ཁ་སང་།དགེ་རྒན་ཆེན་མོ་ཀྲང་ཧྲོང་ལི་ཡི་སློབ་ཁྲིད་དང་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་སྦྲགས་ཏེ་བརྟག་དཔྱད་མཐིལ་ཕྱིན་མེད་པར་ཧེ་
ཀེར་གྱི་མཚན་ཉིད་རིག་པའི་སྐོར་ཅུང་ཙམ་བྲིས་ཡོད་པ་འདི་ལྟར། ཧེ་གེར་ནི་ཧ་ཅང་བདེ་ཐང་དང་། འཚོ་བའི་རྒྱུན་ཤེས་ཧ་ཅང་འཛོམས་པོ་ཅན་ཞིག་ཡིན་པ་རེད། ཁོང་ནི་ཉིའུ་ལུན་པའོ་སྐུ་དྲག་གི་ཁྱིམ་རྒྱུད་ནས་ཡིན་པའི་མ་ལི་·ཧྥེང་·ཐུའུ་ཧོའར་དང་གཉེན་སྒྲིག་བྱས་ཤིང་། གཉེན་བསྒྲིགས་རྗེས་ཁྱོ་ཤུག་གཉིས་པོའི་བརྩེ་དུང་ཟབ་ལ་ཁྱིམ་ཚང་འཆམ་ཞིང་མཐུན་པ་དང་། ཁོང་གཉིས་ལ་བུ་ཕྲུག་མང་པོ་ཡོད། ཧེ་ཀེར་གླེང་ན། ཁོང་གི་ཚབ་མཚོན་བརྩམས་ཆོས་<<ཁྲིམས་ལུགས་མཚན་ཉིད་རིག་པའི་རྩ་བའི་རིགས་པ་>>
མ་བཀླག་ཐབས་མེད་རེད། ངས་རྒྱུན་དུ་<<ཁྲིམས་ལུགས་མཚན་ཉིད་རིག་པའི་རྩ་བའི་རིགས་པ་>>འདི་སུ་དང་གང་ཞིག་གིས་གནའ་བོའི་འཇར་མན་གྱི་ཡི་གེའི་མ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མཚན་ཉིད་རིག་པར་དགའ་བའི་མི་ཞིག་ཡིན་ཚད། རང་བསྟོད་ཀྱིས་ནུབ་ཕྱོགས་མཚན་ཉིད་རིག་པར་དགའ་བར་རློམ་མཁན་ཞིག་ཡིན་ཕྱིན། ངས་བསམ་ན། གཞན་པའི་ཟེར་སྒྲོས་སུ་འབྲང་བའི་མཚན་ཉིད་རིག་པ་བ་ཚང་མས་ངེས་པར་དུ་དེབ་འདི་བལྟ་དགོས་སྙམ།
དཔེ་ཀློག་གི་སྐོར་ལ་དགེ་རྒན་གྱིས་སྔོན་ཆད་གསུང་དོན། དཔེ་དེབ་ལེགས་གྲས་སམ་གསུང་རབ་བཀླག་པ་ལ། ཐོག་མར་རང་ཉིད་
ཀྱི་ཤེས་པ་ལ་བྱི་དོར་བགྱིས་ཤིང་། གཞན་པར་འཆད་དུ་བཅུག་ཚར་ནས་འཆད་པ་པོ་དེ་ལས་ཀྱང་མང་པོ་མཐོང་བ་དང་། འཆད་མཁན་དེ་ཡིས་ནོར་འཆུག་བྱུང་བའི་སྔོན་འགྲོའམ་གཞི་རྩ་རྟོགས་པར་བྱས་ན་ནི། ཁྱོད་ལ་ད་གཟོད་ཁོ་དང་གྲོས་ཁ་བསྡུར་བའི་ཐོབ་ཐང་ལྡན།
昨天借张双利教授的课及自己的读后感浅尝辄止的写了一点黑格尔哲学。
黑格尔现实本人是一个非常健康、健全的生活常识的人。
他于出自纽伦堡贵族世家的玛丽·冯·图赫尔,结婚,婚后夫妻一直感情很好,家庭和睦。他们育有多位子女。
读黑格尔不得不读其代表作《法哲学原理》。《法哲学原理》我一直希望有人能将古典德文原文,翻译成藏文。凡是爱好哲学的人,亦或是自诩为爱好西哲的人。我想哪怕喜欢拾人牙慧扮做“哲学家”的,都必须翻一翻这本书。
而说到“阅读”老师曾讲到,阅读经典先要清空自己,让别人讲完并且能够比它看得更多,并且能够懂得它之所以会犯错的前提,你才有资格跟他讨论。
དེབ་འདིར་སྤྱི་མཚན་གྱི་ཁེ་དབང་དང་། ཆབ་སྲིད་ཀྱི་ཁེ་དབང་། སྤྱི་ཚོགས་ཀྱི་ཁེ་དབང་བཅས་ནས་སྤྱི་མཚན་གྱི་བདག་དབང་དང་ཚེ་སྲོག་གི་བདག་དབང་། སྒེར་པའི་བདག་དབང་། གཏམ་བརྗོད་བདག་དབང་། ཀུན་སྤྱོད་བདག་དབང་། མི་ཆོས་ཀྱི་འཚོ་བ་སོགས་དང་། མི་སྒེར་ནས་ཁྱིམ་ཚང་དང་། གྲོང་མིའི་འཚོ་བ། ཐ་ན་རྒྱལ་ཁབ་བཅས་ཀྱི་དོན་སྤྱི་དང་འབྲེལ་བ་ཡོད་པ་རེད།
ཧེ་ཀེར་གྱི་རྩོམ་འབྲིའི་ཁྱད་ཆོས་ནི། འཚོ་བའི་ཁྲོད་ཀྱི་སིལ་བུར་བཀྲམ་པ་ཡོད་ཚད་གཞི་གཅིག་ཏུ་འདུས་ནས་གྲུབ་རྗེས་གཏན་ཚིགས་ཀྱི་གོ་རིམ་ལྟར་དབྱེ་ཞིབ་བྱེད་པ་ནི་གཏན་ཚིགས་ཀྱི་གྲུབ་ཆ་ཞིག་ཡིན་གྱི་དངོས་ཡོད་འཚོ་བ་ནི་མིན། གཏན་ཚིགས་ཀྱི་གྲུབ་ཆ་དེ་དངོས་ཡོད་འཚོ་བ་དང་མཉམ་འདྲེས་བྱེད་པ་ནི་ཧེ་ཀེར་གྱིས་དོན་དུ་གཉེར་གྱིན་པ་དེའོ།།
这本书从抽象权利、政治权利、社会权利到抽象权、生命权、私有权、言论权、道德权、伦理生活等等,从个人涉及到家庭、市民生活乃至国家概念。
黑格尔的写作风格是将生活当中的所有支支迈迈都结构了之后,以逻辑的顺序来解析的,是逻辑结构,不是现实生活。将逻辑结构融合现实生活就是黑格尔在做的。
<<ཁྲིམས་ལུགས་མཚན་ཉིད་རིག་པའི་རྩ་བའི་རིགས་པ་>>ཞེས་པའི་ལེའུ་གསུམ་པ་སྟེ། ཁྱིམ་ཚང་དང་། གྲོང་མིའི་འཚོ་བ། རྒྱལ་ཁབ།
དང་པོ། ཁྱིམ་ཚང་ནི་ཡོངས་ཁྱབ་རང་བཞིན་དངོས་དེ་ཡིན།(ཁྱིམ་ཚང་།)
གཉིས་པ། ཕྱིག་རྟོག་བྱས་རྗེས་སུ།(གྲོང་མིའི་འཚོ་བ།)
གསུམ་པ། ཕྱིར་རྟོག་བརྒྱུད་རིམ་གྱི་ཡོངས་ཁྱབ་རང་བཞིན་འདུས་ཡོད།(རྒྱལ་ཁབ།)
འདི་དག་གི་ནང་ཁུལ་དུ་ཁྱད་པར་ལྡན་པའི་ཡོངས་ཁྱབ་རང་བཞིན་ཡོད་དེ། དཔེར་ན། སྤྱི་དམངས་ཀྱིས་རྒྱལ་ཁབ་ལ་བཟུང་བའི་རྗེས་དཔག་གི་མོས་སེམས་ཀྱི་གནད་དོན་ནི། ཉམས་མྱོང་ཇི་བཞིན་མ་ཡིན་པར་དེང་རབས་རྒྱལ་ཁབ་ཀྱི་རྩ་བའི་རང་བཞིན་གྱི་གནད་དོན་རེད།
《法哲学原理》第三章:家庭、市民生活、、国家。
第一个:家庭是直接普遍性(家庭�)
第二个:反思过后(市民生活)
第三个:包含了反思环节的普遍性(国家)
这些内部有差别的普遍性,比如公民对国家的理性认同问题,是现代国家的根本性问题,不仅仅有经验内容。
མི་ཆོས་ཀྱི་རྩ་དོན་ནི། དེང་རབས་ཁྱིམ་ཚང་གི་རྒྱབ་ཏུ་ཡོད་པའི་རྩ་དོན་ཡིན་ཞིང་། ཁྱིམ་ཚང་གི་ཁོངས་མི་སྒེར་པ་རེ་རེའི་རྒྱབ་ཏུ་ཡོད་པའི་སྤྱི་དོན་ནི་རང་དབང་ཡིན་པ་དང་། འདི་ནི་དེང་རབས་ཁྱིམ་ཚང་གི་འགལ་བ་ཡིན་པ་རེད། དེར་བརྟེན། རྒྱལ་ཁབ་ནི་གན་ཆིངས་ཀྱི་རྨང་གཞིའི་ཐོག ཁྱིམ་ཚང་ལྟ་བུ་གཏན་ནས་མ་ཡིན་པར་གྲོང་མིའི་འཚོ་བའོ། ། འཐུས་སྒོ་ཚང་བའི་ཁྱིམ་ཚང་དང་དགའ་སྐྱིད་ལྡན་པའི་གྲོང་མིའི་འཚོ་བས་གཞི་ནས་ཕུལ་དུ་བྱུང་བའི་རྒྱལ་སྤྱིའི་སྤྱི་དམངས་གསོ་སྐྱོང་བྱེད་ཐུབ།
