马基雅维利一针见血地道出:“为了维护法治,君主必须首先运用法律—这对于人来说是再自然不过的,但也必须准备使用野蛮的暴力”。这句话反映了保守主义对法律的性质。其中的策略性问题则无关新右保守主义的主旨。
康德坚持:人性的善产于自主选择的实践,而堕落于“意志的他律”,这种哲学思想是启蒙运动有关“人”的典范的思想依据,后来也间接催生了萨特等存在主义哲学学说。
但他们忽略了性本恶的个体在脱离毫无束缚的规范之下的有限性,而坚持个体具备依照“自主”理性,从而完善的潜质,也就是个人主义范畴的解释。
康德式的自由主义让现代人活在一种唯我论的真空之中,在所谓“自由”的虚假空想中想要一切却对选择所涉及的客观秩序毫无所知。脱离于公共领域的个体是个性的沦丧而非获得。
མཱ་ཁེ་ཡཱ་བེ་ལེ་ཡིས་ཁྲིམས་ལྟར་སྐྱོང་བར་སྲུང་སྐྱོབ་བྱེད་དགོས་པ་ལ་ཐོག་མར་རྒྱལ་བོས་ངེས་པར་དུ་ཁྲིམས་ལུགས་བཀོལ་དགོས་པ་མ་ཟད། གདུག་རྩུབ་ཆེ་བའི་རྩིང་སྤྱོད་ཀྱང་བེད་སྤྱོད་དགོས་ཞེས་རྣག་ཐོག་ལ་ཁབ་གཙགས་པ་ལྟ་བུ་ཞིག་གསུངས་ཡོད་དེ། ཚིག་དུམ་འདི་ལས་རྙིང་ཞེན་རིང་ལུགས་པས་སྒྲིག་ཁྲིམས་ཀྱི་ངོ་བོ་ལ་བཟུང་བའི་ལྟ་ཚུལ་ཤེས་ཐུབ་པ་དང་། དེའི་ཁྲོད་ཀྱི་དམིགས་ཡུལ་ངེས་ཅན་ལྡན་པའི་བྱེད་སྟངས་ནི་གཡས་ལྷུང་རྙིང་ཞེན་རིང་ལུགས་གསར་མ་བའི་བཞེད་དོན་དང་འབྲེལ་བ་མེད། ཁེན་ཐི་ཡིས་མི་གཤིས་ལས་བཟང་བའི་ཆ་ནི་རང་ཉིད་ཀྱིས་བདམས་པའི་ལག་ལེན་ལས་བྱུང་ཞིང་། མི་གཤིས་ལས་ངན་གྱི་ཆ་ནི་གཞན་དབང་དུ་གྱུར་བའི་བག་ཡོད་ལས་བྱུང་བར་འདོད། འདི་ལྟ་བུའི་མཚན་ཉིད་རིག་པའི་བསམ་བློ་ནི་བློ་འབྱེད་ལས་འགུལ་སྐབས་མི་ཚད་ལྡན་ཞིག་ཇི་ལྟར་ངོས་འཛིན་པའི་བསམ་བློའི་འབྱུང་ཁུངས་ཡིན་པ་དང་། ཕྱིས་ཀྱི་སཱ་ཐྲི་རཱ་སོགས་གནས་ཡོད་རིང་ལུགས་སྨྲ་བའི་མཚན་ཉིད་ལྟ་གྲུབ་མང་བོ་འབྱུང་བར་ཡང་ཤུགས་རྐྱེན་ཐེབས་ཡོད་མོད། ཁོ་ཚོས་མི་གཤིས་གདོད་ནས་མ་རུང་བ་ཡིན་པའི་ཁེར་གཟུགས་དག་འཆིང་རྒྱའི་ཚད་ཐིག་ཅི་ཡང་མེད་པའི་གནས་སྐབས་ཀྱི་ཚད་ཡོད་རང་བཞིན་སྣང་མེད་དུ་བཞག་ཡོད་དེ། ཨུ་ཚུགས་ཀྱིས་ཁེར་གཟུགས་ལ་རང་རྟོགས་ཀྱི་རྗེས་དཔག་ནུས་པ་ལྡན་པར་ངོས་འཛིན་བྱེད་པ་ཡིན་པས། དེ་རྐྱེན་བྱས་ནས་འཐུས་ཚང་བའི་གཉུག་གཤིས་སམ་མི་སྒེར་རིང་ལུགས་སྐོར་གྱི་འགྲེལ་བཤད་རྒྱག་སྟངས་བྱུང་། ཁེན་ཐིའི་ལུགས་ཀྱི་རང་དབང་རིང་ལུགས་ཀྱིས་དེང་རབས་ཀྱི་མི་རྣམས་རང་ཉིད་ཁོ་ན་གཙིགས་སུ་འཛིན་པའི་སྟོང་བསམ་གྱི་ཁྲོད་དུ་གཡུགས་ཤིང་། རང་དབང་ཞེས་པའི་རྟོག་བཏགས་ཀྱི་སྟོང་བསམ་ཁྲོད་གང་ཡོད་ཐམས་ཅད་ཐོབ་ན་འདོད་པ་ལས་གདམ་གསེས་ལ་འབྲེལ་བ་ཡོད་པའི་ཕྱི་རོལ་ཡུལ་གྱི་གནས་ལུགས་ལ་རྒྱུས་ལོན་ཅི་ཡང་མེད་དེ། སྤྱི་བའི་ཁྱབ་ཁོངས་ཀྱི་ཁེར་གཟུགས་དང་བྲལ་བ་ནི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་འཇིགས་པའི་ཉེན་ཁ་ཡིན་པ་ལས་བླང་བར་བྱ་བ་གང་ཡང་མ་ཡིན་ནོ།།