ནགས་སད་ཀྱིས་བཅོམ་ལ། ཆུ་དང་གཙང་པོར་འཁྱག་པས་བསྡམས་པའི་དགུན་དུས་སུ། འཚོ་གནས་ལ་དཀའ་ངལ་འཕྲད་ཚེ། འབྲོག་པའི་ཚོ་བ་ཡི་སྐྱེས་པ་རྣམས་ཀྱིས་ད་གཟོད་མཐའ་མཚམས་ཀྱི་དབུལ་ཕོངས་ས་ཁུལ་ལ་འཇབ་རྒོལ་དང་འཕྲོག་བཅོམ་བྱེད་ཀྱི་ཡོད། དེ་ནི་མཐའ་མཚམས་ཀྱི་ཞིང་པ་རྣམས་ལ་མཚོན་ན། ཧ་ལམ་དུས་ཚིགས་རང་བཞིན་གྱི་གནོད་འཚེ་ཞིག་ཏུ་གྱུར་བ་རེད། ཡིན་ནའང་། རྒྱལ་ས་དང་དེའི་ཉེ་འཁོར་ཁུལ་གྱི་འཚོ་བ་སྐྱེལ་མཁན་རྣམས་ལ་མཚོན་ན། དཀའ་སྡུག་འདི་རིགས་རྟོགས་མི་སྲིད། ཧན་རྒྱལ་རབས་ཀྱི་རྒྱལ་ས་ནི་ཚོང་འདུས་ཆེན་པོ་ཞིག་སྟེ། ཁྲང་ཨན་དུ་ཕྱོགས་བཞིའི་མགྲོན་པོ་འཚང་ཁ་ཤིག་ཤིག་གིས་འདུས་ཤིང་། ཚོང་ཁྲོམ་དང་གྲུ་གཟིངས་ཕྲེང་བར་བསྟར། མཁར་གྲོང་ནང་ཁུལ་མིག་མངས་བཞིན་དུ་བཀོད་པ་གྲལ་དག་ལ། སྲང་ལམ་གཡས་གཡོན་དུ་སྡོང་བོའི་གྲིབ་བསིལ་གྱིས་མངོན་པར་རྒྱན་པ་དང་། ཡུར་ཆུ་ཕྱོགས་སུ་རྒྱུ་བར་བྱེད། དེ་ལྟ་བས་ན། འགའ་རེ་ཡིས་དེ་གའི་རླུང་ལས་དྲི་ཞིམ་མཆེད་ཅིང་། མཛེས་སྡུག་ལྡན་པའི་རི་ཀླུང་ཡང་དེ་ལྟར་ལྟ་ན་སྡུག་པ་དང་། འབྱོར་ཕྱུག་ལྡན་པའི་གྲོང་ཁྱེར་དེ་ལྟ་བུ་ནས་ཚེ་གང་བོར་འཚོ་བ་སྐྱེལ་མྱོང་བའི་མི་རྣམས་ནི་བག་ཕེབས་ཀྱིས་འཚོ་བ་རོལ་ཕྱིར། ཐག་རིང་གི་མི་རིགས་གཞན་པའི་འཇིགས་སྐུལ་ལ་བསམ་བློ་གཏོང་མི་སྲིད་ཅེས་བརྗོད།
匈奴人散居于漠北高原水草丰美的草场和北方戈壁之中,是非常能够吃苦耐劳的民族,每年青黄相接之时携老扶幼全民都会从夏牧场迁移到冬窝子里,如果仅仅因为其这些游牧属性就认为匈奴是一个蛮荒松散的群落那就大错特错了,匈奴随着在冒顿单于统一后全社会实行由呼衍、兰氏、须卜这三大贵族世袭统治的贵族寡头政治,在那个内燃机还没被发明出来的时代,近乎秒速就能将全民动员为善于“骑射作战军团”的匈奴,再结合窄袖束裤和高蛋白饮食赋予的强健体魄,匈奴民族当时可谓是名副其实的“机械装甲集团”了,在草木结霜河流结冰的寒冬时节,迫于生计游牧部族的男人才会结队袭扰、劫掠边塞贫困地区,这对于生活在边疆的农人们来说似乎是季节性灾难,而这种痛苦,当时生活在京畿之地的人们是无法体会的,汉京畿之地当时商贾聚集,长安市内客商福户鳞次栉比,城内布局横平竖直,街道两边绿树成荫,还有渠道流经,有人形容:“那里的风仿佛都带着甜香,锦绣河山又是那般秀美,在如此富庶的市区里生活了一辈子的人们,想必肯定是安逸度日的,没想过远方异族的威胁吧。”
གར་མཁན་བུ་མོས་རྒྱལ་རབས་འཇིག་ཚུལ་རྟོགས་ནུས་མིན། གཙང་འགྲམ་ཀུན་ཏུ་ལྟས་ངན་གླུ་སྐད་བར་མེད་མཆེད།