伦理原则:现代家庭的背后原则,而家庭成员的个体背后的概念是自由的,这就是现代家庭的矛盾。所以说国家绝对不是契约的基础之上就像家庭,而市民生活是。健全的家庭和美好的市民生活才能培养出优秀的国际公民。
ཆབ་སྲིད་གསར་བརྗེ་ལས་བྱུང་བ་ནི་དེང་རབས་ཀྱི་རྒྱལ་ཁབ་ཡིན་ཞིང་། དེ་ནི་ཡོད་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། དེ་ཡིས་སྤྱི་བའི་དབང་གྲགས་ལས་བྱུང་བའི་ལྡོག་ཕྱོགས་བར་གྱི་ཁྲིམས་འཛུགས་སོགས་ལ་བརྟེན་ནས། ཁྲིམས་མཐུན་གྱིས་འཕེལ་རྒྱས་འགྲོ་བ་དང་། དེ་ཡང་གསལ་པོར་བཤད་ན། ཁྱིམ་ཚང་ལྟེ་བར་བྱས་ཤིང་། ངལ་རྩོལ་དང་ཕན་ཚུན་བརྗེ་རེས་བྱེད་པ་གཙོ་བོར་ཡིན་པའི་གྲོང་མིའི་སྤྱི་ཚོགས་བྱུང་བ་རེད། ཡིན་ནའང་གྲོང་མིའི་སྤྱི་ཚོགས་ལ་མཚོན་ན།(གྲོང་མིའི་ངོས་ནས་བཤད་ན། རང་ཁེ་རང་ཕན་ཡིན་མོད། འོན་ཀྱང་དོན་དངོས་ཐོག་དེ་ནི་དམའ་འབེབས་བྱས་པ་ཞིག་མ་ཡིན་པར་གང་ལའང་འཇིགས་ཞུམ་བྲལ་བའི་གང་ཟག་མི་ཡིན།) གྲོང་མིའི་སེམས་ཁོངས་སུ་མི་གཞན་མེད་པས་སྤྱི་དམངས་བཟང་པོ་ཞིག་དང་། ནང་སེམས་མཛེས་སྡུག་ལྡན་པ་ཞིག་ལ་ཅིས་ཀྱང་བདེ་ཐང་གི་ཁྱིམ་ཚང་ཞིག་ཡོད་ངེས་པས་ཁྱིམ་ཚང་གི་འགན་འཁྲི་ནི་སྤྱི་དམངས་དང་གྲོང་མིའི་གཤིས་བཟང་འདི་འདྲ་གསོ་སྐྱོང་བྱ་རྒྱུ་དེ་ཡིན།
政治革命带来的是现代国家,这是一切的前提,它通过公共权威所带来的反向之间的等等的立法,也就是合法的发展!也就是产生了核心家庭和可以劳动和相互交换为主要内容的市民社会,而市民社会,(市民虽说是自私自利的但它实际不是贬义是顶天立地的人)市民胸怀当中没有他人,一个良好的公民温暖阳光的人一定有及其健康的家庭。家庭的责任就是培养这种良好公民、市民的温床。
འདིའི་ཐད་ནས་ངས་བོད་ཡིག་ཏུ་བསྒྱུར་བ་ཐུང་ཐུང་ཞིག་དྲན་གསོས་བྱུང་།
དབྱིན་ཇིའི་ལུའོ་ཅེ་སི་ཁེ་ལན་ཏུན་གྱི་<<བག་འཁུམས་རིང་ལུགས་ཀྱི་གོ་དོན་>>ཞེས་པའི་ནང་། ཁྱིམ་ཚང་སྟེ། གྲོང་མིའི་སྒྲིག་ལམ་སྦྱོང་བརྡར་གྱི་འཚོ་བ་ནི་གཡས་ཐལ་བག་འཁུམས་རིང་ལུགས་གསར་བའི་སྲོལ་རྒྱུན་གྱི་ཚིག་སྦྱོར་དེ་མ་གྲོས་གཅིག་མཐུན་བྱུང་དུ་ཡོད།
ཁྱིམ་ཚང་ལ་ཡོང་འབབ་གཏན་འཇགས་ཀྱི་ཁག་ཐེག་དགོས། དེ་ལྟར་བྱས་ན་མི་ནི་དེ་ལས་ཕྱིར་བུད་ཅིང་། གཞི་ནས་མི་གཤིས་ཅན་humanའབྱུང་ཐུབ་པ་དང་། humanནི་མི་གཞན་གྱི་མདུན་དུ་ལངས་ཐུབ་ལ་དོན་དག་ལའང་རྗེས་དཔག་གིས་བསམ་གཞིག་བྱེད་ཐུབ་པ་དང་། སྤྱི་ཚོགས་ཁྲོད་ཀྱི་མི་གཞན་དག་གི་མི་སོ་སོ་ནི་མི་བུ་རླབས་ཆེན་རེ་ཡིན་པ་རྟོགས་ཐུབ། ཁོས་འཚོལ་ཞིང་སྙེག་གིན་པ་ནི་དམིགས་བསལ་རང་བཞིན་གྱི་སྔར་བས་ཆེས་ཆེར་ཡོད་པའི་ཡོངས་ཁྱབ་རང་བཞིན་དེ་ཡིན་ལ། སྐབས་ཐོག་དེ་ལ། ཁོས་གཞི་ནས་འདུ་ཤེས་འཛིན་སྤེལ་རྒྱུར་མ་བརྟེན་པར་རྗེས་དཔག་གི་མོས་སེམས་ཀྱིས་ཐུན་མོང་གཞི་གཅིག་གི་རྒྱལ་ཁབ་
འདི་ངོས་ལེན་བྱེད་པའོ།།
这一点让我联想起,我部分翻译成藏文的。
<英>罗杰斯克兰顿的《保守主义的含义》中对家庭则热为单位的市民规训的生活是新右保守主义传统的说辞不谋而合。
家庭需要稳定的收入保障,这样可以让人抽离出来,才会产生human,human就是能够站在别人面前也能理性考虑事情,能够理解社会当中的每一个他人的人是“伟大的人”,他追去的特殊性的更大的普遍性,他那个时候才能不依靠“意识形态灌输”就能理性认同这个共同体也就是国家。
མདོར་དྲིལ་ན། རྒྱལ་ཁབ་ཀྱིས་ཁྱིམ་ཚང་དང་གྲོང་མིའི་སྤྱི་ཚོགས་ཀྱི་རྒྱུན་འཁྱོངས་པར་སྔོན་འགྲོའི་ཆ་རྐྱེན་བསགས་ནས་སྤྱི་འབངས་བཟང་པོ་བྱུང་བ་དང་། སྤྱི་འབངས་བཟང་པོ་དེའང་རྗེས་དཔག་གི་དེང་རབས་རྒྱལ་ཁབ་སྐྱོང་བའི་གནད་གལ་ཆེན་ཞིག་ཡིན་པ་རེད།
humanཡི་ཚད་དུ་སླེབས་དུས། རང་ཉིད་གཞན་ལས་ལྷག་པར་ཏུ་འགྱུར་ཐུབ་པ་དང་། དམིགས་བསལ་གྱི་རང་བཞིན་ལས་བརྒལ་ཏེ་ཡོངས་ཁྱབ་རང་བཞིན་སྔར་ལས་ཆེ་བར་ལྟ་ཞིབ་བྱེད་ཐུབ་ན་གཞི་ནས་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་ཐུབ།
ཁྱིམ་ཚང་ཁྲོད་ཀྱི་རིམ་པའམ་གནད་འགག་གསུམ་ནི། ཐོག་མར་ཁྱིམ་ཚང་ལ་རྩ་བའི་ཆ་ནས་ངོས་འཛིན་ཐུབ་དགོས་པ་དང་། དེ་ནས་བྱེ་བྲག་ཏུ། ཁྱོ་ཤུག་གི་འབྲེལ་བ་དང་། ཁྱིམ་བདག་དང་ཁྱིམ་མིའི་འབྲེལ་བ། ཁྱིམ་ཚང་ཁ་ཐོར་(བྱིས་པའི་སློབ་གསོའི་གནད་དོན)
