འཆི་ཁའི་སྙན་ངག
གལ་ཏེ།
དབུགས་མ་ཆད་པའི་ཡར་སྔོན་ལ།
ཐ་སྙད་འགའ་སྒྲིག་པའི་དབང་དུ་བྱས་ན་ནི།
འདི་ལྟ་སྟེ།
གངས་རི། པོ་ཏ་ལ། ཉི་མ། ཟླ་བ།
བཤད་མ་ཚར་བའི་གཏམ་རྒྱུད་དམར་པོ།
ཨ་ཕ། ཨ་མ། མཛའ་བོ། མཛའ་མོ།
དྲན་མ་ཚར་བའི་མ་ཎི་རྡོ་སྤུངས།
སྒྱུ་རྩལ་པ་དང་འཆི་བ།
ཁྱོའི་མི་ཚེ་འདི།
སྒྱུ་རྩལ་པ་ཞིག་གི་མི་ཚེ་ངོ་མ་དེ་ཨེ་ཡིན།
འཛམ་གླིང་སྟེང་གི་སྒྱུ་རྩལ་པ་གཞན་དག་དང་འདྲ་བར།
ཁྱེད་ལ་ཡང་འཆི་བ་དེ་ལོངས་སྤྱོད་དུ་གྱུར་ཡོད་པར་སྨོན།
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།