རྟོག་བཟོའི་རྩོམ་ཡིག
༡
མཐོ་འབྲིང་སྐབས་སུ
ང་ཆེས་དགའ་བའི་གཞས་མ་དབྱངས་མཚོའི་གཞས་ཉན་རྒྱུ་ལ་ཧ་ཅང་དགའ
སྐབས་དེར་ངས་རྟག་པར་རྣ་གཞུག་བརྒྱུད་ནས
དབྱངས་མཚོའི་གཞས་ལྐོག་ཉན་བྱེད་ཀྱིན་ཡོད
གཞས་མ་དབྱངས་མཚོ་ནི་བོད་ཀྱི་བུ་མོ་ཞིག་ཡིན
ཁོ་མོ་སློབ་ཆེན་མཐར་ཕྱིན་རྗེས།
སླར་ཡང་གླུ་གཞས་རོལ་དབྱངས་ཆེད་སྦྱོང་སློབ་གྲྭར་ཞུགས་ཏེ
གླུ་གཞས་འགྲན་ཚོགས་གང་མང་ཞིག་ནས
རིམ་པ་དང་པོའི་དགའ་རྟགས་དང་བྱ་དགའ་གང་མང་རག་མྱོངས
རེད ཉིན་དེ་ནས་བཟུང ཁོ་མོ་ནི་ནམ་མཁའི་སྐར་མ་འདྲ
མཐོང་སར་ཡོད་ཀྱང རེག་ཐུབ་ས་ན་མི་འདུག
༢
ངས་རྩིས་འཕྲུལ་གྱི་ཤེལ་ཡོལ་དང
ཁ་པར་གྱི་འཆར་ཤེལ་སོགས་དབྱངས་མཚོའི་པར་རེ་བཞག་ཡོད
ཁ་པར་གྱི་དྲིལ་བརྡ་ལའང་དབྱངས་མཚོའི་གཞས་ཤིག་བཞག་ཡོད
མལ་སའི་ཁང་པའི་ངོས་ལ་དབྱངས་མཚོའི་པར་འགའ་བསྟུད་མར་སྦྱར་ཡོད
སློབ་དེབ་ཀྱི་རྒྱབ་ངོས་དང་མདུན་ཤོག་ཏུ་དབྱངས་མཚོའི་པར་ཆུང་རེ་སྦས་ཡོད
རྒྱུས་མེད་ཅིག་གིས་ཧོབ་ཀྱིས་བལྟས་ཚེ
དབྱངས་མཚོའི་ཉལ་ཁང་མིན་ནམ་སྙམ་པ་ཞིག་བཟོས་ཡོད
༣
དབྱངས་མཚོ་དེའི་དགུང་གཞུང
ཞྭ་མོ་ཉི་ཞུ་ནག་པོ་ཞིག་གྱོན
དམར་སེར་གྱི་སྐྲ་ལོ་ཞྭ་མོའི་འོག་ནས་འཕྱང་ཡོད
རིང་མ་ཐུང་གི་ཉི་ཤམ་དམར་དཀར་དེའི་ཐོག་ན
ཚད་གཞི་རན་པའི་གླང་རྫིའི་སྟོད་ཐུང་ཞིག་གྱོན་ཡོད་པས
ཕྲ་སྦོམ་ཆ་སྙོམས་པའི་གཟུགས་བྱད་དང
དཀར་ལ་མདངས་གསལ་བའི་བཞིན་རས
པད་མའི་མེ་ཏོག་ལས་དམར་བའི་མཆུ་སྒྲོས་སོགས
ཆེད་དུ་ངོམ་འཕྱར་བྱེད་པ་དང་ཧ་ཅང་འདྲ
རྒྱ་ནག་ལ་ཞོགས་སོང
༤
རེད
རྒྱ་ནག་ལ་ཡོད་པའི་གྲོགས་པོ་ཞིག་གིས
ང་ལ་སྐད་འཕྲིན་གྱི་མིང་བྱང་ཞིག་ཁོ་ན་བསྐུར་ནས
སུ་ཡིན་མིན་འགྲེལ་བཤད་ཅི་ཡང་བྱས་མ་སོང
ང་རང་ཐེ་ཚོམ་གྱི་རྒྱ་རུ་ལྷུང་ཡང
དེ་དང་འབྲེལ་བ་ཡུན་རིང་བྱས་ཡིན
༥
མཐོ་འབྲིང་སྐབས་སུ
ང་ཚོའི་འཛིན་གྲྭར་གཟུགས་བྱད་ལང་ཚོ་རྒྱས་པའི་་བུ་མོ་དེ་འདྲ་མང་པོ་ཡོད
བུ་མོ་དེ་དག་སྤྱིར་བཏང་ཙམ་མ་རེད
དབྱར་གྱི་མེ་ཏོག་འདྲ་ལང་ཚོ་ཡིད་དུ་འོང་བ
དཔྱིད་ཀྱི་ཁུ་བྱུག་བཞིན་སྙན་པའི་ངག་དང་ལྡན་པ
མ་ཕམ་གཡུ་མཚོ་ལྟར་གཤིས་ཀ་ལྷོད་ཅིང་འཇམ་པ་ཏག་ཏག་ཡིན
རེད་དེ་ངའི་སེམས་ལ
དབྱངས་མཚོའི་མཛུབ་མོ་གཅིག་གི་དོ་ཟླར་མི་ཡོང་བ་ཞིག་རེད
༦
ཉིན་ཞིག་གི་ཉིན་གུང་ཆར་པ་འབབ་ཀྱིན་འདུག
ངས་ཆར་གཡོལ་བྱས་ཏེ་ཉི་མ་འཆར་བར་སྒུག་ཡོད་དུས།
གློ་རྡེག་ཏུ
དབྱངས་མཚོ་གྲོགས་པོ་དང་མཉམ་དུ་འཚིག་ཇ་ཁང་ནས་ཐོན་ཏེ
ཐད་ཀར་རླངས་འཁོར་གྱི་ཕྱོགས་སུ་འགྲོ་བཞིན་འདུག
ཁོ་མོ་འགྲོ་སའི་རླངས་འཁོར་ནི
ཕེབ་ཁྲི་རྟགས་ཅན་གྱི་རླངས་འཁོར་དེ་འདྲ་ཞིག་རེད
ཁོ་མོས་སྟབས་མ་གཟབ་པ་ཞིག་ལ
རྡོ་ཕ་ལབ་ཀྱི་རྣ་རྒྱན་དེ་ཐང་ལ་ལྷུངས་སོང
ངས་སྐད་གསང་མཐོ་པོས་འབོད་ན་འདོད་ཀྱང
ངོ་གནོང་ནས་ཚིག་འབྲུ་གཅིག་ཀྱང་ཁ་ནས་ཐར་ཐབས་མ་བྱུང
ཐད་ཀར་རྣ་རྒྱན་དེ་འཁྱེར་ནས་དབྱངས་མཚོའི་གམ་དུ་སོང་བ་ཡིན
ཁོ་མོས་ང་མཐོང་མ་ཐག་ངོ་ཚ་བའི་ཟོལ་གྱིས
ཁ་ཕྱིར་བསྐོར་སོང
རྣ་རྒྱན་དེ་ཁོ་མོའི་གྲོགས་པོ་ཞིག་གི་ལག་ཏུ་སྤྲད་ཡོད
༧
སྐབས་དེར་ངའི་སེམས་ལ་ཡ་མཚན་གྱི་ཚོར་བ་ཞིག་སྐྱེས་བྱུང
རྐྱེན་ངན་པ་དགེ་བའི་སྐུལ་མ་ཟེར་བ་འདྲ
དེ་རིང་ཁོ་མོའི་རྣ་རྒྱན་ངའི་མདུན་སར་ལྷུངས་སོང
ང་དང་ཁོ་མོར་ལས་འཕྲོ་ཞིག་ཡོད་འགྲོ་སྙམ
ཧུ་ཧུ་ཧུ དེ་ག་ན་ཡིན་སྲིད
ཁོ་མོ་ནི་གྲགས་ཆེ་བའི་གཞས་མ་ཞིག་ཡིན
ང་ནི་སློབ་གཉེར་བ་ཕལ་པ་ཞིག་རེད་སྙམ་ནས
སེམས་ཤུགས་རིམ་བཞིན་འཇགས་སོང
ཐོག་མའི་བསམ་འདུན་རྒོད་པོ་དེའང་རིམ་བཞིན་ཉམས་ཤིང
མག་མོག་ལས་མག་མོག་ཏུ་གྱུར་ནས
