སེམས་ཁོང་གི་སྒྲོན་མེ། ལེན་མཁན། མཆོག་སྐྱབས།

文摘   2024-05-02 19:38   青海  

སེམས་ཁོང་གི་སྒྲོན་མེ།

     



       ཚིག  སྣང་ཡན། 

       དབྱངས། མཆོག་སྐྱབས།

       ལེན་མཁན། མཆོག་སྐྱབས།



བསླུ་མེད་འགྲོ་བའི་མགོན་པོ།།
ངེས་དོན་ཐེག་རྩེའི་རྣལ་འབྱོར།།
ཡབ་རྗེ་བླ་མའི་ཐུགས་སྲས།།
མཁན་ཆེན་རྡོ་རྗེ་ལྷུན་གྲུབ།།

གསང་ཆེན་བསྟན་པའི་སྒྲོན་མེ།།
མཁས་གྲུབ་སྟོང་གི་ཁྱུ་མཆོག།
མཁས་བཙུན་བཟང་པོའི་རྣམ་ཐར།།
ཡང་ཡང་གཙུག་གིས་མཆོད་དོ།།

འབྲེལ་ཚད་དགེ་ལ་སྦྱོར་བའི།།
མཚུངས་མེད་དྲིན་ཆེན་བླ་མའི།།
མཛད་འཕྲིན་འོད་སྣང་དཀར་པོ།།
སྙན་མོ་གླུ་ཡིས་མཆོད་དོ།།

དད་ལྡན་སློབ་བུའི་མགོན་དུ།།
སྐུ་ཚེ་ཡུན་དུ་བརྟན་ཅིང་།།
མཛད་འཕྲིན་འོད་སྣང་དཀར་པོས།།
ཕྱོགས་དུས་དགེ་བའི་བཀྲ་ཤིས།།


གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章