གྱིས་ཐེབས་པའི་ཡུན་རིང་བོའི་ཤུགས་རྐྱེན། ཁྱིམ་ཚང་གི་ནང་དུ་ནམ་ཡིན་ཡང་རང་བྱུང་གི་མི་ཆོས་ཀྱི་ཐུན་མོང་བའི་གཞི་ཡོད་པ་དེ་ནི་དེང་རབས་དང་མི་མཐུན་པའི་ཆ་སྟེ། རང་བྱུང་ལ་ཡིད་རྟོན་ནི་རང་བཞིན་ཅན་ཡིན་པས་འདི་ནི་འགལ་བ་ཡིན་ལ། དེང་རབས་ཀྱི་མིས་དང་ལེན་བྱེད་མི་ཐུབ་པའི་རྒྱུ་རྐྱེན་ཡང་དེའོ།། ཁྱོ་ཤུག་བར་གྱི་འབྲེལ་བ། སྐྱེས་པ་དང་བུད་མེད་བར་གྱི་འབྲེལ་བ། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་བཅས་ནི་ཆེས་རྒྱུན་ལྡན་ཡིན་པ་དང་ཐ་ན་མིའི་རྣམ་པ་ཅན་གྱི་འབྲེལ་བ་ཡིན་པ་དང་། རང་བྱུང་ནི་ཡོངས་སུ་སླར་སོན་མི་ནུས་པས་ཧེ་ཀེར་གྱིས་མཚན་མཐུན་ཁྱིམ་ཚང་ནི་ཡོངས་སུ་དང་ལེན་བྱེད་ཐབས་མེད་པ་དང་། བདེ་ཐང་ཁོ་ན་ལས་མེད་པའི་འཚོ་བའང་དེ་བཞིན་དུ་དང་ལེན་བྱེད་ཐབས་མེད་པ་རེད། སྤྱི་བའི་ལས་རིགས་ཀྱི་ཁྱབ་ཁོངས་དང་། ཚན་རིག་གི་ཁྱབ་ཁོངས། སློབ་ཁྲིད་ཀྱི་ཁྱབ་ཁོངས་སོགས་སུ་སྐྱེས་པ་ཡོད་དགོས་ཤིང་། ཁྱིམ་ཚང་གི་ཁྱབ་ཁོངས་སུ་བུད་མེད་ཀྱིས་འགན་འཁུར་བ་ནི་ཕོ་མོའི་ཁྱད་པར་རང་བཞིན་གྱི་ལྟ་བ་ཡིན་ལ། དེབ་འདིའི་དཔྱད་གླེང་གི་གཙོ་གནད་ཅིག་ཀྱང་འདི་ཡིན་པ་རེད།
总言之国家前提支撑着家庭和市民社会,产生良好的公民,而良好的公民是支撑起理性现代国家的重要环节。
拔高到human的高度!能够将自己超然,能够超越特殊性观察更大普遍性,才能获得更大的成就。
家庭当中的三个环节,先有个对家庭的基本判断,然后展开:夫妻关系-家长和家庭成员的的关系-家庭解体(孩子教育问题)永恒的张力!家庭当中永远有,自然的伦理共同体,这与现代不大匹配的“自然”信靠的就是自然的。这就是矛盾,现代人不是能够接受的理由。夫妻之间的关系男女关系-父母与子女的关系—最自然的甚至没有人化的关系,自然的不可能完全被弥合掉,所以黑格尔完全无法接受“同性家庭”,没法接受只有健康的生活。公共职业领域、科学领域、教学领域都应该有男性,而家庭领域有女性承担这也是男女差异性的观点,也是此书重点议论的一点。
ཁྱིམ་ཚང་ལ། ཐོག་དང་པོར་ཐུན་མོང་གཞི་གཅིག་གི་ཁྱད་ཆོས་དང་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་ཁྱིམ་ཚང་ཁྲོད་དུ་བསྲེས་མི་རུང་སྟེ། ཁྱིམ་ཚང་ནི་གན་ཆིངས་ཀྱི་འབྲེལ་བ་མིན་ཚུལ་ནན་བཤད་བྱས་ཡོད་པ་རེད།
ཁྱིམ་ཚང་ནི་མི་ཆོས་ཀྱི་ཐུན་མོང་གཞི་གཅིག་ཡིན་མོད། འོན་ཀྱང་ཁྱིམ་ཚང་གིས་ནོར་འཁྲུལ་ཅུང་ཙམ་ཡང་བཟོད་བསྲན་བྱེད་མི་ཐུབ།དེའི་ཕྱིར་ཕོ་མོ་དང་། རྒན་རྒོན། དྲག་ཞན་བཅས་བྱེ་བྲག་གི་དབྱེ་མཚམས་འདི་དག་ནི་ཧ་ཅང་གལ་ཆེ་བ་ཡིན་ལ། སྔོན་འགྲོའི་ཆ་རྐྱེན་ནི་རང་ཤུགས་སུ་བྱུང་བ་ཞིག་དང་། འཇིག་རྟེན་སྐྲུན་པོ་དཀོན་ཅོག་གིས་བཟོས་པའི་ཁྱད་པར་རང་བཞིན་དེ་ཡིན་ནོ།།
家庭第一点强调共同体个特性和普遍性原则不能嵌入家庭,家庭不是契约关系。
家庭是伦理共同体,但家庭不能容忍一点的错误,因此所以男女、老少、强弱,这些具体的界定是很重要的。前提是自然的!以及上帝所造引承的差异性。
ཁྱིམ་ཚང་།
ཁྱིམ་ཚང་ཁྲོད་ཀྱི་རིམ་པའམ་གནད་འགག་གསུམ་ནི། ཐོག་མར་ཁྱིམ་ཚང་ལ་རྩ་བའི་ཆ་ནས་ངོས་འཛིན་ཐུབ་དགོས་པ་དང་། དེ་ནས་བྱ་ེབྲག་ཏུ། ཁྱོ་ཤུག་གི་འབྲེལ་བ་དང་། ཁྱིམ་བདག་དང་ཁྱིམ་མིའི་འབྲེལ་བ། ཁྱིམ་ཚང་ཁ་ཐོར་(བྱིས་པའི་སློབ་གསོའི་གནད་དོན)
གྱིས་ཐེབས་པའི་ཡུན་རིང་བོའི་ཤུགས་རྐྱེན། ཁྱིམ་ཚང་གི་ནང་དུ་ནམ་ཡིན་ཡང་རང་བྱུང་གི་མི་ཆོས་ཀྱི་ཐུན་མོང་བའི་གཞི་ཡོད་པ་དེ་ནི་དེང་རབས་དང་མི་མཐུན་པའི་ཆ་སྟེ། རང་བྱུང་ལ་ཡིད་རྟོན་ནི་རང་བཞིན་ཅན་ཡིན་པས་འདི་ནི་འགལ་བ་ཡིན་ལ། དེང་རབས་ཀྱི་མིས་དང་ལེན་བྱེད་མི་ཐུབ་པའི་རྒྱུ་རྐྱེན་ཡང་དེའོ།། ཁྱོ་ཤུག་བར་གྱི་འབྲེལ་བ། སྐྱེས་པ་དང་བུད་མེད་བར་གྱི་འབྲེལ་བ། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་བཅས་ནི་ཆེས་རྒྱུན་ལྡན་ཡིན་པ་དང་ཐ་ན་མིའི་རྣམ་པ་ཅན་གྱི་འབྲེལ་བ་ཡིན་པ་དང་། རང་བྱུང་ནི་ཡོངས་སུ་སླར་སོན་མི་ནུས་པས་ཧེ་ཀེར་གྱིས་མཚན་མཐུན་ཁྱིམ་ཚང་ནི་ཡོངས་སུ་དང་ལེན་བྱེད་ཐབས་མེད་པ་དང་། བདེ་ཐང་ཁོ་ན་ལས་མེད་པའི་འཚོ་བའང་དེ་བཞིན་དུ་དང་ལེན་བྱེད་ཐབས་མེད་པ་རེད། སྤྱི་བའི་ལས་རིགས་ཀྱི་ཁྱབ་ཁོངས་དང་། ཚན་རིག་གི་ཁྱབ་ཁོངས། སློབ་ཁྲིད་ཀྱི་ཁྱབ་ཁོངས་སོགས་སུ་སྐྱེས་པ་ཡོད་དགོས་ཤིང་། ཁྱིམ་ཚང་གི་ཁྱབ་ཁོངས་སུ་བུད་མེད་ཀྱིས་འགན་འཁུར་བ་ནི་ཕོ་མོའི་ཁྱད་པར་རང་བཞིན་གྱི་ལྟ་བ་ཡིན་ལ། དེབ་འདིའི་དཔྱད་གླེང་གི་གཙོ་གནད་ཅིག་ཀྱང་འདི་ཡིན་པ་དང་། འདི་ཡང་ཧེ་གེར་གྱི་ལྟ་བའོ།།
ཁྱིམ་ཚང་ལ་རང་མཁོ་རང་འདང་གི་ཁེར་རྐྱང་འབྲེལ་བ་མེད་པ་དང་། དམིགས་བསལ་གྱི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་ཡང་ཚུད་མེད་པས། དེའི་ཐུན་མོང་གཞི་གཅིག་ནི་རྩ་དོན་ཉག་ཅིག་གོ ནང་ཁུལ་དུ་ཁྱད་པར་རང་བཞིན་ཡང་ཡོད་ཆོག
ཧེ་ཀེར་གྱིས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ཉག་ཅིག་ཡིན་པར་འདོད་དེ། ཁྱིམ་ཚང་གི་ནང་དུ་གློ་བུར་དུ<<ཤིས་ཡ་ཐུའུ་ཡི་གཉིད་ཡེར་བའི་མཚན་མོ་>>ཇི་བཞིན་བརྩེ་བ་ཟབ་མོ་ལྡན་ཡོད་མོད། འོན་ཀྱང་བརྩེ་བ་འདི་ལྟ་བུས་ཁྱིམ་ཚང་ནི་རྒྱུན་སྐྱོང་མི་ནུས་སོ།། འོན་ཀྱང་འདི་ནི་ཧེ་ཀེར་གྱིས་དེང་རབས་རྣམ་པའི་ཁྱིམ་ཚང་ལ་རྩ་བ་ཉིད་ནས་དང་ལེན་མི་བྱེད། ཁྱོད་དང་ཁྱོ་ཤུག་གི་འབྲེལ་བ་ཆགས་ཐུབ་པའི་རྒྱུ་མཚན་ནི། ཁྱོད་ཀྱི་འཚོ་བར་ཚད་ཡོད་པའི་རང་བཞིན་ལྡན་པ་དང་། ཚོར་བ་སྐྱེན་པའི་སེམས་ཁམས་ཡོད་ཕྱིར། གྲོང་མིའི་འཚོ་བའི་ཁྲོད་དུ་ཚུགས་ཐུབ་ཀྱི་རང་གཤིས་ཡོད་པ་ནི་དེའི་ཉམས་འགྱུར་ཡིན་ལ། ཁྱོད་ལ་ད་དུང་གཞན་བརྟེན་རང་བཞིན་གྱི་མི་གཤིས་ཡོད་པས། དེ་ནི་ཁྱིམ་ཚང་ལ་ཉེ་བར་མཁོ་བ་དེའོ།།
