ཡ་ཧུ་དཱ་པའི་འབྱོར་སྒྲུབ་མན་ངག ༥ ཡིག་སྒྱུར་བ། བེ་དུང་།

文摘   2023-11-22 15:53   青海  


བེ་དུང་། 


   མི་མང་ཆེ་བར་མཚོན་ན།    གཅིག་ནས་མ་གནས་མེད་པ་དང་།   གཉིས་ནས་མི་ལ་འབྲེལ་འདྲིས་བྱེད་མི་ཐུབ་པས་རང་ཉིད་ཀྱི་མི་ཚེར་འབད་པ་ག་ཚོད་བྱས་རུང་ཕྱུག་འགྱུར་གྱི་མདུན་ལམ་གཏན་ནས་མེད་པར་འདོད་པ་རེད།     ཡིན་ཡང་ཕྱུག་འགྱུར་འདོད་ན།    སྒོར་མོའི་མ་རྩ་ཡོད་པ་དང་འཇོན་མི་གཞན་ལ་འབྲེལ་བ་འཛུགས་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན་མོད།     རེད་དེ་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་ཡོད་ཚད་སྒོར་མོ་དང་མི་ལ་འབྲེལ་མཐུད་ཤེས་རྒྱུ་ཁོ་ན་མིན་ལ།     འཇིག་རྟེན་འདིར་ལག་སྟོང་གིས་ཁྱིམ་འཛུགས་རྒྱལ་བསྐྲུན་བྱས་པའི་མི་སྣ་ཟམ་མ་ཆད་པར་བྱུང་བར་མ་ཟད།     རྒྱལ་ཁ་ཐོབ་མཁན་མང་ཆེ་བས་ལག་སྟོང་དང་།    ཁེར་རྐྱང་གི་བགྲོད་ལམ་ཐོག་ནས་དཀའ་ཁག་སྣ་ཚོགས་པ་གདོང་ལེན་བྱས་ནས་མཐར་ད་ལྟའི་གྲུབ་འབྲས་གཡུལ་དུ་ཟ་བ་དེ་དག་བླངས་པ་རེད།    

དེ་བས་ན་སྤྱིར་བཏང་གི་མི་ཞིག་ལ་མཚོན་ན་སྒོར་མོ་དང་རྒྱབ་རྩ་མེད་པའི་སྐབས་སུ་ཇི་ལྟར་སྒྲུབ་དགོས་པ་ཧ་གོ་ཡི་མེད་པས།       གཅིག་བྱས་ན་ཡ་ཧུ་དཱ་པས་ཕྱོགས་སྡོམ་བྱས་པའི་ཕྱུག་འགྱུར་ཉམས་མྱོང་གི་མན་ངག་ཁྲོད་ནས་ང་ཚོར་དགོས་པའི་དྲིས་ལན་ཁ་ཤས་རྙེད་སྲིད།       


     ལར་ཡ་ཧུ་དཱ་པར“འཛམ་གླིང་ཐོག་ཁེ་བཟང་ཆེ་ཤོས་ལེན་ཐུབ་པའི་མི་རིགས”ཞེས་པའི་མཚན་སྙན་ཐོབ་ཡོད་ལ།    ཁོང་ཅག་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱལ་འཐོར་ཁྱིམ་ཞིག་གི་ཐོག་ནས་གང་སར་འཁྱམས་ཤིང་།    བརྒྱུད་རིམ་དེའི་ནང་ཁོང་ཚོས་འཛམ་གླིང་ས་གནས་ཁག་གི་ཁེ་ལས་དང་ཚོར་གཉེར་མཁས་མཆོག་དག་གི་དྲུང་ནས་ཕྱུག་འགྱུར་གྱི་ཉམས་མྱོང་ཧ་ཅང་མང་པོ་ཕྱོགས་བསྡོམས་བྱས་ཡོད་པ་རེད།      དེ་ལས་ཡ་ཧུ་དཱ་པའི་མི་ཡིས་སྒོར་མོ་བཙལ་ན་ཅི་འདྲའི་ངར་བ་ནི།     ཡ་ཧུ་དཱ་པར་ཁྱོན་བསྡོམས་མི་འབོར་ཁྲི་1600ལས་མེད་པ་དང་།    དེས་གོ་ལ་ཧྲིལ་པོའི་མི་འབོར་ལས་བརྒྱ་ཆ0.25%ཡང་ཟིན་གྱི་མེད།     འོན་ཀྱང་གོ་ལ་ཧྲིལ་པོའི་ནོ་བྷེར་བྱ་དགའ་ལས་བརྒྱ་ཆ27%ཡ་ཧུ་དཱ་པར་འཐོབ་ཀྱིན་ཡོད་པས།      སྲིད་ཕྱོད་དེ་ནི་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་108ཡིན་པ་རེད།     ཨ་རིར་ཡོད་པའི་ཡ་ཧུ་དཱ་པས་ཨ་མེ་རི་ཀའི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་3ལས་ཟིན་མེད་ཀྱང་།    ཨ་རིའི་རྒྱུ་ནོར་གྱི་བརྒྱ་ཆ་60ཡན་ཡ་ཧུ་དཱ་པས་བཟུང་ཡོད་པས།  


    དེ་བས་ཆེས་སྐད་གྲགས་ཡོད་པའི་གླེང་སྟངས་ཤིག་ལ་འཛམ་གླིང་གི་སྒོར་མོ་ཚང་མའི་འགྲོ་ཡུལ་ནི་ཨ་རི་རྒྱལ་ཁབ་ཡིན་པ་དང་།   ཨ་རི་བའི་སྒོར་མོ་ཚང་མ་ཡ་ཧུ་དཱ་པའི་དངུལ་ཁུག་ཏུ་འགྲོ་བ་རེད་ཅེས་པའི་སྐད་ཆ་ཡོད་པ་ཡང་ཐལ་ཆེ་ལ་དོན་དུ་མི་གནས་པའི་གཏམ་ཞིག་ལར་མིན་པ་རེད།   

དེ་ལས་ཡ་ཧུ་དཱ་པའི་ཕ་ནོར་གསུང་རབ《ཐྲལ་མེ་སྒྲི》ཞེས་པའི་ནང་ཕྱུག་འགྱུར་གྱི་མན་ངག་ལྔ་བསྟན་ཞིང་།     དེ་དག་ནི་བརྩོན་འགྲུས་བྱེད་པ་ལས་ཀྱང་གལ་ཆེ་བ་ཡོད་ཅེས་གདམས་འདུག   


མན་ངག་དང་པོ། 


      “འཚོ་བའི་རེ་བ་ཕྱི་དངོས་ལ་བཅོལ་མི་རུང”ཞེས་པ་སྟེ།    ད་ལྟ་མི་མང་པོ་ཞིག་དཀའ་ངལ་ལ་འཕྲད་སྐབས་ཐོག་མར་མི་གཞན་གྱི་རོགས་རམ་འཚོལ་བ་དང་།    རེ་བ་ཡོད་ཚད་མི་གཞན་ལ་བཅོལ་བ་རེད།     འདི་ལྟར་བྱས་ན་རྒྱལ་ཁ་ཐོབ་པའི་སྲིད་ཕྱོད་ཇེ་མཐོར་འགྲོ་མི་སྲིད་པར་མ་ཟད་དེ་ལས་ལྡོག་སྟེ་རྒྱལ་ཁའི་སྒོ་མོ་གཏན་དུ་འགག་སྲིད་པ་རེད།      དེ་བས་ན་ཚེ་སྲོག་གི་ཟིལ་ཤུགས་དང་འཚོ་བའི་མཛེས་སྡུག་ཡོད་ཚད་རང་ཉིད་ཀྱིས་བརྩོན་ལེན་བྱེད་དགོས་པ་ཡིན་པས།     རྒྱུན་དུ་ནང་སེམས་ཀྱི་སྟོབས་ཤུགས་སྐུལ་སློང་བྱ་ཞིང་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ན་ད་གཟོད་འོད་སྟོང་འབར་བའི་ལམ་ཁ་ཞིག་རྙེད་ཐུབ་པ་རེད།  