རྒྱང་གིས་བསྐྱེད་སོང་བ་འདྲ
༨
རེད་ད་དུང
མཐོ་འབྲིང་སྐབས་སུ་ངས་སྙན་ངག་མང་པོ་ཞིག་བྲིས་མྱོངས།
དེ་དག་འདིར་བཀོད་ཡོད་གཟིགས་ཙམ་གནོངས་དང
«ད་ནི་ན་ཚོད་ཀྱི་དཔྱིད་ཀ་སླེབས་སོང
ཁྱེད་ནི་རྩྭ་ལྡུམ་དང་མེ་ཏོག་ལ་སྤྲུལ་ནས
ང་ཡི་འཇིག་རྟེན་ཡོངས་སུ་མཛེས་སྡུག་གིས་སྨིན་པར་བྱས
ང་ཡིས། ངལ་དུབ་དང་སུན་སྣང་མཐའ་དག་ཕོགས་ཏེ
སྲིན་བུ་ཕྱེ་མ་ལེབ་དང་འདྲ་བར
ཁྱེད་ཀྱི་མཛེས་སྡུག་གི་ལྡིང་ཁང་རེ་རེ་མྱུལ
དྲི་བསུང་དང་ཟུལ་དངར་ཡང་ཡང་རོལ་བ་ཡིན
༩
དབྱངས་མཚོ
མག་མོག་གི་ནུབ་ཁའི་ཉི་མ
རྒྱང་རིང་གནམ་སའི་འདུས་མདོ་ནས
དལ་བ་དལ་བུར་བཞུད་རྗེས
མིག་ཆུ་ཐིགས་པ་གཅིག
གདོང་ཐོག་ནས་ས་རུ་ལྷུང་མགོ་རྩོམ
ཀྱེ་མ། འཇིག་རྟེན་ཚང་མ་འདི་བཞུད་སོང་ནའང
དབྱངས་མཚོ་ཁྱེདགཅིག་པུ་གསོན་དགོས་ཅེས་སྨོན་ལམ་བཏབ
༡༠
དབྱངས་མཚོ
དཔྱིད་འགོའི་མེ་ཏོག་གི་མཚར་སྡུག་རེ་རེ་བཏུས་ཏེ
ཁྱེད་ཀྱི་ལང་ཚོའི་མཛེས་པ་ཆ་ཤས་བྱས
པི་ཝང་གི་རྒྱུད་སྐུད་རེ་རེ་བླངས་ཏེ
ཁྱེད་ཀྱི་མགྲིན་པའི་དབྱངས་རྟ་ཆ་ཤས་བྱས
གཙང་ཆབ་སྔོན་མོའི་བཞུར་རྒྱུན་རེ་རེ་དྲངས་ཏེ
ཁྱེད་ཀྱི་ཐུགས་བརྩེའི་ཡལ་ག་རེ་རེ་བྱས
མདོར་ན་ཁྱེད་ཡོངས་སུ་བཞེངས་ཚར་རྗེས
ང་ལ་དབང་ངམ དོགས་ཟོན་ཡོང་ངེས་རེད
༡༡
དབྱངས་མཚོ
ད་ནི་དགུན་ཟླ་སླེབས་སོང
ཁ་བས་རི་ཐང་ལུང་གསུམ་ཡོངས་སུ་བདག་ཏུ་བཟུང
ཁ་བའི་ངོས་སུ་ངས་གཟུགས་བརྙན་ཞིག་བྲིས་པ་ཡིན
ཁྱེད་དང་འདྲ་བའི་བུ་མོ་ཞིག་བྲིས་པ་ཡིན།
བུ་མོ་དེའི་སྐྲ་ལོ་བྲིས ངོ་གདོང་བྲིས མིག་ཟུང་བྲིས
སེམས་པ་ཇི་ལྟར་འབྲི་དགོས་སྙམ་དུས
གློ་བུར་དུ་ཁ་བ་བུ་ཡུག་འཚུབ་མ་ཞིག་གང་ནས་ཡོང་བ་མི་གསལ
ངའི་ལུས་སེམས་ལ་ཤེད་ཀྱིས་འཛུལ་ཡོང་ནས
ང་ལ་ཁྱད་གསོད་བྱེད་འོང
