ཁྲི་ལྡེ་སྲོང་བཙན། 赤都松赞
སྔོན་གྱི་དེབ་ཐེར་དུ་བཙན་པོའི་རྒྱལ་རབས་དུས་སུ་མི་དྲག་དཔོན་པོར་ཇ་འཐུང་བའི་གོམས་སྲོལ་སྔར་མེད་པ་ཞིག་གསར་དུ་དར་བ་བཀོད། དེ་ཡང་ཇ་ཡི་རིག་གནས་གླེང་ན་ཇ་འཐུང་བའི་དཀར་ཡོལ་ཇ་དཀར་ནི་མི་གླེང་ཐབས་མེད་ཡིན། སྐབས་དེར་བཙན་པོའི་དུས་ལ་ཇ་དཀར་རིགས་སྣ་དགུ་དར་ཡོད་ཅིང་དེ་ལ་གཙོ་བོ་རིམ་པ་གསུམ་དུ་དབྱེ་ཆོག་སྟེ། རབ་ནི་དར་ཚེ་ཡིན་ཞིང་འདིའི་རིགས་ཁ་ཞེང་ཆེ་ལ་རྒྱུ་བ་འཇམ། རྐང་བ་འཐུང་། བཟོ་རྩལ་རྩེར་སོན་པས་འོད་སྔོན་པོ་འཁྱུག དཀར་ཡོལ་གྱི་ལྟོ་ལ་འདབ་ཆགས་བྱ་ཡིས་ཇ་ལོ་ཐོགས་པའི་རི་མོ་བྲིས་ཡོད་དོ། ། འབྲིང་ལ་དེའི་ཐོག་གསེར་མིག་ཉ་མོ་གར་ལ་རོལ་བའི་རི་མོ་བཀོད་ཡོད། དཀར་ཡོལ་མཐའ་མ་ལ་རི་དྭགས་ཤྭ་བས་ཇ་འཁུར་བའི་རི་མོ་བཀོད་ཡོད། རི་མོ་སོ་སོར་དེར་བསྟུན་གྱི་ངག་རྒྱུན་ཁྱད་མཚར་ཡོད་པས། དེ་རིང་དཀར་ཡོལ་དར་ཚེ་ལྟོ་ཡི་འདབ་ཆགས་བྱ་ཡི་གཏམ་རྒྱུད་བཤད་པར་བྱ།འདི་ནི་ཀུན་ཏུ་མ་གྲགས་པའི་བཙན་པོའི་ཕོ་བྲང་ནང་གི་གཏམ་རྒྱུད་ཅིག་ཡིན་ནོ། ། ཁྲི་ལྡེ་སྲོང་བཙན་རིང་རྒྱལ་པོར་སྙུན་གཞི་ཡ་མཚན་ཞིག་བྱུང་བས་ཁབ་ཀྱི་ལྷ་རྗེ་ཆེ་མ་ཆུང་གསུམ་གདན་དྲངས་ཀྱང་བཅོས་མ་ཐུབ། དེ་ནས་བཙན་པོ་ན་ཚས་མནར་བཞིན་པའི་ས་སྲོད་ཅིག་ལ། ཕྱི་རོལ་དུ་གནམ་འཐིང་ལ་སྤྲིན་པ་དང་རླུང་བུ་དར་བུར་སྐྱོད། སྐྱི་བསེར་རླུང་བུ་འཇམ་པོ་ཞིག་བཙན་པོའི་གཟིམ་ཁང་དུ་གཡུགས་པས་རྒྱལ་བོའི་ན་ཚ་ཡང་ཇེ་ཡང་ལ་ཅུང་ཙམ་ཕྱིན། དེ་ནས་གཤོག་པ་ཁ་དོག་བདུན་ལྡན་གྱི་བྱ་ཞིག་སྒེའུ་ཁུང་ཕྱེས་པའི་ནང་འཕུར་ནས་གཟིམ་ཁང་དུ་བབས། བྱ་འདི་ནི་རབ་ཏུ་མཛེས་ལ་འཇིག་རྟེན་ཀུན་ཏུ་གྲགས་པའི་འདབ་ཆགས་ཕལ་བ་ཞིག་མིན། འདི་ལས་ཀྱང་ཁྱད་མཚར་བ་ལ་བྱའི་མཆུ་ཏོས་ལྗང་ཞིང་ནེམ་པའི་ཡལ་ག་ཞིག་འཁུར་ལ་ཡལ་གའི་ཐོག་ལྗང་ནེམ་གྱི་ལོ་མས་ཁེངས། དེས་རྒྱལ་པོའི་སྔས་འགྲམ་དུ་བཞག་རྗེས་འཕུར་སོང་ངོ་། ། བྱ་དེར་ད་དུང་བལྟ་བསམ་དུས་སྲོད་ཀྱི་མཚམས་སྤྲིན་ནང་གར་སོང