        གཅིག་བྱས་ན་དབུལ་ཞིང་ཕོངས་པའི་སྐབས་སུ་མི་གཞན་གྱི་འཕྱ་སྨོད་དང་ཟུར་ཟ།     བརྙས་བཅོས་སོགས་ཕོག་ནས་མགོ་བོ་ཡར་འདེགས་བྱ་བའི་རེ་ཐག་རྩད་ནས་ཆད་སྲིད་མོད།    འོན་ཀྱང་དེ་ནི་ཏག་ཏག་ཁྱོད་ཀྱི་ཁ་ཕྱོགས་བཟང་འགྱུར་ཡོང་བའི་ས་མཚམས་ཤིག་ཀྱང་ཡིན་ཤས་ཆེ་ཞིང་།    རྒྱུ་མཚན་མི་སུ་ཞིག་ཡིན་རུང་ཁོའི་མི་ཚེ་དེ་བདེ་སྐྱིད་དང་ཆག་སྒོ་མཉམ་སླས་བྱས་ནས་གྲུབ་པ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་དཀའ་སྡུག་གང་ལའང་མི་འཕྲད་པ་ཞིག་དང་།      ཡང་ཐོག་མཐའ་བར་གསུམ་དུ་ལེགས་འགྲུབ་གཏན་ནས་མི་ཡོང་བ་ཞིག་མེད་རྐྱེན།    དཀའ་ངལ་ཁྲོད་ནས་ཡར་ལངས་འདོད་ན་རེ་བ་ཕྱི་དངོས་ལ་མི་བཅོལ་བར།   ངེས་པར་དུ་རང་གི་སྙིང་རུས་དང་སྤོབས་པས་རང་ཉིད་ཡར་ལང་དུ་འཇུག་དགོས་པ་ཡིན།   

   

མན་ངག་གཉིས་པ།    


      “འཕེལ་ཕྱོགས་ལ་བལྟས་ནས་བྱ་བ་སྒྲུབ་ཤེས་པ”ཞེས་པ་སྟེ།    འཇིག་རྟེན་འདི་ནི་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་མང་བའི་རང་བཞིན་ཅན་ཞིག་ཡིན་པས།    འགྱུར་བ་གཏན་ནས་མེད་པའི་སོར་གནས་ཀྱི་དུས་སྐབས་ཤིག་མི་སྲིད་ལ།     ལྷག་པར་དུ་དེང་སྐབས་ཚན་རྩལ་དར་རྒྱས་ཆེ་བས་གོ་ལ་ཧྲིལ་པོ་སྐད་ཅིག་ཙམ་ལའང་བློས་མི་དཔོག་པའི་འགྱུར་ལྡོག་འགྲོ་བའི་ཆ་འཕྲིན་སྤྱི་ཚོགས་ཞིག་ཏུ་གྱུར་ཡོད།   དེར་བརྟེན་ནམ་ཡང་འཛམ་གླིང་ཁ་ཕྱོགས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་གཟིགས་རྟོག་གང་ཐུབ་བྱས་ནས།   སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ནོར་མཛོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་གལ་ཆེན་ཞིག་ཡིན་ཞིང་།     རྒྱུ་ནོར་འཚོལ་ཤེས་པའི་མིས་གནས་སྐབས་ཀྱི་ཁེ་ཕན་དང་ཐོབ་ཤོར་ལ་རྩོད་གླེང་བྱེད་པ་ཧ་ཅང་ཉུང་ཞིང་།    གཙོ་བོ་མ་འོངས་པར་དམིགས་ནས་དོན་དངོས་ཀྱི་གནས་ཚུལ་དང་འཕེལ་ཕྱོགས་ལ་གཞིགས་ནས་སྔོན་བརྒལ་དང་ཡུན་གཏན་གྱི་འཆར་འགོད་བྱེད་པ་ཡིན།     དེར་བརྟེན་རྒྱུ་ནོར་ཐོབ་འདོད་ན་ངེས་པར་དུ་རྟོག་དཔྱོད་དང་དབྱེ་ཞིབ་ཀྱིས་སྤྱི་ཚོགས་འཕེལ་ཕྱོགས་ཀྱི་མདུན་ལྗོངས་མཐོང་བའི་མིག་རྒྱང་ལ་བརྟེན་ནས་གནད་དོན་ལ་ལྟ་བ་དང་།   འཕེལ་ཕྱོགས་ལ་གཞིགས་ནས་རང་ཉིད་ཀྱི་བྱ་སྤྱོད་ཐག་གཅོད་བྱེད་ཤེས་དགོས་པ་ཡིན།   