རྒྱལ་སའི་མང་ཚོགས་ཀྱིས་བཙན་རྒྱལ་ཆེན་མོའི་མཐའ་མཚམས་ཀྱི་མི་སེར་ཚོའི་བདེ་སྡུག་ལ་སེམས་ཁྲལ་བྱེད་མི་སྲིད་ནའང་།
གོང་མ་ཧན་ཝུའུ་ཏིའི་དུས་སྐབས་སུ་བཙན་རྒྱལ་ཆེན་མོའི་མཐོ་རིམ་གྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉིན་རེ་བཞིན་དུ་གོང་འཕེལ་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་ཡུན་རིང་བརྟན་བརླིང་ཡོང་བའི་མིང་ཐོག་ནས་མངའ་ཁོངས་རྒྱ་བསྐྱེད་པའི་ལོ་རྒྱུས་ཀྱི་སྒོ་འཕར་རིམ་གྱིས་འབྱེད་འགོ་ཚུགས་ཤིང་། ཧན་རྒྱལ་རབས་ཀྱི་མཐོ་རིམ་གྱིས་ཞུང་ནུའུ་ཡི་གནོད་འཚེ་ལ་དོགས་ཟོན་ཆེན་པོ་བྱེད། སྐབས་དེར་ཧན་བཙན་རྒྱལ་ཆེན་མོས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཡོད་རྒུ་བཀོལ་ནས་ཞུང་ནུའུ་ལ་འགོག་རྒོལ་བྱས་པའང་མཐའ་མཚམས་ཀྱི་གནོད་འཚེ་མེད་པར་གཏོང་བ་ཕུད། ད་དུང་རྒྱུ་རྐྱེན་གལ་ཆེན་ཞིག་ཡོད་པ་སྟེ། དེ་ནི་ནང་སོག་བྱེ་ཐང་ཆེན་མོའི་བྱང་རྒྱུད་དུ་གཏོགས་པའི་ནུབ་ཡུལ་གྱི་བགྲོད་ལམ་ཚོད་འཛིན་བྱེད་པའི་དབང་ཆ་དེ་ཡིན་པ་རེད། བགྲོད་ལམ་དེའི་དོན་སྙིང་གལ་ཆེན་ནི། དེ་ནི་སྐབས་དེར་སྐམ་སའི་ཐོག་གི་ཚོང་འགྲུལ་བགྲོད་ལམ་གཅིག་པུ་དེ་ཡིན་པས། གལ་ཏེ་བགྲོད་ལམ་དེ་ཤོར་སོང་བ་ཡིན་ན། བཙན་རྒྱལ་ཆེན་མོའི་ཉོ་ཚོང་འཁོར་བསྐྱོད་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཅིང་། བཙན་རྒྱལ་ཆེན་མོའི་ཆབ་སྲིད་རྨང་རྡོ་ལའང་གཡོ་འགུལ་ཐེབས་ངེས་རེད། དེར་བརྟེན། ཐང་རྒྱལ་རབས་ཀྱི་དུས་སྐབས་ནས་བཟུང་། ས་ཁུལ་དེའི་ཚོད་འཛིན་དབང་ཆ་ནི་རྒྱལ་རབས་རིམ་བྱུང་གི་འཐབ་ཇུས་དམིགས་འབེན་མཐོ་ཤོས་སུ་བརྩི། ཡིན་ནའང་འཐབ་ཇུས་ཀྱི་དམིགས་ཡུལ་འདིར་དམིགས་ནས་མི་རབས་རེ་རེ་བཞིན་ལག་བསྟར་བྱེད་པའི་ཐབས་ཤེས་དང་ཐབས་ཇུས་ནི་མི་འདྲ་སྟེ། དཔེར་ན། ཧན་རྒྱལ་རབས་ཀྱི་དུས་མགོར། ཕྱོགས་སོ་སོའི་རྒྱལ་ཕྲན་རྒྱལ་པོ་རྣམས་ཀྱིས་བཅད་བཟུང་བྱས་པས་ནང་ཁུལ་གྱི་གནོད་པ་སེལ་མ་ཐུབ། དེ་བས་ཧན་རྒྱལ་རབས་ཀྱི་དུས་མགོར། མཐའ་མཚམས་བཅོས་སྐྱོང་བྱེད་པའི་སྲིད་ཇུས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་གཉེན་འབྲེལ་གྱི་སྲིད་ཇུས་ལག་ལེན་དུ་བསྟར་བ་ལྟ་བུ་རེད། འདི་ལྟ་བུའི་སྲིད་ཇུས་ནི་ཧན་རྒྱལ་རབས་ཀྱིས་བརྙས་བཅོས་ངོ་ཚའི་སྲིད་ཇུས་ཤིག་ཏུ་ངོས་འཛིན་བྱེད་པ་རེད། ཕྱིས་སུ་རྒྱལ་རབས་ནང་ཁུལ་གྱི་གནོད་པ་ཞི་འཇགས་སུ་བཏང་བ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་སྟོབས་ཤུགས་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། ཧན་རྒྱལ་རབས་ཀྱི་སྲིད་ཇུས་ཀྱང་རིམ་བཞིན་བསྒྱུར་མགོ་བརྩམས་ཤིང་། ཐོག་མའི་མཛའ་མཐུན་གཉེན་འབྲེལ་གྱི་སྲིད་ཇུས་ནས་སྔར་ལས་བཙན་དྲག་ལྡན་པའི་མངའ་ཁོངས་རྒྱ་བསྐྱེད་དེ་མཐའ་མཚམས་བདེ་ལ་འགོད་པའི་ཐབས་ཇུས་སུ་བསྒྱུར་མགོ་ཚུགས་པ་རེད།
“商女不知亡国恨,隔江犹唱《后庭花》”,京城百姓虽说不会顾虑帝国边民的烦恼,但在汉武帝时期帝国上层随着帝国势力的蒸蒸日上,借着国祚永续的名义,拓疆开土的历史帷幕逐渐被拉开,汉国高层对于匈奴之患一直是非常警惕的!当时汉朝帝国举全力对付匈奴除了绝除边患,还有一个重要的原因,那就是塞北西域道的控制权!这条通道的重要意义在于它是当时陆上唯一的商业通衢,如果失守那将意味着维持庞大帝国运转的贸易将受到重创从而动摇帝国的根基,因此唐朝时期开始这一地区的控制权是作为历代王朝的最高战略目标的。但围绕着这个战略目标每一代所实行的方法策略都有所不同,比如汉朝初期,因各方诸侯王割据,内患未除,所以汉初起的“治边”政策,一直采用“和亲”政策。这种政策汉朝一直认为是一种“屈辱”政策,随着后期在平息内患,国家财力逐渐恢复后,汉朝的政策也开始慢慢改变,从最初的“和亲政策”,开始转变为更加强硬的“拓疆安边”方略!
མངའ་ཁོངས་རྒྱ་བསྐྱེད་དེ་མཐའ་མཚམས་བདེ་ལ་འགོད་ཐབས་དེར་དོན་སྙིང་ཆེན་པོ་ལྡན་ཏེ། ཐབས་ཇུས་འདི་ཧན་རྒྱལ་རབས་ཀྱིས་ཡང་ཡང་དར་སྤེལ་བཏང་མྱོང་ནའང། ལམ་ལྷོངས་ཆེན་པོ་མ་བྱུང་བར་ཕྱིས་སུ་གཞི་ནས་བྱང་ཆུབ་པའི་ཚད་དུ་སླེབས། ངས་ཕྱོགས་བསྡུས་སྒོས་དབྱེ་ཞིབ་ཅིག་བྱས་པ་ན། དོན་དངོས་ཐོག་སྲིད་ཇུས་འདི་རིགས་རྙོག་འཛིང་གང་ཡང་མིན་ཏེ། ལག་བསྟར་བྱས་པ་ལ་གོ་རིམ་ལྔ་བརྒྱུད་དགོས་པ་ནི། གོ་རིམ་དང་པོ་ལ། སི་མཱ་རྫུན་མ་ལྟ་བུའི་ཕོ་ཉ་མངགས་ནས་ཕན་ཚུན་དབར་ཕོ་ཉ་འགྲོ་འོང་བྱས་ཤིང་། ཕ་རོལ་པོའི་རྒྱལ་སྲས་ནི་ཕོ་ཉ་འགྲོ་འོང་གི་ཆ་རྐྱེན་བྱས་ཏེ་རྒྱལ་སར་འཁྲིད་ཡོང་ན། དེ་ལྟར་བྱས་པར་ཕན་པ་གཉིས་ཡོད་པ་སྟེ། ཕྱོགས་གཅིག་ནས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཕ་རོལ་པོར་བཙན་སྐུལ་བྱེད་ཆོག་པ་དང་། ཕྱོགས་གཞན་ཞིག་ནས་ཕ་རོལ་པོའི་རྒྱལ་སྲས་ཏེ། མ་འོངས་པའི་རྒྱལ་སྲིད་འཛིན་མཁན་དེ་ཉིད་རྒྱ་འགྱུར་དུ་བཏང་ནས་རྒྱ་དང་མཐུན་ལམ་ཆེར་ལྡན་པའི་སྲིད་དབང་འཛུགས་པར་རྨང་གཞི་འདིང་བ་འདི་ནི་གོམ་པ་དང་པོ་ཡིན་ལ། གོམ་པ་གཉིས་པ་ནི། ཕྱོགས་གཉིས་པོའི་མཐའ་མཚམས་སུ་ཕན་ཚུན་ཚོང་ར་འཛུགས་དགོས་ཏེ། དཔེར་ན། དུས་ཕྱིས་ཀྱི་ཐང་བྷོད་ཇ་རྟའི་ཚོང་ར་ལྟ་བུའོ།། འདི་ལྟ་བུའི་ཁ་ལོ་བསྒྱུར་བའི་ཐབས་ཇུས་ལ་བརྟེན་ནས་ངམ་ངམ་ཤུགས་ཀྱིས་དམངས་ཁྲོད་ནས་བཟུང་ནང་ལོགས་ཀྱི་དངོས་རྫས་ལ་ཞེན་ཆགས་ཆེ་རུ་སོང་། ཡིག་ཆ་རུ་འཁོད་པར་གཞིགས་ན། ཧན་རྒྱལ་རབས་ཀྱིས་ལོ་ལྟར་ཁྲན་ཡུས་ལ་གོར་སོབ་བག་ལེབ་དང་། ཁྲེ་བོ། གྲོ་ཞིབ། གསེར། དར་རས། དར་གོས་སོགས་ཀྱི་དངོས་རྫས་འབུལ་སྤྲོད་བྱེད་ཀྱི་ཡོད། བྱེད་ཐབས་འདི་དག་གིས་མི་རིགས་གཞན་པས་རིམ་བཞིན་ཧན་རྒྱལ་རབས་ཀྱི་ཅ་དངོས་བེད་སྤྱོད་པའི་ཞེན་ཆགས་ཆེར་བསྐྱེད་དང་མཉམ་དུ། ཕ་རོལ་པོའི་མི་རིགས་ཀྱི་ཡིད་ཆེས་དང་མོས་སེམས་རྩ་མེད་དུ་བཏང་བས་འདི་ལྟ་བུའི་རིག་གནས་ཕྱིར་གཏོང་གི་ཐབས་ཇུས་དེ་རིགས་སྔར་བས་དུས་མཇུག་ཏུ་སླེབས་ན་ཕན་འབྲས་ཇེ་བཟང་དུ་འགྲོ། གོ་རིམ་གསུམ་པ་ནི། གདམ་གསེས་རང་བཞིན་གྱིས་མི་རིགས་གཞན་པའི་མཐོ་རིམ་མི་སྣ་ལ་ཆོ་ལོ་གདན་ཐོབ་སྤྲད་པ་དང་། དངོས་རྫས་དཀོན་པོ་རིན་ཐང་ཅན་སྤྲད་ནས་དགྲ་བོའི་གོང་བུ་གཅིག་གྱུར་གྱི་སྟོབས་ཤུགས་ཡ་བྲལ་དུ་གཏོང་བ་དང་ཕ་རོལ་པོས་རང་ཉིད་ཀྱི་མགོ་དཔོན་ལ་བློ་དཀར་བའི་ཚད་ཀྱང་ཇེ་ཞན་ལ་འགྱུར་དུ་འཇུག གོ་རིམ་བཞི་བ་ནི་གོང་སྨྲོས་བྱེད་ཐབས་གསུམ་པོ་ལག་བསྟར་བྱས་རྗེས། སྲུང་སྐྱོབ་དང་ངོ་ལོག་ཞི་འཇགས་ལ་ཁ་གཡར་ནས་ཆེད་མངགས་ཞིང་འདེབས་འདུས་སྡོད་དམག་དཔུང་གཞན་པའི་ས་ཆར་འཛུལ་ནས་རི་བོ་བསྔོག་ཅིང་ལུང་གཞོང་གསབ་ཏེ་ལམ་ཆེན་བསྐྲུན་པས་འགག་སྒོ་སོ་སོར་དམག་དཔུང་གོ་ཧྲག་མངགས་ཤིང་། མཐའ་མཚམས་ཀྱི་ཡུལ་གྲུ་གསར་བ་ཁག་སྲ་བརྟན་དང་རྒྱུས་ཡོད་དུ་བཏང་། འདི་ལྟར་བྱས་ན་ཧན་རྒྱལ་རབས་ཀྱིས་མངའ་ཁོངས་རྒྱ་བསྐྱེད་དེ་མཐའ་མཚམས་བདེ་ལ་འགོད་པའི་དྲག་པོའི་དཔུང་སྟོབས་ཤིག་ངོམས་པར་བྱེད།
