ཧའེ་ཙི།
རྩོམ་པ་པོ་ཧའེ་ཙི(海子)ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་བར་རྒྱ་ནག་ཡུལ་གྱི་དེབ་རབས་སྙན་ངག་པའི་གཙུག་རྒྱན་དུ་གྱུར་ཅིང་། ད་ལྟའི་བར་དུ་ཁོང་འདྲ་བ་མེད་ཟེར་ནས་གདིང་འཇོ་གནང་མཁན་ཤིན་ཏུ་མང་། ཁོང་གིས་བྲིས་པའི་སྙན་ཐུང《སྤྲིན་པ》འདི་ནི་སྐབས་དེ་དུས་ཁོང་གི་ཡིད་ངོགས་སུ་འཆར་བའི་བོད་ལྗོངས་གསོན་པོ་ཞིག་ཡིན་པས་དོན་འདི་བོད་མི་ཡོངས་ཀྱིས་གོ་བར་མཛོད།
《 སྤྲིན་པ། 》
རྩོམ་པ་པོ། ཧའེ་ཙི།
སྒྱུར་པ་པོ། མེ་ཞགས།
བོད་ལྗོངས་ཀྱི་གྲོང་ཚོ།
ངོ་མཚར་གྱི་གྲོང་ཚོ།
ཡིད་སྐྱོ་བའི་གྲོང་ཚོ།
ཁྱོད་ལམ་ནང་དུ་ཉལ་དུས།
ཁྱོད་ཀྱི་རུས་ལིས་མིན་ལ་ཝང་ཡང་མིན།
ཁྱོད་ཀྱི་མག་པ་དེ།
སྤྲོ་ཐུང་ཞིག་ཡིན་ནམ།
ངོ་མཚར་བའི་གྲོང་ཚོ།
སེམས་སྐྱོ་བའི་གྲོང་ཚོ།
ཁྱོད་ལ་བྱིས་པ་དུ་སྐྱེས་སོང་།
བུ་མོ་ག་ཚོ་ཐག་རིང་དུ་མནའ་མར་བུད་སོང་།
ངོ་མཚར་བའི་གྲོང་ཚོ།
སྡུག་བསྔལ་བའི་གྲོང་ཚོ།
དར་ལྕོག་གཡུགས་པའི་སྒྲ་གྲག་ཚེ།
ཁྱོད་ནི་འཚོ་སྡོད་བྱེད་པའི་མི་མེད་ཀྱི་གྲོང་ཚོ་དང་ཀུན་ནས་མཚུངས།
དཀར་སེར་དམར་ལྗང་གི་དར་ལྕོག་རྨས་སྐྱོན་ཤོར་བའི་ངའི་སྐྲ་ལོ་བཞིན་རླུང་འགྲོས་དང་ལྷན་དུ་སྐྱོད་དུས།
ཁྱོད་ནི་འཚོ་སྡོད་བྱེད་པའི་མི་མེད་ཀྱི་གྲོང་ཚོ་དང་ཀུན་ནས་མཚུངས།
བོད་པ་རྣམས་ཁང་འོག་ཏུ་གཉིད་ལ་ཡུར་དུས།
ཁྱོད་ནི་འཚོ་སྡོད་བྱེད་པའི་མི་མེད་ཀྱི་གྲོང་ཚོ་དང་ཀུན་ནས་མཚུངས།
ཉེ་འཁོར་གྱི་གྱང་ངོས་སུ་སྙིང་རྗེ་ཅན་གྱི་ལྷ་རིས་བྲིས་པ་བཞིན།
ཁྱོད་ནི་འཚོ་སྡོད་བྱེད་པའི་མི་མེད་ཀྱི་གྲོང་ཚོ་དང་ཀུན་ནས་མཚུངས།
༡༩༨༦ལོའི་ཟླ༡༢པའི་ཚེས༡༥ཉིན་བྲིས།
༢༠༡༡ལོའི་ཟླ༩པའི་ཚེས༢༣ཉིན་བསྒྱུར།
云朵》
_____ 海子
西藏村庄
神秘的村庄
忧伤的村庄
你躺倒在路上
你不姓李也不姓王
你嫁给的男人
脾气怎么样
神秘的村庄
忧伤的村庄
你生了几个儿子
有哪些闺女已嫁到远方
神秘的村庄
忧伤的村庄
当经幡吹响
你多像无人居住的村庄
当经幡五颜六色如我受伤的头发迎风飘扬
你多像无人居住的村庄
当藏族老乡亲在屋顶下酣睡
你多像无人居住的村庄
像周围的土墙画满慈祥的佛像
你多像无人居住的村庄
1986.12.15
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།