家庭�
家庭当中的三个环节
先有个对家庭的基本判断
然后展开:夫妻关系-家长和家庭成员的的关系-家庭解体(孩子教育问题)
永恒的张力!家庭当中永远有自然的伦理共同体,这与现代不大匹配的“自然”的背靠自然的。这就是矛盾,现代人不是能够接受的理由。夫妻之间的关系男女关系-父母与子女的关系—最自然的甚至没有人化的关系,自然的不可能完全被弥合掉,所以黑格尔完全无法接受“同性家庭”,没法接受只有健康的生活。公共职业领域、科学领域、教学领域都应该有男性,而家庭领域有女性承担这也是男女差异性的观点,也是此书重点议论的一点。这是黑格尔的观点。
家庭没有自足的个体间的关系,尚未包含特殊普遍性的原则,它共同体才是唯一原则。里面可以有差异性。
黑格尔绝对是客观的原因,家庭里面忽然有《西雅图不眠之夜》那种激烈的情感,但这样的情感支撑不起家庭。但这是黑格尔对于现代版家庭绝对不接受的。你之所以能结成夫妻关系,你的生活具有有限性,敏感的心灵,在市民生活中是独立人格,这是它的气质,你还有依附性人格,这就是家庭的需要。
གཞན་པ་ནི་རང་ཉིད་མིན་པ་ངོས་ལེན་བྱེད་པ་སྟེ། བཅོས་མིན་ངང་ཕ་རོལ་པོའི་གཞན་པའི་རང་བཞིན་དང་ལེན་བྱེད་དགོས། ཁྱོད་ལ་ཁོ་ནི་ཉེ་བར་མཁོ་བ་ངོས་ལེན་བྱས་ན་ནི་དེ་ལས་ལྡོག་སྟེ་སྔར་བས་དཀྱེལ་ཡངས་པའི་བདག་ཉིད་འཚོ་ཐུབ། རང་ཉིད་དབང་བཙན་པར་བྱེད་པ་དང་ངོས་འཛིན་བྱེད་པ་ནི་ཕྱི་རོལ་ཡུལ་གྱི་གནས་ཚད་ཅིག་དང་། དེ་ལྟ་བུའི་གནས་ཚད་ཅིག་ནི་ཕྱིའི་ལམ་སྲོལ་གྱིས་འགན་བསྲུང་དགོས། འདི་ལྟ་བུའི་གཉེན་སྒྲིག་ནི་འཐོར་ཆོག་པ་དང་། མི་ཆོས་ཀྱི་བརྩེ་བ་མེད་དུས་ཀྱང་འཐོར་ཆོག གཞན་ཡང་ཕྱོགས་གཅིག་ལ་བློ་མི་དཀར་དུས་ཀྱང་འཐོར་ཆོག་པ་ར་འཕྲོད། དེར་བརྟེན་ཧེ་ཀེར་གྱིས་སྐབས་དེའི་ཡེ་ཤུའི་ཆོས་ལུགས་ཀྱིས་
ཁྱོ་ཤུག་བཟའ་འཐོར་བྱེད་མི་ཆོག་པར་བྱེད་པ་དེ་ལ་ངོ་རྒོལ་བྱས།
ཁྱོ་ཤུག་གི་འབྲེལ་བ་ནི། མི་ཆོས་ཀྱི་འབྲེལ་བ་Aདང་Bལ་རྒྱབ་རྟེན་བཅོལ་བ་ལས། ཁེར་ཧྲེང་གཉིས་ཟུང་དུ་བསྡེབས་པ་ནི་མ་ཡིན།
གཉེན་སྒྲིག་གི་འབྲེལ་བ་བཟང་ངན་ནི། མི་ཁོ་རང་ལ་བལྟས་པས་ཆོག གཉེན་སྒྲིག་གི་འབྲེལ་བ་འཐུས་ཚང་ཞིག་བྱུང་རྗེས་ཁྱོད་རང་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་སྲིད། འཚོ་བ་དང་འཇིག་རྟེན་གྱི་འགྲོ་ལུགས་འདུག་སྟངས་གང་ལའང་གོ་བ་ལེན་ཚུལ་ཏེ། སྐྱོ་གདུང་དང་དྲོད་ཁོལ། མངར་སྐྱུར་ཁ་གསུམ་ཅི་རིགས་ལ་གོ་བ་ལེན་ཐུབ་པའི་སྐབས་ནི་ཏག་ཏག་ཡག་པོ་འདུག་ཅིང་། ཡང་སྔར་ལས་ཀྱང་དོན་གནད་མི་ཤེས་པ་དང་། སྔར་བས་མཚམས་ཚོད་མ་ཟིན་པར་གྱུར་ན་ནི་གཉེན་སྒྲིག་གི་ཕམ་ཁ་ཡིན་ལ། གཉེན་སྒྲིག་གིས་སྤྱིར་ན་མི་ནི་འཚར་ལོངས་འབྱུང་དུ་འཇུག་དགོས།
承认别人不是自己!真实的接纳别人的他者性。承认了他是你需要的,从而反向活出更加宽泛的自己,自我成全和确认,这就是客观的高度!这样的客观高度需要外部机制的保障。这样的婚姻可以离婚,“伦理之爱”没了可以离婚了,一方不忠足以证明可以离婚了。所以黑格尔反对当时的基督教不允许离婚的事。
夫妻关系就是背靠着伦理关系的A和B,而不是两个个体的结合。婚姻关系的好坏,只要看他这个人就可以,健全的婚姻关系之后让你会越来越好。对生活对人情世故的理解力,悲凉的温暖的,五味杂陈的东西都越来越理解的时候就好,就是越来越不懂事越来越偏激就是婚姻的败笔,婚姻本应该使人成长。
མི་ནི་གཞན་ཕ་རོལ་པོ་དང་འབྲེལ་བ་ཡོད་པའི་དུས་སུ་འཚར་ལོངས་བྱུང་བ་ཡིན་ཞིང་། ཁྱོ་ཤུག་གི་འབྲེལ་བ་ནི་ཆེས་མཛའ་མཐུན་ཅན་ནོ།། ཧེ་ཀེར་ནི་ཕོ་མོའི་རང་བྱུང་གི་ཁྱད་པར་དང་། དེས་བདག་ཏུ་བཟུང་བའི་ཁྱབ་ཁོངས། གྲོང་མིའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནི་སྐྱེས་པའི་ཁྱབ་ཁོངས་ཡིན་པ་དང་། ཁྱིམ་ཚང་ནི་བུད་མེད་ཀྱི་ཁྱབ་ཁོངས་ཡིན་པ་འདི་ནི་ཧེ་ཀེར་གྱི་དགོངས་ཚུལ་ཡིན་པས། དེང་རབས་བུད་མེད་རིང་ལུགས་ཀྱིས་འདི་ཧ་ལམ་དང་ལེན་བྱེད་མི་སྲིད།
བུད་མེད་ཀྱི་གཤིས་ཀའི་ཁྱད་ཆོས་ནི། ཉམས་སུ་མྱོང་བའི་རང་བཞིན་ཏེ། ཤུགས་ཆེན་པོས་སྲུང་སྐྱོང་བྱེད་པ་དེའོ།།
སྐྱེས་པས་ནི་ཡང་དང་བསྐྱར་དུ་ཡོངས་ཁྱབ་རང་བཞིན་གྱི་ཤེས་རྟོགས་བྱུང་བ་དང་། སྙིང་རྗེ་དང་བྲལ་བའི་སྒོ་ནས་འཚོ་བ་དང་བར་ཐག་ཡོད་པའི་རྗེས་དཔག་གི་ཤེས་རྟོགས་ཀྱང་བྱུང་ངོ་།། བུ་མོ་ཆུང་ཆུང་ཚོར་བའི་རང་བཞིན་ཆེ་བ་དང་། སྐྱེས་པ་ནི་ཕྱིར་རྟོག་གི་བསམ་གཞིག་ནུས་པ་ལྡན། འདི་ཡང་ཕལ་ཆེར་ཧེ་ཀེར་གྱིས་མཚན་གཉིས་ཁྱད་པར་གྱི་གཞུང་ལུགས་ལ་དཔྱད་གཞིར་བཟུང་བའི་ཁྲོད་ཀྱི་གཅིག་ཡིན་སྲིད།
人是和别人有关系的时候成长的,而夫妻关系是最亲密的。
黑格尔讲述男女的自然差异其应管辖的领域,市民社会和国家的领域是男性的领域,家庭是女性的领域,这是黑格尔的说法,也许现代女性主义不会接受。
女性的性格特征是“感受性“,强烈的守护。
男性是一次又一次的打到普遍性的认识,冷峻的和生活拉开距离的理性认识。小女孩感受性强,男性是反思能力。这也许也是黑格尔对双性差异的理论借鉴之一吧。