“拓疆安边”很有意思,这一策略汉朝屡试不爽,直到后来玩到炉火纯青的地步,我综合分析了一下,其实这种政策并不复杂,实施起来共有五大步骤,第一步,派遣使节如“假司马”,以促通使然后要求对方太子“作为通使条件”带回京城,这样一来有两种好处,一方面可以在紧急情形下要挟对方,一方面让对方将来继王位的太子彻底汉化,为将来培植亲汉政权做好前期铺垫,这是第一步,第二步是双方边境开设互市,如后来的唐蕃茶马互市等,此谓“羁縻之策”意在潜移默化的让对方自民间开始形成对内地器物的依赖性,根据记载汉朝每年都会赠送单于一定数量的糕饼、粟、麦曲、黄金、绢布、丝、锦等物产,这些举措是在试图让异族慢慢接受并依赖于汉朝的物产,同时瓦解对方民族自信心以及认同感,这种文化输出策略越到后期效果越佳!第三步就是有选择性地给异民的高层封号、赠赏稀有物以此分化敌人凝聚力和腐蚀对方对自己主上的忠诚度,第四步是在上述三项方略得以实施后,假借“保护”或“平叛”为由派驻屯的小股屯田军进入对方领地,为后续遣军正式“收复”做好前期铺路,第五步是最后在取得土地后,挖山填谷修筑大路,往各要冲关隘派遣精锐部队,巩固和消化新的边土,这样一来一组“汉朝无敌拓疆安边组合拳”就打出来了。
འཐབ་ཇུས་འདི་ལག་བསྟར་བྱེད་སྐབས། ད་བཤད་ཟིན་པའི་ཧན་རྒྱལ་རབས་ཀྱི་ཞིང་སྡོད་དྲག་ཆས་དམག་དཔུང་ནི། རྒྱལ་ཁ་ལེན་པའི་ཐབས་མཆོག་གནད་འགག་ཅན་ཞིག་རེད། སྐྱས་སྤོའི་འབྲོག་པའི་མི་རིགས་ཀྱི་སྐྱ་དམག་དང་བསྡུར་ན། ཧན་དམག་ནི་བཟོ་དམག་བྱང་ཆུབ་པ་ཞིག་ཡིན་ཞིང་། ཧན་དམག་གིས་རྒྱུན་པར་ས་སློག་མཐའ་སྲུང་དང་། འཐབ་ར་བཟོ་སྐྲུན། ལྷག་པར་དུ་རྒྱུན་སྲིང་དམག་འཁྲུག་རྒྱག་མཁས་པའི་རྐྱེན་གྱིས། ངས་བལྟས་ན་ཧན་དམག་གིས་རྐྱེན་ངན་ཡོད་རྒུ་ཐབས་ཀྱིས་སེལ་ནས་ཕམ་ཁ་རྒྱལ་ཁ་རུ་བསྒྱུར་ཐུབ་པའི་ཕྱོགས་ལས་རྣམ་རྒྱལ་གྱི་ནོར་བུ་ཞིག་ཡོད་པ་དེ་ནི་ཧན་དམག་གི་ཞིང་སྡོད་རུ་དཔུང་རེད་འདོད། འདི་ནི་ཡུལ་དམག་གི་ངོ་བོ་ལྡན་པའི་དྲག་ཆས་གསར་འབྱེད་ཀྱི་དམག་དཔུང་ཁག་ཅིག་ཡིན་ལ། ཧན་རྒྱལ་རབས་ཀྱི་ཞིང་སྡོད་དམག་དཔུང་དང་ཆེད་མངགས་དམག་དཔུང་གཉིས་མི་འདྲ་སྟེ། སྔ་མ་ནི་སྤྱིར་བཏང་དུ་རྒྱལ་པོའི་ཕོ་བྲང་གིས་གནས་སྐབས་རིང་བསྡུས་པའི་བཙོན་མ་དང་། ལག་གཡོག་པ། ངལ་རྩོལ་བ་བཅས་ཡིན་ལ། ཚང་མ་ཡང་ལོག་གཡེམ་དང་འཕྲོག་བཅོམ་བྱེད་པའི་གཏུམ་དྲག་དང་གཤིས་རྒྱུད་རྩུབ་པོ། གདུག་རྩུབ་ཆེ་བའི་བྲན་གཡོག་གསོད་རྒྱུར་དགའ་བའི་དམག་ཤི་བོ་ཡིན་པ་དང་། ཕྱི་མ་ནི། རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱེད་པའི་སྒྲིག་ཁོངས་ནང་གི་ཚད་ལྡན་གྱི་དམག་དཔུང་ཡིན། གནའ་བོའི་ཤེས་རིག་རེ་རེ་བཞིན་ཞིང་སྡོད་རུ་དཔུང་ངན་རེངས་ཅན་ཚོའི་ལག་ལ་ཤོར་དུ་བཅུག་པ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་རེད། ཧན་དམག་གི་ཞིང་སྡོད་དམག་མི་སྟོང་ཕྲག་ཁ་ཤས་ཀྱིས་ཤིང་ལེབ་དང་། གྱོ་མོག