བྲིས་པའི་གཟུགས་བརྙན་ཡང་བསུབས་ཟིན
ཅི་བྱ་གཏོལ་བྲལ་དུ་ལུས་པའི་ངས
ལག་ཆུང་རུམ་དུ་བཅུག་ནས
ཨུ་ཚུགས་ཀྱིས་དཔྱིད་ཟླ་འཆར་བར་རེ་སྒུག་བྱས
༡༢
དབྱངས་མཚོ
དོ་དགོང་མཚན་མོར་ཟླ་དཀར་མི་འདུག
སྐར་ཚོགས་ཀྱང་མི་འདུག
གཙང་པོ་ལས་གཏིང་ཟབ་པའི་མུན་པ་ལས་ཅི་ཡང་མི་འདུག
ངས་ཁྱེད་ཀྱི་སྤྱན་ཟུང་ཟླ་བ་བྱས་ཏེ་ནམ་མཁར་སྤར
འོད་མདངས་ལ་འཁྲེང་བའི་སེམས་པ
མུན་པས་གཞོམ་མི་ཐུབ་པའི་སྒྲོམ་བུ་ཞིག་བཟོས་ཏེ
ཁ་རོག་གེར་ལྷིང་འཇགས་ཁོ་ན་རོལ་དུ་འཇུག་པ་ཡིན
༡༣
རང་དབང་གིས་དེབ་ཅིག་ཀློག་ཞོར།
གཙང་པོའི་འགྲམ་དུ་ཙོག་པུར།
རྒྱང་རིང་གི་ཉི་ནུབ་ལ་ཁ་གཏད་དེ།
དུ་བ་རྐང་གཅིག་བརྔུབས།
སླར་ཡང་དུ་བ་རྐང་གཅིག་བརྔུབས་ཏེ།
བརྔུབ་འཕྲོ་རྡོག་འོག་ལ་མར་མནན་ནས།
ཡུལ་ལ་ལོག་སྙམ་པའི་སྐད་ཅིག་མར།
ཆར་སྤྲིན་ཞིག་ཇེ་དམར་སོང་ནས།
རླུང་བུ་ཤེད་ཀྱིས་ལྡང་བྱུང་།
དེ་མ་ཐག་གློག་དམར་འཁྱུག་ཅིང་འབྲུག་གྲགས།
དྲག་ཆར་ཡུན་རིང་བབ་པ་ན།
གློག་རྡེག་ཏུ་ངའི་འཁྲིས་སུ་དབྱངས་མཚོས
ཆར་གདུགས་ཤིག་འཁྱེར་ནས་འབྱོར་བྱུང
ངའི་སེམས་ཀྱིས་འོ་ཡང་ཡང་བྱས་པ་ཡིན
ཚོད་ཚོད་བ་ཕལ་ཆེར་འཁྲུལ་སོང་བ་འདྲ»
༡༤
ད་གཟོད་གྲོགས་པོས་བསྐུར་བའི་མིང་བྱང་དེའི་བརྒྱུད་ནས
བུ་མོ་དེ་དང་ངེད་གཉིས་འབྲེལ་བ་དམ་ཟབ་ཆགས་སོང
ངེད་གཉིས་མཉམ་དུ་ཞི་བདེའི་དཔའ་བོ་ཟེར་བའི་རྩེད་ཆས་དེ་རྩེད་ཀྱི་ཡོད
ང་དང་བསྡུར་ན་ཁོ་མོ་ལག་རྩལ་དེ་ཙམ་བཟང་རྒྱུ་མེད་ནའང
མཉམ་དུ་རྩེད་རྒྱུ་ལ་ཤིན་ཏུ་དགའ་གོམས་སུ་གྱུར་ཡོད
༡༥
ང་དང་ཉལ་གྲོགས་ཚོས
རྩིས་འཕྲུལ་དུ་ཞི་བདེའི་དཔའ་བོ་ཟེར་བའི་རྩེད་ཆས་དེ་ཕབ་ལེན་བྱས་ཏེ
དགོང་མོར་སློབ་ཚན་གྲོལ་བ་དང་ཞི་བདེའི་དཔའ་བོ་རྩེད་ཀྱི་ཡོད
ཉལ་རོགས་ཚོས་ངའི་ལག་རྩལ་ལ་ཤིན་ཏུ་བསྟོད་བསྔགས་བྱེད་ཀྱིན་ཡོད
