པར་འདི་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ་བཅུ་བདུན་གྱི་སྟེང་ཁམས་ཀྱི་འདན་མའི་ཡུལ་དུ་བྱོན་ནས་བླ་མ་སེ་བཙུན་གྱི་སྐུ་མདུན་ནས་སློབ་གཉེར་གནང་། འདི་ནི་བླ་མ་སེ་བཙུན་གྱི་སྐུ་མདུན་ནས་སློབ་གཉེར་གནང་སྐབས་ཀྱི་འདྲ་སྐུ་སྟེ། ཕྱག་གིས་རྩམ་པ་འཐག་པ་དང་། ཞབས་ཀྱིས་ཀོ་བ་མཉེད་པ། རྒྱབ་ལ་འོ་མ་དཀྲོག་པ། སྤྱན་གྱིས་དཔེ་ཆ་གཟིགས་པ་སོགས་བསམ་ཡུལ་ལས་འདས་པའི་སློབ་སྦྱོང་ལ་བརྩོན་འགྲུས་དང་། བླ་མའི་ཞབས་ཏོག་སྒྲུབ་པའི་རྣམ་པ་ཡིན་སྐད།
(གཞན་ལས་བཤུས།)