མན་ངག་གསུམ་པ།    


      “དུས་ཚོད་སྟེང་གི་གཏོང་ཕོད་ཆེ་བ”ཞེས་པ་སྟེ།   《ཐྲལ་མེ་སྒྲི》ཞེས་པའི་ལེའུ་37པའི་འགོ་བརྗོད་དུ“དེ་རིང་ནི་ཆེས་མཐའ་མཇུག་གི་ཉིན་མོ་དེ་ཡིན་པས་སང་ཉིན་ལ་གཏན་ནས་ངང་སྒུག་བྱེད་མི་རུང”ཞེས་གདམས་འདུག་ལ།     རྒྱུ་མཚན་ནི་སང་ཉིན་ནི་ཅི་འདྲ་ཞིག་ཡིན་པ་སུས་ཀྱང་རྟོགས་དཀའ་བས་རེད།      ཡ་ཧུ་དཱ་པའི་མིག་ནང་དུ་དུས་ཚོད་ནི་སྒོར་མོ་དང་འདྲ་བར་རྩ་ཆེན་ཞིག་ཡིན་པ་དང་།      དུས་ཚོད་འཕྲོ་བརླག་གཏོང་བ་ནི་སྒོར་མོ་འཕྲོ་བརླག་གཏོང་བ་རང་ཡིན་པ་རེད།    དེ་བས་ཁོ་ཚོས་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ནས་རང་ཉིད་དུས་ཚོད་ཀྱི་བདག་པོར་འགྱུར་བར་བྱེད་ཀྱིན་ཡོད།   འོན་ཀྱང་ང་ཚོའི་རིགས་ཀྱི་ན་གཞོན་རྣམས་རྒྱུན་དུ་བྱ་བ་འགོར་འགྱང་བྱེད་པར་དགའ་ཞིང་།   ཉིན་གང་བོའི་ཧ་ཅང་སྒྱིད་ལུག་གི་རྣམ་པའི་ཐོག་ནས་དུས་ཚོད་ཕལ་ཆེར་ཁ་པར་རྩེ་བ་དང་།    རོལ་རྩེད་བྱ་འགུལ་སྣ་ཚོགས་ལ་ཞུགས་པར་གཏོང་གིན་ཡོད།   དེ་ལས་སྤྱིར་བཏང་གི་མི་ཞིག་ལ་མཚོན་ནས་བཤད་ན།   


     ཕྱུག་འགྱུར་ཡོད་འདོད་ན་དུས་ཚོད་འཆར་འགོད་བྱེད་པར་མཁས་དགོས་ཤིང་།   དུས་ཚོད་ལ་གཅེས་སྤྲས་ཤེས་ན་ད་གཟོད་སྒོར་མོ་ཇི་ལྟར་ལེན་པའི་མན་ངག་སྦྱོང་ཐུབ་པ་དང་།    དེས་རང་ཉིད་མཐོར་འདེགས་དང་རང་ཉིད་ཀྱི་རྒྱལ་ཁའི་ཆེད་དུ་མ་དངུལ་གཏོང་མཁས་པ་དང་།    རང་ཉིད་ཀྱི་ཤེས་རྟོགས་དང་བསམ་བློ་མཐོར་འདེགས་སུ་གཏོང་བ་བཅས་ལ་དོ་སྣང་བྱེད་ཐུབ་པ་ཡིན།    གཞན་ཡང་དཔེ་ཆ་ཀློག་པ་ནི་ཆེས་ཕན་ཐོགས་ཡོད་པའི་མ་དངུལ་གཏོང་སྟངས་ཤིག་ཡིན་པ་གདོན་མི་ཟ་སྟེ།    ཡ་ཧུ་དཱ་པ་ལ“དཔེ་ཆའི་མི་རིགས”ཟེར་ཞིང་།   ཁོང་ཚོའི་རིགས་ཀྱི་བྱིས་པ་དག་ཧ་ཅང་ཆུང་བའི་སྐབས་ནས་བཟུང་ཕ་མས་དཔེ་ཀློག་གི་གོམས་གཤིས་བཟང་བོ་ཆགས་པར་བྱེད་ཀྱིན་ཡོད་ལ།    དེ་ལ་བརྟེན་ནས་ཁོང་ཚོ་ནར་སོན་མ་ཐག་རང་ཉིད་ལ་འདང་ངེས་ཀྱི་མ་དངུལ་གཏོང་ཤེས་པ་དང་།     གང་སྒྲུབ་པར་འདོད་པའི་བྱ་བཞག་ལ་འདང་ངེས་ཀྱི་འཇོན་ནུས་པ་དང་རིག་སྟོབས་ཡོད་པའི་སྐབས་སུ་ད་གཟོད་རྒྱལ་ཁ་དང་རྒྱུ་ནོར་ཡང་རང་ཤུགས་ཀྱིས་འཁོར་ཡོང་བ་ཡིན། 


