མྱ་ངམ་ཐང་།被遗忘的荒野

文摘   2024-11-11 19:17   四川  

རེ་བ་ཞེས་འབོད་པ་གང་དེར་རྒྱང་ལྟ་བྱས་པའི་ཚེ་ན། ཕྱོགས་བཞིའི་ཐང་སྟོང་སྐྱ་མོས་སྟོན་གྱི་གྲང་ངར་ལ་ཨམ་གཙིགས་བསྡམས་པ་ལས་འདས་སོང་གི་གཏམ་དུ་བྱ་བ་གཞར་ཡང་མེད། རི་ཀླུང་ཁྲོད་ན་བརྟན་གཡོའི་ལུགས་དང་མ་བསྟུན་པའི་འཁྱག་སིལ་སིལ་གྱི་སྟོན་རླུང་ཞིག་གླེན་རྟགས་ཚ་པོའི་ངང་གིས་བསྐྱོད་བཞིན། མིག་ཆུ་གཏོང་བཞིན། སྐད་ཅོར་རྒྱག་བཞིན་ཡང་ཡང་ལྡིང་། རྩ་གསུམ་ལྷ་ཚོགས་ཀྱི་སྐྱབས་འོག་ཏུ་གནས་པའི་རྒྱང་རིང་དུ། མཚམས་སྤྲིན་ལང་ལོང་འཁྲིགས་ཤིང་། བཀྲག་མདངས་མཁའ་རུ་ཡལ་བས་རི་སྐེད་ནས་མཆེད་པའི་ཁྲུང་ཁྲུང་གི་གྲེ་འགྱུར་ཁོ་ན་ཐོས་འཛིན་ལམ་དུ་རྒྱུ་བས་གསོན་ཤུགས་རྨང་ནས་རྫོགས་པའི་སྟོན་གྱི་རང་མདངས་ལ་མཚར་སྡུག་གསར་བ་བསྣན་ཅིང་། སྐད་ཅིག་ཉིད་ལ་སེམས་ཀྱི་མིག་ཆུའི་རླབས་རིས་མཁའ་རུ་འཕྱོ་བར་བྱེད།

极目远眺那个被称为希望的方向,四野荒原缄口不言过往,只是哆嗦着苦忍秋寒。

山河间唯有一缕秋风靠着一股不谙世故的傻劲,游走着,流泪着,呼喊着。

九天诸神庇护的远方天际,暮云垂垂,不负光色,只闻山端传来游丝般的鹤声,挽救了这一抹最后的荒败秋景,陡然在心中生起微澜释放了泪水。


边坝仓
状态 归零
 最新文章