བྱེ་འདམ། ཀྲུའུ་མ་གསོ་མ་སོགས་གོང་སླ་མོའི་རྒྱུ་ཆ་ཁོ་ནས་ཉིན་མཚན་མེད་པར་ཆུ་དྲངས་ནས་ཞིང་འདེབས་པ་དང་། རྨོ་ཞིང་གསར་སློག འགོག་སྲུང་འཐབ་ར་འཛུགས་པ་བཅས་ལ་བརྟེན་ནས་སྔོན་གྱི་མི་མེད་ས་སྟོང་གི་ས་རྒོད་དེ་དག་ནི། ཆེས་སྔ་མོའི་དུས་ཀྱི་དམག་སྡོད་གྲོང་སྡེ་ནི་གཞི་རྒྱ་ཆུང་བའི་ཞིང་སྡོད་རྟེན་གཞི་རུ་གྱུར་བ་དང་། མཐའ་མར་འགོག་སྲུང་བཙན་ལ། ཚུར་རྒོལ་དཀའ་བའི་དགྲ་བོའི་རྒྱབ་ཕྱོགས་ཀྱི་གནས་གཞི་རུ་གྱུར་བའི་འཕོ་འགྱུར་མཐའ་དག་ཀྱང་། རྒྱུན་ལྡན་ལྟར་ན་ལོ་ངོ་གཉིས་གསུམ་ནང་ཡོངས་སུ་འགྲུབ་ཐུབ་ཀྱི་ཡོད་པ་རེད། འདི་ནི་དགྲ་བོའི་ངོས་ནས་བཤད་ན། འཇིགས་སུ་རུང་བའི་མུག་ཟས་སྟོབས་ཤུགས་ཤིག་ཡིན་པ་སུ་ཡིས་རྟོགས་ནུས། དེ་ཡིས་དགྲ་བོར་ཡུན་རིང་གི་འཛད་གྲོན་དང་གནོད་འཚེ་བཟོས་པ་ནི་ཡོངས་སུ་སེལ་ཐབས་བྲལ། དེའི་སྟེང་ལ་ཧན་རྒྱལ་རབས་ཀྱི་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་དབང་གིས་རྒྱུ་ནོར་ཉམས་ཞན་ཡིན་པའི་ཀླ་ཀློ་དམུ་རྒོད་ཅན་དེ་དག་གིས་དུས་ཡུན་རིང་བོར་དངོས་ཟོག་ཟད་གྲོན་བྱེད་པར་བཟོད་བསྲན་བྱེད་ག་ལ་ནུས། དེ་བས་དགྲ་བོའི་མཆན་འོག་ནས་དགྲ་བོ་རེ་རེ་བཞིན་ཁྱུར་མིད་གཏོང་བའི་བྱེད་ཐབས་དེ་རིགས་ནི་འཇིགས་སུ་རུང་བ་ཞིག་རེད་ཅེས་མི་བརྗོད་ཐབས་མེད་རེད། འཐབ་རྩལ་དེའི་སྟེང་ནས་སྐབས་དེར་མཐའ་འཁོར་གྱི་མི་རིགས་ཁག་དང་བསྡུར་ན། ཤེས་དཔལ་མཐོ་བའི་ཧྭ་ཞ་ཡིས་དངོས་པོའི་རྒྱུ་ནོར་ཕུན་སུམ་ཚོགས་པར་བརྟེན། ཤེས་དཔལ་དམའ་བའི་ཡུལ་དུ་རིག་གནས་ཕྱིར་གཏོང་བྱས་ཏེ་མཐའ་འཁོར་མི་རིགས་ཀྱི་གོང་བུ་གཅིག་གྱུར་ཁ་ཐོར་ཡ་བྲལ་དུ་གཏོང་བ་དང་། རྩ་འཐོར་གཏོང་བའི་ཐབས་ཇུས་གཉིས་པོ་སྤྱད་ནས་འགོག་སྲུང་དང་ཕར་རྒོལ་སྦྲགས་མའི་ཐབས་ཇུས་སུ་བཟུང་སྟེ། ཧན་རྒྱལ་རབས་ཀྱི་དམག་དཔུང་གིས་ཚོད་བགམ་ལག་ལེན་ཐེངས་མང་པོ་བྱས་ཀྱང་ལམ་ལྷོངས་མ་སོང་བར་རྟག་པར་ཚོ་ཤོག་ཅིག་གམ། མི་རིགས་ཤིག་རེ་རེ་བཞིན་རྡུལ་དུ་བརླགས།