རྒྱུ་མཚན་ནི་ཁོ་ཚོས་ཀྱང་ང་དང་མཉམ་དུ་ཞི་བདེའི་དཔའ་བོ་རྩེད་རྒྱུ་ལ་སྒུག་ཡོད་སྲིད
༡༦
གྲོགས་པོས་བསྐུར་བའི་མིང་བྱང་དེའི་བདག་པོས།
གྲོགས་ཚོམས་ལ་པར་རིས་ཅི་ཡང་བཀོད་མེད་པས
ཁོ་མོའི་བཟོ་ལྟ་ད་དུང་མཐོང་མ་སོང
རེད་དེ་ཁོ་མོའི་སྐད་གདངས་དབྱངས་མཚོའི་སྐད་དང་ཧ་ཅང་འདྲ་ཆེ
ངའི་སེམས་སུ་བག་ཆགས་ཟམ་མོ་ཞིག་བཞག་སོང
༡༩
ཉིན་ཞིག་ང་ལྷ་ས་ནས་ཁྲིའུ་ཏུའུ་ལ
མགྲོན་སྐྱེལ་གནམ་གྲུར་བསྡད་ནས་འཕུར་འགོ་རྩོམ་དུས
མིང་བྱང་དེའི་ཐོག་ལ་ཡི་གེ་ཞིག་བྲིས་ནས་བཏང་བ་ཡིན
ཁོ་མོས་ཀྱང་ང་ད་གནམ་གྲུར་བསྡད་ཡོད་ཕལ་ཆེར་ད་བརྡ་རྟགས་མེད་ཟེར
རེད། གནམ་གྲུར་བསྡད་ཚར་ན་ཁ་པར་སྒོ་རྒྱག་དགོས་རེད
༢༠
ཁྲིའུ་ཏུའུ་གནམ་ཐང་ལ་འབྱོར་དུས
དབྱངས་མཚོ་གནམ་གྲུ་ལས་ཐོན་བྱུང
རོགས་པ་གྲོགས་མོ་རེ་གཉིས་ལས་མེད་པས
ཐད་ཀར་དབྱངས་མཚོའི་གམ་དུ་སོང་ནས
མཉམ་པར་ཞིག་བླངས་ན་ཆོག་གམ་ལབ་པ་ཡིན
དབྱངས་མཚོས་གློ་བུར་དུ་ངའི་སྐད་གདངས་དེ་སེམས་ལ་འཁོར་ཡོད་པ་འདྲ
སྨྲ་བ་ཅི་ཡང་མེད་ཡུན་རིང་དུ་ལྷག་སོང
གློ་བུར་གཉིད་སད་པ་ལྟར་སད་ནས།
རེད་རེད ཆོག་གི་ཟེར
༢༡
དྲང་པོར་བཤད་ན་པར་དེ་ངོ་མི་ཤེས་པའི་སྐད་འཕྲིན་ནང་གི་བུ་མོ་དེར་བསྐུར་བསམ
གྲོགས་པོས་བསྐུར་བའི་མིང་བྱང་དེའི་ཐོག་ལ་པར་དེ་བསྐུར་རྗེས
ཉིན་ཞག་གཉིས་གསུམ་ལ་སྐད་ཆ་ཅི་ཡང་བཤད་མ་བྱུང
ཚོད་ཚོད་ལ་ང་སུ་ཡིན་པ་ཤེས་སོང་བ་འདྲ
བསམ་ཡུལ་ལས་འདས་པ་ཞིག་ལ
སྐད་འཕྲིན་དེ་དབྱངས་མཚོའི་རེད་འདུག
དབྱངས་མཚོའི་སེམས་ནང་ལ་ངས་ཀྱང་བག་ཆགས་ཟམ་མོ་ཞིག་བཞག་ཡོད་པ་འདྲ
ཉིན་དེ་ནས་བཟུང་ང་སྤོབས་པ་ཆེ་སོང
༢༢
དབྱངས་མཚོ་དང་བསྡུར་ན་ང་ནི་ཤིན་ཏུ་དབུལ་པོ་ཞིག་ཡིན་མོད
