相鼠有皮,人而无仪!
人而无仪,不死何为?
相鼠有齿,人而无止!
人而无止,不死何俟?
相鼠有体,人而无礼,
人而无礼!胡不遄死?
སྨུག་ཆུང་བྱི་བར་པགས་པ་ལྡན་གྱུར་ན། ལུས་ཅན་མི་ལ་ཁྲེལ་དང་ངོ་ཚ་དགོས།འཛེམ་བག་མཚེར་སྣང་བྲལ་བའི་མི་བུ་དེ། གསོན་པོར་གནས་ཀྱང་རིང་མིན་འཆི་བར་རིགས།སྨུག་ཆུང་བྱི་བར་གཉིས་སྐྱེས་སོ་ལྡན་ཏེ། ལུས་ཅན་མི་ལ་འདོད་ཆུང་ཆོག་ཤེས་དགོས།འདོད་རྔམ་ཚད་མེད་འཇུག་པའི་སྐྱེ་བོ་དེ། འཆི་བའི་དུས་བྱེད་གྱུར་ན་དགའ་བར་རིགས།སྨུག་ཆུང་བྱི་བར་གཟུགས་གཞི་ཡན་ལན་ལྡན། ལུས་ཅན་མི་ལ་ཡ་རབས་གུས་ཞབས་དགོས།ཀླ་ཀློའི་གདོལ་སྤྱོད་ཅན་གྱི་གང་ཟག་དེ། ཐེ་ཚོམ་འཕྱང་ཐག་བཅད་དེ་འཆི་བར་རིགས།