མི་ཆོས་ཀྱི་བསམ་གཞིག་ལ་དངོས་གནས་དེ་ལྟ་བུའི་གནས་ཚད་གཉིས་དགོས་ཏེ། ཁྱོ་ག་སྤྱི་བའི་ཁྱབ་ཁོངས་སུ་སོང་ནས་བསམ་བློ་བཏང་ཞིང་། སྤྱི་བའི་ཁྱབ་ཁོངས་ནས་རྒྱུ་ནོར་ཁྱེར་ཡོང་བ་དང་། ཕྱིར་ཁྱེར་ཡོང་བའི་རྒྱུ་ནོར་ནི་ཆུང་མ་དང་ཐུན་མོང་གི་རྒྱུ་ནོར་ཡིན་པས་ཁྱིམ་ཚང་གིས་འདི་ལྟ་བུའི་གནས་ཚད་གཉིས་ཀྱི་རྩ་དོན་སྲུང་གི་ཡོད་པ་རེད།
ཧེ་ཀེར་གྱི་ཁྱིམ་ཚང་གི་ལྟ་བ་ནི་དེང་རབས་ཀྱི་སྤྱི་ཚོགས་ཁྱིམ་ཚང་དང་ཁྱད་པར་ཧ་ཅང་ཆེན་པོ་ཡོད་ཅེས་བཤད་ཆོག་ཅིང་། དང་ལེན་གཏན་ནས་བྱེད་མི་ཐུབ་མོད། འོན་ཀྱང་དེ་ནི་གནས་ཚད་ཧ་ཅང་མཐོན་པོར་འདུག་ཕྱིར། ཧ་ཅང་གལ་ཆེན་རེད། གལ་སྲིད་ཁྱིམ་ཚང་ལ་བརྟེན་ནས་གནས་ཚད་འདི་གཉིས་པོ་སྐྱོང་མ་ཐུབ་ན། དེ་ལྟ་བུའི་འབྲེལ་བ་དེ་ཇི་ལྟར་རྒྱུན་སྐྱོང་དགོས་མིན་བསམ་གཞིག་གཏོང་
དགོས།
སྲོག་ཆགས་ཀྱིས་རང་གི་ཚད་གཞི་ལྟར་ཐོན་སྐྱེད་བྱེད་པ་དང་། མི་ཡིས་ནི་བྱ་དངོས་ཡོད་ཚད་ཀྱི་ཚད་གཞི་ལྟར་ཐོན་སྐྱེད་བྱེད་པ་འདི་ནི་མི་དང་སྲོག་ཆགས་དབར་གྱི་ཁྱད་པར་ཡིན་པ་རེད།
伦理思考的确需要这样的两个维度!丈夫进入公共领域,去思考,从公共领域带回财产,而带回来的财产是和妻子共同的财产,家庭就是守住这种两个维度的原则的。
虽然黑格尔的家庭观可以说已经与现代社会家庭有很大的区别了,完全不能接受,但这令大维度!很重要,如果不能靠家庭来维系这两个维度的话如何维系这种关系,这需要思考。
“动物只按照自己的尺度来生产,人按照万物的尺度来生产这就是人和动物的区别”。
ཧེ་གེར་གྱི་མཚན་ཉིད་རིག་པའི་ཐད་ཀྱི་ཤེས་རྟོགས་ཕྲན་བུ།
对黑格尔哲学浅薄的认知
སྤྱི་ལོ་༢༠༡༩ལོའི་ཟླ་༣ཚེས་༢༣ཉིན། ངས་ཧྥུ་ཏན་སློབ་ཆེན་དུ་དགེ་རྒན་ཀྲང་ཧྲོང་ལི་ཡི་སློབ་ཁྲིད་ལ་མཉན་ཅིང་། ཁོང་གིས་བཤད་པའི་སྐད་ཆ་གཅིག་གིས་ང་ལ་བག་ཆགས་ཧ་ཅང་ཟབ་མོ་ཞིག་བཞག་ཡོད་དེ། དེང་རབས་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་འདོད་ན་མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཧེ་ཀེར་ལ་སློབ་སྦྱོང་བྱེད་དགོས། སྐད་ཆའི་མ་ལག་གམ་རང་རྟོན་གང་ཡིན་རུང་། གལ་ཆེ་བ་ནི་ཁྱོད་ཀྱིས་དྲིས་ལན་ཅི་ཞིག་འདེབས་རྒྱུ་དེ་མ་ཡིན་པར། ཁྱོད་ཀྱི་གནད་དོན་ནམ། རང་ཉིད་ཀྱིས་བརྡར་ཤ་མི་ཆོད་པ་དང་། ཞིབ་བསྡུར། དབྱེ་ཞིབ། བསམ་གཞིག་བྱེད་སྟངས་བཅས་ཚང་མར་བཤད་ཅིང་། ཁྱོད་ལ་རང་ཉིད་ཀྱི་གནད་དོན་ལ་བསམ་གཞིག་བྱེད་པའི་ནུས་པ་ལྡན་པ་དེའོ།།
མ་གཞི་ནས་གང་ཟག་མི་སྟེ། རེ་ཞིག་ཟག་པའམ་འཇིག་པར་གྱུར་བའི་བརྩོན་པའི་མི་མཐུན་ཕྱོགས་དེ་རང་བཞིན་གྱིས་བྱུང་བ་དེ་ཡིས་རྐྱེན་བྱས་ཤིང་། ལས་ཕྲན་ཚེགས་ཀྱི་དབང་གིས་ཁོ་བོས་སྐབས་རེར་མ་གཏོགས་ཧེ་གེར་གྱི་སྐོར་ཕྱོགས་རེ་ཙམ་ལས་བཀླགས་མྱོང་མེད་མོད། འོན་ཀྱང་གང་དེའི་ཚིག་སྦྱོར་མི་བདེ་བ་དང་། འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པའི་གཏན་ཚིགས་ཀྱི་སྐད་ཆ་མཁྲེགས་པོ་དེའི་རྐྱེན་གྱིས་དྲང་མོར་བཤད་ན་བདག་གིས་བཀླགས་པ་དེའང་ཅུང་ཟད་ཆོ་མེད་པ་དང་། གོ་དཀའ་བའི་གནས་སུ་གྱུར།
དེ་ལྟར་ཡིན་མོད་ཀྱང་། རང་ཉིད་ཀྱི་གོ་བ་ལྟར། ངས་དགེ་རྒན་གྱིས་སློབ་ཁྲིད་བྱས་པའི་ནང་དོན་དང་རང་ཉིད་ཀྱི་ཤེས་རྟོགས་ཕྲན་བུ་ནི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པར་དགའ་བའི་ཀློག་པ་པོ་དང་གྲོགས་པོ་རྣམས་ལ་ངའི་གོ་བ་ལེན་ཚུལ་ཕྲ་ལ་ཕྲན་བུ་མཉམ་སྤྱོད་ཅིག་བྱེད་ན་འདོད་སོང་།
2019-3.23日我在复旦听张双利老师讲过一句印象很深刻的话:“现代社会要想了解就要读马克思,就要学黑格尔。话语体系也罢“自信”也罢,重要的不是你端出什么答案,而是你的问题你自己的困惑、探讨、分析、思考方式告诉大家,你有能力思考自己的问题。”
虽然因为人的一贯惰性,以及繁琐的事务,自己只是偶尔片面的读过一点黑格尔,但由于其佶屈聱牙的文字,和死硬的德国古典哲学的逻辑语言,实数让我读的有些乏味和难懂。
但就个人有限的理解,我想就老师的授课内容和自己对其浅薄的认识理解,分享给喜欢西方哲学的读者朋友我的一些只字片语的理解。
ཧེ་ཀེར་ལ་གོ་བ་ལོན་དགོས་ན། མར་ཁེ་སིས་ཁོང་ལ་སུན་འབྱིན་རང་བཞིན་གྱི་ཤེས་རྟོགས་ནས་མགོ་བརྩམས་པ་དེ་བྱེད་ཐབས་ལེགས་པོ་ཞིག་མིན་མི་སྲིད་པ་འདྲ། ཧེ་ཀེར་གྱིས་ཧ་ལམ་གནས་ཚུལ་ཞིག་བརྒྱུད་བསྒྲགས་བྱེད་བཞིན་ཡོད་པ་སྟེ། གནས་པས་འདུ་ཤེས་ཐག་གཅོད་པ་མ་ཡིན་པར་འདུ་ཤེས་ཀྱིས་གནས་པ་ཐག་གཅོད་ཅེས་པ་དེ་རེད།
འདུ་ཤེས་སྔོན་དུ་བསྐྱོད་འཛིན་དགོས་སམ། འདི་ལྟར་གོ་བ་ལེན་དགོས་པ་ཡིན་ཏེ། འདི་ནི་ཕལ་ཆེར་དེའི་སེམས་གཙོ་རིང་ལུགས་ཀྱི་ལངས་ཕྱོགས་ལ་གཞིགས་པའི་རྐྱེན་ཡིན་པ་འདྲ། དངོས་གཙོ་རིང་ལུགས་ཀྱི་འདུ་ཤེས་ལ་གཞིགས་ན། མར་ཁེ་སིས་འདུ་ཤེས་འདི་ལྟ་བུ་ཞིག་ལ་དགག་བཞིན་ཡོད་དེ། ཁོང་གིས་གནས་པ་དེ་ཡིས་འདུ་ཤེས་ཐག་གཅོད་པར་ངོས་འཛིན།