ང་དང་བསྡུར་ན་དབྱངས་མཚོ་ནི་ནམ་མཁའི་ལྷ་མོ་ཞིག་རེད
ཅི་ལ་ངས་དབྱངས་མཚོར་བག་ཆགས་ཟབ་མོ་ཞིག་བཞག་ཐུབ་སོང་བ་རེད
ཨོ་ཏག་ཏག་རེད། རོལ་རྩེད་ཞི་བདེའི་དཔའ་བོ་རྩེད་དུས་ཁོ་མོར་སྲུང་སྐྱོབ་གང་ཐུབ་བྱེད་ཀྱིན་ཡོད
དེ་ནི་རྩེད་མོ་ཞིག་རེད་ལ། དངོས་གནས་ཤིག་ཀྱང་རེད།
ཕན་ཚུན་སྲུང་སྐྱོབ་བྱེད་པ་དེའང་ཕོ་མོའི་བར་དུ་མེད་དུ་མི་རུང་ཟམ་པ་ཡིན་པ་འདྲ།
༢༣
ད་ངས་དབྱངས་མཚོ་ལ་དགའ་རོགས་ཡོད་མེད་ལ་བསམ་མནོ་འཁོར་ཡོང
ཁོ་མོར་དགའ་མཁན་གྲངས་ལས་འདས་པ་ཞིག་ཡོད་མོད
རེ་སྟོང་བྱེད་མཁན་ང་གཅིག་པུ་ཡིན་པ་འདྲ
རེད་ཁོ་མོ་ད་དུང་ཁེར་རྐྱང་ཡིན་པར་ཤོག
༢༤
ངེད་གཉིས་བར་དུ་འཕྲིན་པ་བསྐུར་བ་ཇེ་མང་དུ་གྱུར
ང་ཞེ་སྡང་ཇེ་ཆེར་གྱུར་སོང
རེད་ཁོ་མོ་ནི་གཞས་མ་ཞིག་རེད། སྐར་ཆེན་ཞིག་རེད།
གྲོང་ཁྱེར་གང་མང་དང་མི་སྣ་འདྲ་མིན་དང་འགྲོགས་དགོས
ངས་རྟག་པར་མལ་ས་ནས་གཉིད་མི་ཁུག་པའི་སྡུག་ཡུས་བརྩེགས་ནས
ད་ནི་སློབ་སྦྱོང་བྱེད་མི་འདོད་ལ། ལག་རྩེད་སྤོ་ལོ་རྩེད་ན་ཡང་མི་མོས
རོལ་རྩེད་ཞི་བདེའི་དཔའ་བོ་ཡང་རྩེད་མཚམས་བཅད་ཡོད
ཁོ་མོའི་འཕྲིན་ཡིག་གཅིག་པུར་སྒུག་རྒྱུ་གོམས་གཤིས་སུ་ཆགས་སོང་།
༢༥
ངེད་གཉིས་ཐེངས་གཉིས་པར་འཕྲད་ས་ནི་བོད་ཉི་མ་ལྷ་ས་རེད
སྐབས་དེར་དབྱངས་མཚོས་ལྷམ་རྟིང་ལེབ་ཅིག་དང
ཕྲ་སྦོམ་རན་པའི་དོར་ཤམ
ལྭ་རིང་དཀར་པོ་མདངས་གསལ་བ་ཞིག
ད་དུང་སྐེ་དཀྲིས་དམར་པོ་དང་རྒྱུན་ཞྭ་དཀར་པོ་ཞིག་ཀྱང་གྱོན་ཡོད་པས
དཀར་ཞིང་ཕྲ་བའི་མཛུབ་གུ་དང་ལྷེམ་ལྷེམ་འགུལ་བའི་མིག་ཟུང
ལྡེམ་ཞིང་འཁྱུག་པའི་གཟུགས་བྱད་སོགས
ཅིས་ཀྱང་འཁྱུད་ན་སྙམ་པ་ཞིག་བྱུང
ངས་འཚབ་འཚུབ་ཀྱི་ལས་ཀ་དེ་འདྲ་བྱེད་སྲིད་རྒྱུ་མ་རེད
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།