ལས་ཐུག་ལམ་ཐུག་གི་མི།

文摘   2025-01-30 08:58   西藏  
གཡག་རྭ།



 AZMRG

ལས་ཀྱི་གམ་ཁར་དོད་ཚུལ་ཞིག་གི་ཁྱོད་དང་འུ་གཉིས་ཆ་ཡོད་ཞིག།
སེམས་ཀྱི་སྣང་བ་འཁོར་སྟངས་ཞིག་གི་ཁྱོད་དང་འུ་གཉིས་འདང་ཅན་ཞིག།
ཤ་དང་རུས་པའི་ཁ་དོག་མཐིལ་དུ་ཁྱོད་ཀྱི་མཛེས་པ་མཐའ་དག་བཞད།།
ཁྱོད་རང་ཟེར་ན་ང་ལ་མཚོན་ན་གལ་ཆེན་ནང་གི་གཙེས་ཆེན་ཞིག།

ལྷོད་ཅིང་འཇམ་པའི་མཚན་མོ་དེ་དག་མི་ཚེ་ཧྲིལ་བོ་ཡིན་ན་བསམ།།
ཁྱོད་ཀྱི་ཟུར་དུ་གཅར་བའི་དུས་ཚོད་ནམ་ཡང་ཟད་རྒྱུ་མེད་ན་དྲན།།
འཇམ་ཤ་ཅན་གྱི་ཁུར་ཚོས་ངོས་ལ་རྟག་ཏུ་འོ་ཞིག་བསྐྱལ་ན་སྙམ།།
མཛེས་སྡུག་ཅན་གྱི་ལང་ཚོའི་མཚར་ལ་ནམ་ཡང་དམ་ཏུ་འཁྱུད་ན་འདོད།།

གཅེས་པའི་སྙིང་གཏམ་ཡིད་ཀྱི་དྲན་པ་ཁྱོད་ལ་ནན་གྱིས་བརྗོད་ལ་བྲེལ།།
སྙིང་གི་དམ་བཅའ་མི་འགྱུར་མནའ་ཚིག་ཡང་ནས་ཡང་དུ་འཇོག་ན་བསམ།།
མིག་ཆུ་རྡོག་གཅིག་ཁྱོད་ཀྱི་སྔས་མགོ་ཟགས་པ་བརྩེ་བའི་བདེན་དཔུང་ཡིན།།
ཁྱོད་རང་ཡན་གི་དགའ་སའི་མི་ཞིག་མེད་པ་བདེན་པའི་ར་སྤྲོད་ཡིན།།

སྐད་ཆ་འགའ་ཞིག་ཁྱོད་ལ་བརྗོད་པ་མ་བརྗེད་སེམས་སུ་འཛིན་རོགས་གནང་།།
དོན་དག་སྐོར་ཞིག་ཁྱོད་ལ་གླེང་པ་ང་ལ་ཡིད་ཆེས་གནང་རོགས་གྱིས།།
ནམ་ཞིག་ལམ་གྱི་ཁུག་མཚམས་ཞིག་ནས་འུད་གཉིས་མཉམ་ཏུ་གནས་ཐབས་ཡོད།།
ཁྱོད་ཀྱི་དཔུང་དུ་མགོ་བོ་སྔས་སྟེ་མི་ཚེའི་སྐྱིད་སྡུག་ལྷན་དུ་བརྒལ།།


柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章