༼ ཕོ་ལོ་ཉི་ཤུའི་གཏམ་རྒྱུད་༽ཀྱི་དེབ་གསར་འགྲེམ་བརྡ།

文摘   2025-01-18 11:49   西藏  
             དེབ་གསར་འགྲེམ་བརྡ།

ཕོ་ལོ་ཉི་ཤུའི་གཏམ་རྒྱུད། 

པདྨ་རྒྱ་མཚོས་བརྩམས། 



1
རྩོམ་པ་པོའི་སྐད་འཕྲིན།
གལ་ཏེ་ཁྱེད་ཅག་ལ་དཔེ་ཆ་འདི་ཉོ་འདོད་ཡོད་ཚེ་གཤམ་གྱི་འབྲེལ་གནས་འདི་ལ་འབྲེལ་རོགས།


  ཚང་མ་བདེ་མོ།  ང་པདྨ་རྒྱ་མཚོ་ཡིན།   འབྲོག་པའི་འཚོ་བ་དང་ཁ་མ་བྲལ་བའི་མི་ལོ་ལྔ་ལྷག་གི་རིང་ལ།  ངས་ཁོམ་སྐབས་ཙག་ཙིག་དང་བསྟུན་ཏེ་བྲིས་པའི་ང་རང་ཉིད་ཀྱི་མི་ཚེ་འདིའི་ཆེས་ཐོག་མའི་སྒེར་དེབ་གསར་བ་ཕོ་ལོ་ཉི་ཤུའི་གཏམ་རྒྱུད་ཅེས་པའི་དཔེ་ཆ་འདི་ངོ་སྤྲོད་ཅིག་བྱེད། 

 དཔེ་ཆ་འདིའི་ནང་དུ་ང་རང་ཉིད་ཀྱི་ཕོ་ལོ་ཉི་ཤུའི་འདས་མ་ད་གསུམ་གྱི་གཏམ་རྒྱུད་དང་། ཡང་ན་གཏམ་རྒྱུད་དེ་དང་འབྲེལ་བའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མང་པོ་ཞིག་བྲིས་ཡོད།  བྲིས་པ་དེ་ཡང་།   ང་ཁོ་ནའི་མི་ཚེའི་ལོ་རྒྱུས་ཤིག་དཔེ་ཆར་འབྲི་འདོད་པ་ཙམ་མ་ཡིན་པར།  ང་དང་ང་འདྲ་བའི་ན་གཞོན་གང་མང་ཞིག་གི་མི་ཚེའི་གནས་སྟངས་དང་།  སྤྱི་ཚོགས་ཁ་ཤས་ཤིག་གི་འཚོ་བའི་རྙོག་གྲ་མཚོན་བྱེད་ཅིག་གི་ཚབ་ཏུ།   ས་གཞི་ལྟ་བུའི་མི་ཚོགས་ཀྱི་སེམས་ངོགས་སུ།  རྡོ་རིང་ལྟ་བུའི་བོད་ཡིག་གི་དྲན་རྟེན་ཞིག་འཇོག་ཆེད་ཡིན། 

  རྒྱུ་མཚན་དེའི་དབང་གིས། ང་རང་གི་འདས་སོང་གི་གཏམ་རྒྱུད་དབྱངས་གསལ་གྱི་གཟུགས་བརྙན་དུ་ཕབ་པ་ནི།   རྩོམ་རིག་འདི་ངའི་མི་ཚེའི་ཆེད་སྦྱོང་ཞིག་ཡིན་པའི་ངོས་ནས་མ་ཡིན་པར།  རྩོམ་རིག་འདི་ངའི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན། 

 མཚམས་འདིར་ཐོན་དུས་ངས་བཀའ་དྲིན་ཞུ་བ་ལས་གཞན་མེད་དེ། དེབ་འདི་ལ་ལྟ་ཚུལ་འདྲ་མིན་འཛིན་མཁན་གྱི་ཀློག་པ་པོ་རྣམས་དང་། དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། མདོར་ན།  དུས་མཐའི་བོད་སྐད་ཡིག་འདི་ལ་གདུང་ཤུགས་དྲག་པོས་འཐམ་འཁྱུད་ཐེངས་གཅིག་གི་ཆེད་དུ།  ང་ཚོས་མཉམ་དུ་བོད་ཡིག་འབྲི།

                                   2025/1/18 མཚན་མོར།




柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章