ཧེ་ཀེར་གྱིས། པོ་ལ་ཐུ་ལ་འཚོ་བ་རྙིང་བར་གཏོར་བཤིག་གི་རང་བཞིན་ཡོད་པ་ལས་བག་ཡངས་སུ་གཏོང་བའི་ཐབས་ལམ་མེད་ཅེས་བཤད་ཀྱི་ཡོད་པ་འདྲ། ཁོང་གིས་<<ཕུགས་བསམ་གྱི་རྒྱལ་ཁབ་>>ཅེས་པའི་ངོས་འཛིན་ནི། མིའི་རང་སྣང་འདུ་ཤེས་ཀྱི་གོ་རྟོགས་སད་པ་ཡིན་ལ། སྔར་ཡོད་ཀྱི་མཁར་རྫོང་རྒྱལ་ཕྲན་རྙིང་བར་ཡིད་རྟོན་དང་བློ་ཁེལ་བ་ཐོར་ཞིག་ཏུ་འགྲོ་འགོ་ཚུགས་པ་རེད།
读懂黑格尔,通过马克思对其的批判性认知去入手,好像不失为一种好的方法。黑格尔似乎在传达一种信息,“不是存在决定意识而是意识决定了存在”。
观念先行?应该是这么理解的吧,这点似乎是因为其唯心主义主义的立场出发,而唯物主义的观念出发,马克思似乎在反驳这样的观念,认为存在决定了意识。
黑格尔似乎在说,“柏拉图只有对旧的生活的破坏性,而没有安放的现实路径”,他对《理想国》的认识,是人的主观意识觉醒,而对旧有的城邦的信靠的瓦解开始。
ཡིན་ནའང་ཧེ་གེར་གྱིས་ཐག་གཅོད་འདོད་པ་ནི། དེང་རབས་ཀྱི་སྐད་བརྡ་མ་ལག་ཅིག་གི་འོག་ཏུ། མི་ནི་ཇི་ལྟར་གནས་པའི་གནད་དོན་དེའོ།།
དགེ་རྒན་ཀྲང་ཧྲོང་ལི་ཡིས་ཧེ་ཀེར་ནི་གསུང་རབ་དངོས་གཙོ་རིང་ལུགས་མིན་ཞིང་། ཁོང་ནི་འདུ་ཤེས་རིང་ལུགས་ཡིན་ཞེས་གསུངས་མྱོང་།
ཧེ་ཀེར་གྱིས་གནས་པའམ་གཞི་གྲུབ་ཀྱི་དངོས་པོ་ནི་རྗེས་དཔག་ཡིན་ལ། རྗེས་དཔག་གི་བྱ་དངོས་ཡིན་ཕྱིན་ཚང་མ་མངོན་སུམ་ཡིན་ཞེས་གསུངས་མྱོང་། སྐད་ཆ་འདི་ད་ལྟ་ལ་ཐུག་གི་བར་དུ་ཕྱོགས་ཙམ་མ་གཏོགས་མི་གོ་ནའང་། སློབ་ཁྲིད་ལ་མཉན་ཅིང་། སློབ་ཁྲིད་ཀྱི་རྗེས་སུ་དཔེ་ཀློག་བྱས་པ་བརྒྱུད། སྐད་ཆ་འདིས་ཕལ་ཆེར་མིའི་རང་སྣང་གི་ཤེས་པའི་རིགས་ཤིག་བཤད་ཀྱིན་པ་འདྲ། དེ་ནི་སངས་རྒྱས་ཀྱིས་གསུངས་པའི་ཐ་སྙད་བཏགས་ཡོད་ཞེས་པ་དང་མཐུན་པའི་ཆ་ཞིག་ཡོད་པ་འདྲའོ།།
而黑格尔要解决的是,如和建构一套现代话语之下的,人如何存在的问题。
张双利老师讲过:“黑格尔不是经典的唯物主义,他是观念主义。”
黑格尔讲过:“存在的东西就是理性的,凡是理性的都是现实的。”这句话虽然至今我一知半解,但通过听课,以及自己课后的阅读,这句话似乎在说一种人主观的觉知,这点似乎与佛家讲的“名立他有”有着某种暗在的契合点。
ངས་དགེ་རྒན་གྱིས་དཔེ་འཇོག་ཤིན་ཏུ་འཚམ་པོ་ཞིག་བྱས་པ་དྲན་ཡོང་སྟེ། པོ་ལ་ཐུའི་དུས་རབས་ནི་མི་ཡི་བྱིས་པའི་དུས་དང་འདྲ་བར་ཐུན་མོང་གཞི་གཅིག་གི་ཁྲོད། འཚོ་བ་སྐྱེལ་ཐུབ་པ་ལས་སོ་སོ་རང་ཉིད་ཀྱི་ཚོར་ཤེས་ཐུབ་ཀྱི་མེད་མོད། འོན་ཀྱང་ལང་ཚོ་དར་བའི་དུས་སུ་སླེབས་སྐབས། ལྡོག་ཕྱོགས་ཀྱི་བསམ་ཚུལ་དང་ལྡོག་པའི་སུན་འབྱིན་གྱིས་རང་སྣང་བདག་ཉིད་ཀྱི་གོ་རྟོགས་སད་དུ་འཇུག་པ་དང་།མི་རྣམས་ལ་འཚོ་བ་འདི་ལྟར་སྐྱེལ་དགོས་དོན་གང་ཡིན་པའི་གནད་དོན་ལ་བསམ་གཞིག་བྱེད་དུ་འཇུག་འགོ་བརྩམས་པ་རེད། འདིས་ཀྱང་མི་གཞི་གནད་སྨིན་འཐུས་ཚང་སྟེ་རྗེས་དཔག་གི་འདུ་ཤེས་ལྡན་པ་མཚོན་གྱི་ཡོད་ལ། འདི་ནི་ཧེ་ཀེར་དང་པོ་ལ་ཐུའི་དུས་རབས་དབར་གྱི་ཁྱད་པར་ཡང་ཡིན་པ་རེད།
ཧེ་ཀེར་གྱིས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དེ་ཡེ་ཤུའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ནས་སླར་ཡང་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་རུ་འགྱུར་བར་འདོད་ཅིང་། སྐབས་དེའི་མཚན་ཉིད་རིག་པ་ནི་འཁྲུལ་མེད་རྣམ་དག་འབའ་ཞིག་ཡིན་པས། ལྷ་ལ་ཕྱིར་རྟོག་བྱེད་པའི་མི་ཆོས་ཀྱི་ཁུར་བོ་མེད་པར། དངོས་ཡོད་འཚོ་བར་ཡིད་རྟོན་པ་དང་དངོས་ཡོད་ཀྱི་ཐུན་མོང་བའི་གཞི་གཅིག་ཁོ་ན་དེའོ།།
我记得老师打过一个非常贴切比喻。柏拉图时代犹如人的孩童期,可以生活在一个共同体里而不自知,但到了青春期,逆反心理和反讽让“主观自我”得以觉醒,让人开始去思考“为何需要如此生活”的问题,而这预示着人格的成熟既理性的意识,这也正是黑格尔与柏拉图时代的区别。黑格尔企图将西方哲学从,基督教哲学回归古典希腊化的哲学。届时的哲学是纯粹的,没有对神反思的伦理包袱,只有对现实生活的信靠,只有赤裸的现实共同体。
འདིའང་རྟོག་དཔྱོད་དང་ཕྱིར་རྟོག་གི་རྨང་གཞིའི་ཐོག་འཛུགས་དགོས། ཧེ་ཀེར་ལ་ཏག་ཏག་དེ་ལྟ་བུའི་བྱང་ཚད་ལྡན་པ་རེད། ཁོང་གིས་སྐབས་དེའི་འཇར་མན་གྱི་སློབ་ཆེན་ནང་མི་རིགས་རིག་གནས་འུད་སྒྲོག་བྱེད་པའི་འཇར་མན་རི་ཨར་མན་རིང་ལུགས་ཀྱི་དགེ་རྒན་ཆེན་མོ་བ་དང་མཁས་དབང་ལ་ངོ་རྒོལ་བྱས་པ་དང་འབྲེལ་དེའི་རྨང་གཞིའི་ཐོག་དངོས་ཡོད་ཀྱི་རྗེས་དཔག་གི་འཚོ་བར་བསམ་གཞིག་བྱེད་ནུས་པའི་བློ་བདེ་བག་ཕེབས་ཀྱི་དེང་རབས་རང་བཞིན་གྱི་འཚོ་བ་ཞིག་བསྐྲུན་པ་རེད།
མི་ནི་འཇིག་རྟེན་གྱི་ཕྱི་རོལ་དུ་སྡོད་པའི་སྤྱི་མཚན་པ་མིན་པར། སྔར་བཞིན་དངོས་ཡོད་ཀྱི་ཁྲོད་དུ་ཕྱིར་ལོག་དགོས། མར་ཁེ་སི་ཡིས་ཆོས་ལུགས་ལ་དགག་རྒྱག་སུན་འབྱིན་བྱེད་པ་དེ་ནི་ཁོང་གིས་ཆོས་ལུགས་ལ་བཟུང་བའི་ངོས་ཤེས་ལས་བྱུང་བ་དང་། མི་ནི་ཆོས་ལུགས་རིགས་ཤིག་གིས་སེམས་གསོ་བྱེད་པའི་འཚོ་བའི་ཁྲོད་དུ་གཏན་སྡོད་བྱེད་མི་ནུས་པར་དངོས་ཡོད་ཀྱི་ཁྲོད་དུ་ལོག་དགོས་པར་འདོད། ཡིན་ནའང་འདི་ནི་ཧ་ལམ་ཧེ་ཀེར་དང་མི་མཐུན་ས་མེད་པ་འདྲ།