་ཤུལ་མེད་དུ་གྱུར། ཕྱིར་ཡལ་གར་བལྟས་དུས་ལྗང་ནེམ་གྱི་ཡལ་གར་དྲི་བསུང་འཐུལ་བའི་ལོ་མ་ཆུང་ངུ་ཐོགས་ཤིང་སྙི་འཇམ་རབ་ཏུ་ལྡན་པས་ཡིད་ཀྱི་དང་བ་དབང་མེད་དྲངས། དེ་ནས་རྒྱལ་བོས་ལོ་མ་གཅིག་ལྕེ་ཐོག་བླངས་པས་དྲི་ངད་མངར་སིལ་སིལ་བྱས་ཤིང་སྔོན་ཆད་མ་མྱོང་བ་ཞིག་རེད། དེ་ནས་ཅུང་མ་ཕྱིན་པར་རྒྱལ་བོའི་སྙུན་གཞི་སངས་དྲག་སོང་། སྐབས་དེ་ནས་བཟུང་རྒྱལ་བོས་བཀའ་ཕབ་པ་ལྟར་ལོ་རེ་བཞིན་ནན་ཀྲོ་སོགས་རྒྱལ་ཁབ་ནས་ཇ་ལོ་མང་པོ་བོད་དུ་དྲངས། དེར་མ་ཟད་ལྷོ་ཁ་སོགས་སུ་རྒྱ་ནག་ལ་ལད་མོ་བྱས་ནས་ས་དོང་བརྐོས་ཤིང་རྫ་ཆས་བཟོས། ཇ་འཐུང་བྱེད་དཀར་ཡོལ་ཐོག་འདབ་ཆགས་བྱ་ཡི་རི་མོ་བྲིས་ནས་དྲན་རྟེན་དུ་བྱས། དེའི་རྗེས་ནས་ཇ་འཐུང་བའི་གོམས་སྲོལ་བོད་དུ་ཤིན་ཏུ་དར་བར་གྱུར་རོ། །
据史书记,在中后期吐蕃王朝时期上层阶层,普遍崇尚吃茶的“风尚”。品玩茶盏也成为了一时的现象。在茶盏的演绎历史中迭代创新,不断“玩”除了不少茶具的花样。就拿茶碗来说,当时吐蕃通行的茶碗虽说名目繁多,主要却可粗分为三种品级。其中最优的一级茶盏乃“兴寿盏”(དར་ཚེ)。此茶碗据古书描述为口,宽敞,质地薄,足短,光滑精细,泛青蓝光泽,而且上边绘有“飞鸟衔茶“的图案,是一种极具观赏价值的茶盏。中等茶碗上绘有“游鱼羣戏”的图案,最末的一级茶盏则绘有“花鹿驮茶”图案。虽说品级和质地有所差异,但每种图案背后都有一则非常有趣的典故,就拿今天我要跟大家分享的“兴寿碗”上的“飞鸟图案”的故事来说,也是非常有趣的,在简单的茶碗绘图背后有一则十分有趣的宫廷逸事。
传说吐蕃四十一代君王赤都松赞在位时期,一日赞普抱恙,纵使全国名医前来就诊亦未能解赞普于倒悬。可就在御医们束手无策,赞普违和之际的一日午后。在夕阳余晖的映照下,从半掩蔽的皇宫窗外,徐徐吹进了阵阵伴随着芳香的清风。赞普所在的寝阁顿时弥漫在晚风的清香之中,让卧榻之上的赞普也从顽疾之痛中感到一丝缓解。正在此时一只七彩羽翼的小鸟透过半掩的窗户飞进了寝宫。此羽绝美无比,一看便知绝非俗世所育之灵,让人更加稀奇的是,这只灵禽嘴里衔着一株翠嫩的枝条,支条上长满了翠绿的叶子,鸟儿将其置于皇上榻前后便悄然隐没于虚空之中。这时大家才反应过来,忙上前查看时,只见那株枝条青翠无比,上面长满清香细密的嫩叶,翠绿光嫩,煞是惹人注目。赞普摘去一片置于唇间细细品尝,感觉清香爽口,以前从未享用过。过不许久赞普的病也就完全治愈了。从此以后赞普下令从南诏等地每年大量引进茶叶,还下令在今山南等地仿唐朝建窑子烧瓷器,并在茶碗上绘上飞鸟图案以示纪念。随后茶叶便开始大肆风靡吐蕃大地。这便是“兴寿碗”背后绘图的由来,一段简短的故事背后却蕴含了大自然无与伦比的庄严,哪怕贵为天子在也唯有接受自然的恩赐并将其铭记于心,才能与生命和谐共生,这段颇具几分童话色彩的故事也真实地教育着后人要与自然共生的生命普世之道。