མན་ངག་བཞི་པ།   


      “རང་འགུལ་གྱིས་དྲིན་ལན་འཇལ་བ”ཞེས་པ་སྟེ།   སྔོན་ཆད་དྲྭ་ཐོག་ནས་སྐད་ཆ་འདི་འདྲ་ཞིག་མཐོང་མྱོང་།     “སྒོར་མོ་ཡོད་པའི་མི་ནི་ངོ་བོའི་སྟེང་ནས་ཕན་ཚུན་འགྲོ་འོང་ལ་མཁས་ཞིང་གཏོང་ལེན་བྱེད་པར་གོམས་ནས་ཡོད”ཅེས་བཤད་འདུག་ལ།     དེ་ནི་དང་ཐོག་ངས་ཁྱོད་ལ་རོགས་རམ་བྱས་ན་ཁྱོད་ཀྱིས་སླར་ང་ལ་རོགས་རམ་བྱེད་པ་ཙམ་ལ་གོ་བ་བླངས་པ་ཡིན་མོད།   འོན་ཀྱང་མི་གཉིས་ཀྱི་མཛའ་བརྩེ་རྒྱུན་མཐུད་རིང་གནས་ཡོང་བ་ཞིག་བྱེད་འདོད་ན།    ཆེས་བཟང་བའི་བྱེད་ཐབས་ནི་ཐེངས་རེ་རེ་བཞིན་སྒེར་སེམས་མེད་པའི་སྒོ་ནས་ཕ་རོལ་པོར་རོགས་རམ་མང་ཙམ་བྱེད་རྒྱུ་དེ་ཡིན་འདུག      དཔེར་ན་ཐེངས་འདིར་ཁྱོད་ཀྱིས་ང་ལ་རོགས་བྱས་པས་ངས་ཁྱོད་ལ་ཟས་མགྲོན་ཞིག་བྱས་པ་ཡིན།     འོན་ཀྱང་ཟ་མ་འདི་ནི་བཀའ་དྲིན་ཞུ་བྱེད་ཙམ་ལས་དེ་ཡིས་དྲིན་ལན་ཡོངས་སུ་འཇལ་ཐུབ་ཡོད་པར་མི་འདོད་པར།  


      རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་ངས་ད་དུང་བྱེད་ཐབས་གཞན་པ་བརྒྱུད་ནས་ཁྱོད་ལ་བརྩེ་བའི་རོགས་རམ་མང་ཙམ་བྱེད་དགོས་ལ།   དེ་ལྟ་ན་རྗེས་ནས་ཁྱོད་ཀྱིས་ཀྱང་ང་ལ་ཟས་མགྲོན་བྱེད་སྲིད།    འདི་ལྟར་བྱས་ན་ཕན་ཚུན་རོགས་རམ་བྱས་པ་དེར་བཀའ་དྲིན་མཚོན་པ་ཙམ་གྱིས་མ་ཚད་ཕྱོགས་གཉིས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཐུབ་ཅིང་།    རྒྱུན་རིང་གི་མཛའ་བརྩེ་ནི་འདི་ལྟར་ཟས་ཐུན་གཅིག་ནས་བརྩམས་ཏེ་གསོག་འཇོག་བྱེད་དགོས་པ་ཞིག་རེད།   དེའི་ཕྱིར་སྒོར་མོ་ཡོད་པའི་མི་དག་ཕྱུག་པོ་ཡིན་པའི་རྒྱུ་མཚན་ནི་ཁོ་ཚོས་ཕན་ཚུན་ལ་རོགས་རམ་བྱེད་ཤེས་པར་མ་ཟད་དྲིན་ལན་འཇལ་བར་མཁས་པའི་རྐྱེན་གྱིས་རེད། 