而这需要建立在思辨和反思基础之上。黑格尔刚好具有这种素养。他反对当时德国大学里鼓吹民族文化的“德国日耳曼主义”教授学者,并在此基础上建构着一套现实的理性生活思考下得以安放的现代性生活。
人不是蛰居于世界之外的抽象的,还是要回到现实中,,马克思批判宗教,源于他对宗教的认识,认为人不可栖居于某种宗教安慰的生活中而是回到现实。这但似乎与黑格尔并无不同之处。
མར་ཁེ་སི་ཡིས་ཆོས་ལུགས་ནི་ཉལ་ཐའི་དཔེ་རུ་བཞག་ཡོད་ཅིང་། དེའི་བསྟན་དོན་ཡང་སྐྱོན་འཛུགས་ཀྱི་གོ་དོན་མེད་པར། དེ་ལྟ་བུའི་ཆོས་ལུགས་ཁོ་ན་ཡིས་དེང་རབས་འཛམ་གླིང་མི་དམངས་ཀྱི་བསམ་བློ་དང་དེའི་དངོས་ཡོད་ཀྱི་འཇིག་རྟེན་ཉག་ཅིག་ཏུ་འགྱུར་བར་ངོ་རྒོལ་བྱས་པ་དེ་རེད། སྦྲིད་སྨན་རང་ངོས་ན་གནད་དོན་མེད་ཅིང་། དེ་ནི་མི་ཡིས་ན་ཟུག་འཇགས་བྱེད་ཀྱི་སྨན་ཁོ་ནར་བརྟེན་ནས་གནས་སྐབས་གསོན་ཐབས་ཙམ་བྱེད་མི་རུང་། དེར་བརྟེན། ང་ཚོའི་དུས་རབས་འདིའི་མི་རྣམས་ཀྱི་སེམས་ཀྱི་སྡུག་བསྔལ་དང་། རང་ཉིད་གཞན་འགྱུར་གྱི་གནད་དོན་ཐག་གཅོད་རྒྱུ་ནི། མཚན་ཉིད་རིག་པས་མིའི་རིགས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་ཀྱི་དོན་སྙིང་ཞིག་རེད།
ཧེ་ཀེར་གྱི་དགག་སྒྲུབ་དང་རྩོད་སྒྲུབ་ཀྱི་ལྟ་དགོངས་སྤྱད་དེ་ཁྲིམས་དང་། འཇིག་རྟེན་འཁོར་བ། ཆབ་སྲིད་བཅས་ལ་ངོས་འཛིན་པ་ཡིན་མོད། མར་ཁེ་སི་ཡིས་ཆོས་ལུགས་དང་ལྷ་ཡུལ་ལ་དགག་པ་མཛད།
马克思将宗教比喻为鸦片,其意味并无责难的意思,而是反对只以这样的宗教成为唯一滋养着的现代世界人民的思想的现实世界。麻药本身并无问题,而是人不能值依赖于镇痛剂而苟活。因此如何安置这个我们时代的人们的思想痛苦,与自我异化的问题,就是哲学服务于人类的现实意义。
黑格尔批判和辩证的看待,法、尘世、政治,而,马克思批判宗教、天国。
དགེ་རྒན་གྱིས་འདི་ལྟར་བཤད་མྱོང་སྟེ། མི་རབས་རྗེས་མས་མར་ཁེ་སི་དང་ཧེ་ཀེར་གྱི་མཚན་ཉིད་རིག་པ་གཉིས་ནི་མགོ་རྟིང་སློག་པ་དང་ཐོད་བརྒལ་ཞིག་ཏུ་བརྩི་མོད། འོན་ཀྱང་ཁོང་གིས་རྒྱུན་འཛིན་བྱ་རྒྱུ་དེ་ཕྱོགས་གཙོ་བོ་ཞིག་རེད་སྙམ་གྱི་ཡོད།
གལ་སྲིད། མར་ཁེ་སི་ཡིས་མཚན་ཉིད་རིག་པའི་ལྕགས་ཀྱི་ཐོ་བ་སྤྱད་ནས་དངོས་ཡོད་འཇིག་རྟེན་འདི་བསྐྲུན་བཞིན་ཡོད་ཅེས་བཤད་ན། མེ་ནཱའར་ས་སྲོད་ཀྱི་འུག་པ་རུ་འབོད་པའི་ཧེ་ཀེར་གྱིས་མཚན་ཉིད་རིག་པར་འཛིན་པའི་རྣམ་འགྱུར་ནི་བལྟོས་བཅས་ཀྱིས་ཞི་འཇམ་ལྡན་པ་ཞིག་ཡིན་ཏེ། ཁོང་གི་སེམས་སུ་ཡོད་ཚད་ཀྱི་བྱུང་བ་ནི་ལོ་རྒྱུས་ཀྱི་རྡུལ་འཚུབ་དྭངས་རྗེས་གཞི་ནས་འགྲུབ་ཐུབ་པར་སྙམ་ཡོད།
དེར་བརྟེན། མཚན་ཉིད་རིག་པ་ནི་འཇིག་རྟེན་ཞིག་བསྐྲུན་པའི་ཁྲོད་དུ་ཞུགས་པ་ནི་མ་ཡིན་པར། མི་རྣམས་ཀྱི་སེམས་པ་ཞི་ལྷོད་དུ་གཏོང་བ་དང་། ཕྱིག་རྟོག་ཡང་གསལ་བོར་འགྲེལ་ཐུབ་པ་ཞིག་གོ
ཧེ་གེར་གྱིས་ཧྥ་རན་སིའི་གསར་བརྗེ་ཕམ་པ་དང་དང་ཡ་ཀུ་པིན་ཕྱོགས་ཁག་གི་སྲིད་དབང་སྒེར་འཛིན་ལ་ཕྱིར་རྟོག་བྱས་པས། ཁོང་གིས་དེའི་ཐད་ཀྱི་དགོངས་ཚུལ་ལམ་དྲིས་ལན་ནི། མི་ཡིས་ཕན་ནུས་མེད་པའི་རང་དབང་དེ་ཕུགས་བསམ་ཅན་དུ་བསྒྱུར་བ་ཡིན་པར་བཤད་།
老师讲过,后人似乎将马克思与黑格尔哲学,看作是一种颠覆和超越,但他认为更多的是传承。
如果说马克思是用哲学的铁锤锻造着这个现实世界,那自称米涅尔黄昏的猫头鹰的黑格尔,则对待哲学的态度是相对温和的,他认为一切的形成只有历史尘埃落定之后才会形成,所以哲学不是参与打造一个世界,而是让人的心灵得以安放,反思得以解释。
黑格尔反思法国革命的失败,雅各宾派的专政。他给出的答案是,人将消极自由理想化而导致的。
རང་དབང་གི་ནང་ཁུལ་ནི་དགེ་མཚན་མེད་པ་ཞིག་དང་། ཡིན་ལོག་གི་ཡིན་ལོག་དེའི་ཕྱི་རོལ་གྱི་བཙན་ཤེད་རང་བཞིན་ཞིག་རེད། ཁྱོད་ཀྱི་འཚོ་བ་ནི་ཕྱི་རོལ་གྱིས་བཙན་ཤེད་ཀྱིས་བདག་པོ་མི་བྱེད་ལ། དཀོན་ཅོག་གིས་ཀྱང་བདག་པོ་མི་བྱེད། ཡིན་ནའང་ཕྱིའི་བཙན་ཤེད་ཀྱིས་སོ་སོའི་འཚོ་བ་སོ་སོ་རང་ཉིད་ཀྱིས་འཁུར་བ་དེ་རེད། འདི་ནི་ཧ་ཅང་དཀོན་པོ་རེད། ཕྱི་རོལ་གྱི་བཙན་ཤེད་ཕུད་པའི་རྗེས་སུ་ཡར་ལངས་མ་ཐུབ་ན། མི་ནི་འདོད་རྔམ་གྱི་བྲན་གཡོག་ཏུ་འགྱུར་སྲིད། འདི་ནི་དཔེར་ན། བྱིས་པ་གཅེས་ལང་དུ་ཤོར་བ་དང་འདྲ། དོན་དངོས་སུ་དོན་སྙིང་ལྡན་པ་ནི། རང་གིས་སྟེར་ཐུབ་པ་ཞིག་མིན་སྟབས། དེའི་ཕྱིར་འདོད་ཆགས་ཀྱི་བྲན་གཡོག་ཏུ་གྱུར་བ་རེད། དེང་སང་གི་མི་མང་པོ་ཞིག་གིས་སྤུས་དག་རང་ཕན་རིང་ལུགས་ཞེས་པ་ནི་དོན་དངོས་ཐོག རང་དབང་གི་རིམ་པ་ཞིག་ཏུ་ངོས་འཛིན་ཏེ། དེ་ནི་རོལ་རྩེད་རྩེ་བ་དང་འདྲ་མོད་། ཡིན་ནའང་ཁྱོད་ཀྱིས་བརྩོན་ལེན་བྱེད་པ་ནི་སྤྱི་ཚོགས་ཀྱི་མིང་གྲགས་ཆེ་བའི་རྩེད་རའི་རིམ་པ་ཅུང་མཐོ་བའི་རོལ་རྩེད་ཀྱི་སྒྲིག་ལམ་ཞིག་ཡིན་པ་རེད། དེའང་གཡེང་བའི་གནས་སུ་ལྟུང་སླ་བས་ན། དེ་ནི་རང་ཉིད་ཀྱིས་མཉམ་མ་བཞག་པ་ཙམ་ཡིན་ནོ།།
自由的内在是消极的,是否定的否定外界的强制。你的生活即不由外界的强制做主也不由上帝做主,旦之后的就是自己扛起自己的生活。这是很难得。旦排除外界强制之后站不起来,人会成为欲望的奴隶,这就好比孩子惯坏的实施。真实的有意义的不是自己能给出的,所以会沦为欲望的奴隶。很多现在的人所谓的“精致利己主义”,其实是自由的一层,就是跟玩游戏一样,只不过你的追求是社会名利场的一种较为“高段”的游戏规则。但也容易陷入沉沦,只不过自己没注意到。