在这项战略的实施中,刚才讲道的汉军“武装屯田”是关键的一个制胜法宝!相对于游牧民族的游骑兵,汉军真可谓熟练工兵,汉军通常都善于屯垦戍边、构筑工事,尤其善于打持久战,我认为汉军每每能力挽狂澜,转败为胜,有一项制胜法宝那就是汉军的“屯田团”!这是一些民兵性质的武装开拓团,汉屯田军和汉派遣军不一样,前者一般都是朝廷零时招募的囚徒、杂役、劳役,都是一些奸淫掳掠无恶不作的强蛮之徒,性情刚烈,嗜杀残忍的奴卒所构成的“死亡军”,而后者为国家奉养的编制内的正规部队,殊不知一个个古老文明就是葬送于那些顽劣的“屯田团”之手,真叫人感到诧异,汉军几千人的屯田兵,只需要如木板、砖瓦、沙泥、苎麻等廉价材料,通过日夜“奋力”地灌溉种田,开垦耕地和构筑防御系统,便能让一片原本荒芜人烟之地,从最早期的驻屯村落,变成小规模武装屯田基地,直至到最后“变”成一座易守难攻的敌后根据地,这一切的演变,通常仅在两三年光景内便可完成,殊不知这对于敌方而言,是一股多么可怕的“蚕食”力量,这会给敌人造成无法弥补的长期损耗和永久的祸患,再加上汉地地广物博带来的雄厚财力,而那些财物薄弱的“蛮夷”怎能忍受长期的物资消耗,所以这种从敌人肘腋之处,一点一滴地“蚕蚀”敌人的招式不可不谓可怖至极!此战术,加上当时相对于周边民族而言,身为高纬文明的华夏,以其充裕的物质财富采取倾斜式的,向低纬文明进行文化输出,加以分化和瓦解周边民族的凝聚力,采用各个击破的方略,以此二法作为一防一攻之策,汉军真是屡试不爽,每每都能将一族、一国化为齑粉!
གལ་སྲིད། རྟ་རྩལ་བེད་སྤྱོད་པའི་ཞུང་ནུའུ་ཡིས་རྟ་ཡི་བདེ་ལྕག་འཁྱུག་པོའི་སྐབས་བསྟུན་རང་བཞིན་དེ་སྤྱད་ན། དེའི་འཐབ་རྩལ་གཙོ་བོ་ནི་གཏན་ཆགས་མ་ཡིན་པའི་འགུལ་སྐྱོད་ལ་ཐུག་ཡོད་ཅིང་། དེ་དང་བསྡུར་ན་ཧན་དམག་གི་གནས་གཅིག་སྲ་བརྟན་དུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དཀྱིལ་སྙིང་ནི་ཞི་འཇགས་དེ་ཡིན་པ་རེད། དེ་ལྟར་ན། ཞི་འཇགས་ཀྱིས་དཔུང་ཚོགས་ཁྲི་སྟོང་མང་པོ་རྨེག་མེད་དུ་འཇོམས་པར་བྱེད་པའི་དྲག་པོའི་འཐབ་རྩལ་གྱི་ཟིལ་ཤུགས་ལ་བརྟེན་པའོ།། དམག་དོན་གྱི་འཐབ་ཇུས་འདི་རིགས་བྱང་ཆུབ་པར་གྱུར་དུས་ནི་ཚོ་ཤོག་མང་པོ་རྩ་མེད་དུ་གཏོང་བའི་དུས་ཀྱང་རེད། ངའི་བསམ་ཚུལ་ནི། གཞན་ངོས་ནས་བཤད་ན། དམག་འཁྲུག་ལ་ཡང་དག་དང་ནོར་འཁྲུལ་གྱི་རྣམ་གཞག་ཅིག་བཤད་ཁག་པོ་རེད། ཡིན་ནའང་རིགས་རྒྱུད་མང་པོ་སྟེ། དཔེར་ན། ལྷོ་བརྒྱུད་འགྲུལ་ལམ་གྱི་རྒྱལ་ཁབ་ཁག་དང་། ཀུའུ་མའོ། གོ་ཆ། ཝུན་སུའུ། ཧྲུའུ་ལེ། ལི་ཡུལ། ཏ་རུའུ་ཀྲི། ཁྲེ་ཧྲི་རྒྱལ་ཁབ་སྔ་རྗེས། ཡན་ཧྲི། ཧྲ་ཁྲི། ཝེ་ཤའེ། ཝེ་ལི་བཅས་མི་རིགས་དང་ཚོ་བ་མང་པོ་ནི་མི་ཡུལ་ནས་འཇའ་ལྟར་ཡལ་ཏེ་ཤུལ་རྗེས་གང་ཡང་མེད་པར་བཏང་ན། ཧན་རྒྱལ་རབས་ཀྱི་དྲག་པོའི་དཔུང་ལ་བརྟེན་པའི་དམག་འཐབ་དེའི་ཕ་རོལ་ནས་དེ་དག་ཡོད་ཚད་ཀྱི་དོན་སྙིང་ལ་བསམ་གཞིག་བཏང་ན། དེ་ནི་འཇིགས་ཡེར་བ་ཞིག་གོ །འདས་དོན་ལ་ཕྱིར་མིག་བལྟས་ཚེ། ཤེས་རིག་གི་ཡར་ཐོན་ནི་ངེས་པར་དུ་དམག་འཁྲུག་གི་རྣམ་པའི་ཐོག་ནས་ཁྱབ་སྤེལ་བྱེད་དགོས་སམ། མི་གཤིས་ཀྱི་གས་ཆག་ཀྱང་ཤེས་རིག་ཡར་ཐོན་ཡོང་བ་ཡིན་ནམ་རྗེས་ལུས་ཐེབས་པ་ཡིན། དེ་བཞིན་དུ། རིགས་རྒྱུད་གནས་པ་དང་དམག་འཁྲུག་འཕེལ་རྒྱས་གཏོང་བ་ནི་ལྡོག་མེད་ཀྱི་ཆ་རྐྱེན་ཡིན་ནམ་གདམ་གསེས་རང་བཞིན་གྱི་ཆ་རྐྱེན་ཡིན། ཤེས་རིག་གི་ཚད་གཞི་ནི་ཅི་ཞིག་གིས་གཞལ་དགོས། གལ་ཏེ་དམག་འཁྲུག་ནི་ལྡོག་ཏུ་མེད་པ་ཞིག་ཡིན་ན། ཕམ་ཁ་ཉོས་པའི་ཕྱོགས་གཏོགས་ཀྱིས་རང་ཉིད་བོར་བརླག་འགྲོ་བའི་གནས་བབ་ཁྲོད་འཕྲད་པའི་ཤེས་རིག་ཅེས་པའང་སེམས་ཁམས་ཅི་འདྲ་ངོས་ནས་གདོང་གཏོད་དགོས། གཅིག་བྱས་ན། གནད་དོན་དེ་དག་ལ་ང་ཚོས་དྲིས་ལན་རྙེད་མི་སྲིད་ལ། ཤེས་རིག་ཅེས་པ་དེའང་ཁུངས་ལུང་གང་ཡང་མེད་པའི་བསམ་པའི་འཆར་སྒོ་ཙམ་དུ་ཟད་མོད། ཡིན་ནའང་གང་ལྟར་བྱས་ཀྱང་། ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོ་འདི་བརྒྱུད་ནས་དམར་གསོད་དང་དམག་འཁྲུག དར་རྒྱས་དང་ཉམས་རྒུད་ཀྱི་གསེང་ནས་བསམ་བློ་བཏང་བ་ཡིན་ན། ཧ་ལམ་ང་ཚོ་ནམ་ཡིན་ཡང་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ལོ་རྒྱུས་ཀྱི་ངན་དམོད་ལས་ཐར་མ་མྱོང་བ་འདྲའོ།།
如果说采用骑术的匈奴采用的是“马”的机动灵活性,那其核心战术在于“动”,对比而言汉军的单点巩固推进的战略,其核心就是一个字“静”,这就是“以静制动四两拨千斤”的拳法运用到了的战法层面的威力吧。当这种军事策略玩得炉火纯青之时也是无数族群陨落之日,我认为,客观上讲,战争很难讲对错,但是考虑到很多族裔像南道诸国以及姑墨、龟兹、温宿、疏勒、于阗、大月氏、前后车师国、焉耆、莎车、危须、尉犁,等这么多国族从此“人间蒸发”再也无从寻觅,让人惊恐于汉朝武运之余不免思索这一切的意义,回顾往事,文明的进步是否就一定以战争方式来传播不可,人性的沦丧是文明的进步还是倒退?族群的存续和发展战争是必然的条件还是选择性条件?文明又以什么来衡量?如果战争是必然的,那么输的一方在丢失自我的境遇中遇见的所谓“文明”,又应该是以怎样一种心态面对呢?也许这些问题我们再也找不到答案了,也许所谓的“文明”只不过也是一种虚妄的想象,但不管如何,通过历史这本“大书”,在屠戮与战火,兴盛与陨落的间隙中掩卷遐思,我们似乎从来都没走出共业所致的历史魔咒。
所以最终海洋文明的殖民模式和农耕文明精耕细作式地殖民模式是具有本质上的区别的。