ཕོ་ལོ་ཉི་ཤུ།
བྱ་རྒོད་ཀྱི་སུག་པ་ཡིན་ཟེར།
དེ་ལ་ལོ་ཟླའི་རམ་འདེགས་ཡོད་ཟེར།
ཕོ་ལོ་སུམ་ཅུ།
ཁྲག་གི་ལྒང་བུ་ཡིན་ཟེར།
དེ་ལ་སྡིག་སྲིན་ལས་རང་གཤིས་རྩུབ་ཟེར།
ཕོ་ལོ་བཞི་ཅུ།
དབྱར་ལྗོངས་ཀྱི་མཚོ་ཁུག་ཡིན་ཟེར།
དེ་ལ་འཚོ་བའི་བྱ་ཁྱུ་འཁོར་བའི་རྟེན་འབྲེལ་ཡོད་ཟེར།
ཕོ་ལོ་ལྔ་ཅུ།
འཇིག་རྟེན་གྱི་མེ་ལོང་ཡིན་ཟེར།
དེ་ལ་སྐྱིད་སྡུག་གང་གི་གཟུགས་བརྙན་མང་ཟེར།
ཕོ་ལོ་དྲུག་ཅུ།
ལྕགས་ཕོར་གྱི་ཕྱི་ནང་ཡིན་ཟེར།
དེ་ལ་གཡའ་ཆགས་པའི་དྲེག་པ་ཆེ་ཟེར།
ཕོ་ལོ་བདུན་ཅུ།
གཉེར་གྱོང་གི་ཀོ་བ་ཡིན་ཟེར།
དེ་ལ་བྱ་རྒོད་འཕུར་ཤུལ་གྱི་རྨི་ལམ་མང་ཟེར།
ཕོ་ལོ་བརྒྱ་བཅུ།
རི་ཕུག་གི་གངས་རྒན་ཡིན་ཟེར།
དེ་ལ་ཞི་བར་གནས་ཀྱང་བདེ་བ་མི་རྙེད་ཟེར།
མི་ཚེ་ཧྲིལ་བོ།
ལེགས་ན་གླང་ཆེན་གྱི་སྟོབས་ཤུགས།
ཉེས་ན་གྲོག་མའི་མིག་འབྲས་ཙམ་དུ་་་་
བགྲེས་ཕོ་མགོ་དཀར་ཞིག་ལ་གྱ་སྟོན་དུ་བྲིས།2023/12 /23