རོའུ་སའོ་ཡི་སྤྱི་ཚོགས་གན་ཆིངས་སྨྲ་བའི་རྒྱབ་ལོགས་ཀྱི་ཕན་མེད་ཀྱི་རང་དབང་ནས་ཁང་ཏེའི་ཕྱིར་རྟོག་རང་དབང་དང་། དེ་ནས་ཧེ་ཀེར་གྱི་སྤྱི་ཚོགས་རང་དབང་བཅས་ཀྱི་བར་ནི་རྒྱུན་ཆད་མེད་པར་རིམ་འཇུག་བྱེད་པའི་བརྒྱུད་རིམ་ཞིག་རེད།
དགེ་རྒན་གྱིས། ཁང་ཏེ་དང་ཧྥེ་ཞི་ཐེ་གཉིས་ཀྱིས་རང་དབང་ལ་ཕྱིར་རྟོག་བྱེད་པ་ཙམ་ཡིན་ལ། དེ་ཇི་ལྟར་དྲོད་ཁོལ་ངེས་ཅན་འཛོམ་པ་ཅན་ཞིག་ཏུ་གཏོང་རྒྱུ་དེའོ།།
从卢梭的社会契约论背后的消极自由,到康德的反思自由,再到黑格尔的社会自由,是一个不断迭代的过程。
老师说过:“康德、费希特只是在反思自由,如何对其有一定的温暖的解。”
རང་དབང་གི་རྩ་དོན་ནི། ཟང་ཟིང་དང་རང་དབང་རྒྱ་ཡན་དུ་བཏང་བ་ནས་ཁང་ཏེའི་འགྲེལ་བཤད་རྒྱག་པའི་བར་ཡིན་ལ། མི་རྣམས་ཀྱིས་ཀུན་སྤྱོད་སྲུང་འཛིན་དང་། ལག་ལེན་གྱི་རྗེས་དཔག འཚོ་བ་བསྐྱར་དུ་བཅོས་འབྲི་བྱེད་པར་ཟབ་ཞུགས་བྱས། གལ་སྲིད་དཀོན་ཅོག་མེད་མོད་ཀྱང་། འཚོ་བའི་བསྐྱར་འབྲི་ལ་ཧུར་ཐག་གིས་ཞུགས་ཐུབ་ན་ནི་ཕྱིར་རྟོག་རང་དབང་ཡིན་པ་དང་། ཧེ་ཀེར་གྱིས་འདི་ཉིད་རྨང་གཞི་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་དང་། ཁྲིམས་སྐྱོང་། ལམ་ལུགས་སོགས་གཞི་རིམ་གྱི་འཆར་འགོད་སྟེང་ནས་རྒྱ་ཡན་དུ་གཏོང་བའི་རང་དབང་ལ་ལྟ་རྟོག་བྱེད། དེ་ནི་རང་དབང་གི་རྩ་དོན་བདེ་བར་འཁོད་པའི་བརྒྱུད་རིམ་དུ་ཞུགས་པར་མ་ཟད། མུ་མཐུད་ནས་དེའི་ནང་དུ་ཞུགས་དགོས་ཤིང་། རང་དབང་གི་རྙོག་འཛིང་ཆེ་བའི་འཕེལ་རིམ་ལ་ལྟ་རྟོག་བྱེད་པའི་ཁྲོད། འདི་ནི་ཧེ་ཀེར་གྱི་སྤྱི་ཚོགས་རང་དབང་ཞེས་པའི་མཐར་ཐུག་གི་འགྲེལ་བཤད་དེ་ཡིན་ལ། འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པའི་རྩ་དོན་ཞིག་ཀྱང་རེད།
自由原则,也从混乱自由放任到康德的解释,人在守住道德,实践理性,参与对生活的改写,即使没有上帝也能积极参与生活改写就是反思自由,而黑格尔在此基础上,从社会经济、法治、制度,等基层设计上看护住放任的自由。它参与了让自由原则安放的过程,而且要不断的参与进,看护“自由”的复杂的进程当中这就是黑格尔“社会自由”的最终解释。也是德国古典哲学的原则。
སྐབས་འདིར་ཐོན་དུས། ང་ཚོས་རྨང་གཞི་རང་བཞིན་གྱི་གནད་དོན་ཞིག་ལ་གོ་བ་ལེན་དགོས་ཏེ། དེ་ནི་སྤྱི་ཚོགས་རང་དབང་ནི་
ཕན་ནུས་མེད་པ་ཞིག་མ་ཡིན་ལ། མི་ཆོས་ཀུན་སྤྱོད་ཀྱི་རིམ་པ་ཁོ་ན་རུ་སྡོད་མི་ནུས་པར། དངོས་ཡོད་འཚོ་བར་སྔར་བས་ཟབ་ཞུགས་
བྱས་ཤིང་། མི་སོ་སོའི་ལ་རྒྱ་ཁས་ལེན་པའི་རྨང་གཞིའི་གནས་ཚད་ཀྱི་སྟེང་ནས། མི་དང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་འཚོ་བ་ཁས་ལེན་དགོས་པ་ལས། ཕན་ཚུན་བར་གདོང་གཏུག་དང་འགལ་བ་རྣོ་ངར་ཅན་མ་ཡིན་པར། མིའི་རང་སྣང་གི་བྱ་སྤྱོད་ཁས་ལེན་པའི་རྨང་གཞིའི་ཐོག ཇི་ལྟར་བྱས་ནས་དེ་དང་རྙོག་འཛིང་ཆེ་བའི་དངོས་ཡོད་ཀྱི་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་ཡོང་བ་བྱ་དགོས། འདི་ནི་ཧེ་ཀེར་ཏེ། ཧེ་ཀེར་གྱིས་འགྲེལ་བརྗོད་གནང་བའི་སྤྱི་ཚོགས་ཀྱི་རང་དབང་རེད།
至此我们要理解一个基础性的问题,那就是,社会自由并不是消极的,也不能只停摆于伦理道德层面。而是应该更加深入实际生活,在承认每个人的尊严的基础定位之上,承认人与复杂的社会生活,不再相互冲突与紧张,承认人的主观行为的基础上,如何让它与复杂的现实社会相和谐!这就是黑格尔才是黑格尔阐释的社会自由。
སྤྱི་ཚོགས་ཀྱི་རང་དབང་ཞེས་པ་ནི་རྩོད་སྒྲུབ་ཀྱི་ཕན་མེད་རང་དབང་གི་རྨང་གཞིའི་ཐོག དགེ་མཚན་ལྡན་པའི་རང་དབང་ཆ་ཚང་ཞིག་འཛུགས་རྒྱུ་དེ་ཡིན་པ་རེད། སྤྱི་ཚོགས་ཀྱི་རང་དབང་ནི་གཟེབ་ཅིག་ཁས་མ་བླངས་པ་དེ་མ་ཡིན་པར། རང་སྣང་གི་འདོད་བློ་དང་མཐུན་པའི་འཇིག་རྟེན་ཞིག་འཛུགས་རྒྱུ་དེ་ཡིན། དེ་ནི་free to doཡིན་པ་ལས་free to fromམ་རེད་།
ངའི་གོ་རྟོགས་ཀྱི་ཁྱབ་ཁོངས་སུ། དགེ་རྒན་གྱི་སློབ་ཁྲིད་ཟིན་བྲིས་སྟེང་རང་གི་ཤེས་རྟོགས་ཕྲ་ལ་ཕྲན་བུ་ཡོད་དོ་ཅོག་དེ་རིང་མཉམ་སྤྱོད་བྱས་པ་འདི་ནས་མཚམས་འཇོག འཇར་མན་གྱི་ཡི་གེ་དེ་བས་ཀྱང་ཤེས་ཀྱི་མེད་སྟབས། འདི་ཙམ་ལ་བརྟེན་ནས་ཧེ་ཀེར་ལ་ཡིད་སྨོན་གུས་བཀུར་དང་གུས་འདུད་ཞུ་རྒྱུ་ཡིན་ལ། སློབ་དཔོན་ཆེན་མོ་ཀྲང་ཧྲོང་ལིའི་ཟབ་གསལ་མཁྱེན་དཔྱོད་ཀྱིས་ཡིད་དབང་འཕྲོག་ཅིང་མོས་གུས་བླ་ལྷག་ཏུ་སྐྱེས་བྱུང་། འདིར་ཆད་ལྷག་འཆུག་སྐྱོན་ཅི་རིགས་ཡོད་ངེས་པར་ཡོ་བསྲང་ལེགས་བཅོས་གནང་བར་ཐུགས་རྗེ་ཆེ་ཞུའོ།།
社会自由是在辩证消极自由的基础上,建立一套积极自由。社会自由不是否定一个牢笼,而是建构一个与主观意志相符的世界。是“free to do!不是free to from”
在我有限的理解范围之内,以老师的课堂笔记加之自己浅薄的认知今天的分享就此为止吧。更不懂德文,谨以此聊以对黑格尔的崇敬和仰慕。也是对张双利教授博学的折仰。不妥谬误之处望斧正为谢。