མན་ངག་ལྔ་པ། 


     “སྟོབས་དང་ལྡན་པའི་འདུ་ཤེས”ཞེས་པ་སྟེ།   དངོས་པོ་ཅི་ཞིག་ཡིན་རུང་ང་ཚོས་ཐོག་མར་རྣམ་པ་ནས་མགོ་རྩོམ་དགོས།    དབུལ་ཕོངས་ཀྱི་མི་ལ་དབུལ་ཕོངས་ཀྱི་རྣམ་པ་ཡོད་ཅིང་།   འབྱོར་ཕྱུག་ལྡན་པའི་མི་ལ་འབྱོར་ཕྱུག་ལྡན་པའི་རྣམ་པ་ཡོད།    དེ་ལས་འབྱོར་ཕྱུག་ལྡན་པའི་མི་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོ་ཚོ་ཧ་ཅང་སྲ་ཞིང་བཙན་པ་ཞིག་རེད།   འདིར་སྨོས་ཀྱི་བཙན་པོ་ནི་གཞན་ལ་བཙན་ཤེད་ཀྱིས་ཐུབ་ཚོད་བྱེད་པ་དེ་མིན་པར་རྣམ་ཀུན་རང་ཉིད་ལ་ཡིད་ཆེས་པ་དང་།   གང་ལའང་མི་འཇིགས་པའི་སྤོབས་སེམས་ཀྱིས་ཁེངས་ནས་ཡོད་པ་དེ་ཡིན།    དཔེར་ན་ངས་བྱ་བ་འདི་ངེས་པར་དུ་འགྲུབ་དགོས།   ངས་ངེས་པར་དུ་སྒོར་མོ་ཁྲི་བརྒྱ་ལེན་དགོས་སྙམ་པའི་ཆོད་སེམས་ཤིག་ཡོད་དགོས་པ་རེད།    ལར་སྒོར་མོ་གླེང་ན་མི་མང་ཆེ་བར་འཇིགས་སྐྲག་གི་ཚོར་བ་ཞིག་སྐྱེ་བཞིན་ཡོད་ལ།    རྒྱུ་མཚན་ནི་སྒོར་མོ་བཙལ་རྒྱུ་ནི་ཧ་ཅང་དཀའ་བས་དེ་ནི་རང་ཉིད་ལ་ཐོབ་སྲིད་པ་ཞིག་གཏན་ནས་མིན་སྙམ་ནས་སྐྲག་གིན་ཡོད་པ་རེད།    ཡིན་ཡང་ཁྱོད་ཀྱིས་འདི་ལྟར་བསམ་བློ་བཏང་ན།   

    ཁྱོད་རང་སྒོར་མོའི་མདུན་ནས་ཧ་ཅང་གཉོམ་ཆུང་ཞིག་ཏུ་འགྱུར་ཞིང་།    ཞུམ་སེམས་དེས་ཁྱོད་རང་དབང་དུ་བསྡུས་ནས་ནམ་ཞིག་ཁྱོད་ལ་སྒོར་མོ་ཅུང་འབྱོར་ཡང་དེ་ཉིད་ཁྱོད་ཀྱི་མི་ཚེའི་བདེ་སྐྱིད་ཀྱི་རྒྱུ་རུ་མི་འགྲོ་བར་མ་ཟད།   དེ་ལས་ལྡོག་སྟེ་ཁྱོད་ཉིད་སྒོར་མོའི་བྲན་གཡོག་ཏུ་འགྱུར་བ་རེད།    དེ་བས་ན་མ་མཐའ་ཁྱོད་རང་བསམ་པའི་སྟེང་ནས་སྟོབས་ལྡན་དུ་འགྱུར་དགོས་ལ།     འདི་ནི་ཁྱོད་ཀྱི“དངོས་ནུས”(实力)པ་དང་འབྲེལ་བ་ཆེར་མེད་དེ།    ད་ལྟ་ཁྱོད་རང་ཅི་ཡང་མེད་པའི་སྤྲང་བོ་ཞིག་ཡིན་རུང་ཁྱོད་ཀྱི་སེམས་ནས་སྒོར་མོ་ནི་དེ་འདྲའི་འཚོལ་དཀའ་ལ་རྙེད་མི་སྲིད་པ་ཞིག་ཡིན་སྙམ་པའི་རེ་ཆད་ཀྱི་བསམ་བློ་འཛིན་མི་རུང་།   དེ་བཞིན་སྒོར་མོས་ཁྱོད་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་པའི་བསམ་པ་ཡོད་དགོས་པ་ལས་ཁྱོད་ཉིད་སྒོར་མོའི་བྲན་དུ་འགྱུར་མི་རུང་ལ།      འདུ་ཤེས་འཛིན་སྟངས་ཀྱི་ངོས་ནས་ཁྱོད་ཀྱིས་སྒོར་མོ་ཚུར་དབང་དུ་བསྡུས་མ་ཐག་ཁོའི་རིགས་གཏོགས་མང་པོ་ཞིག་ཁྱོད་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་བཅར་ཞིང་འཁོར་ནས་ཡོང་བ་ཡིན།   

གལ་ཏེ། ཉིད་ཀྱིས་འདི་རུ་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章