དྲག་རྩལ་སྐར་ཆེན་ལི་ཞའོ་ལུང་གི་མི་ཚེ་ཧ་ཅང་ཐུང་ཐུང་ཡིན་མོད།འོན་ཀྱང་དུས་རབས་དེའི་སྐབས་སུ་ཁོང་གིས་འཛམ་གླིང་ལ་ཀྲུང་གོ་ངོས་འཛིན་བྱེད་པའི་ཐབས་ལམ་རྙེད་པ་དང་། ལི་ཞའོ་ལུང་ནི་དུས་རབས་དེའི་ཨ་རིའི་ནུབ་ཕྱོགས་མང་ཚོགས་ཀྱི་ཁྲོད་རིག་གནས་ཐད་ལ་སྐད་གྲགས་ཆེ་ཤོས་ཀྱི་ཀྲུང་གོ་བ་ཞིག་རེད་ཅེས་བཤད་ཆོག་ཆོག་ཡིན། ལི་ཞའོ་ལུང་ནི་ཇི་ལྟར་རྒྱལ་སྤྱིའི་དར་རྒྱས་ཆེ་བའི་སྐབས་སུ་གློ་བུར་དུ་ཤི་སོང་བ་རེད། དེ་རིང་ང་ཚོས་གནད་ཚིག་གསུམ་བརྒྱུད་ནས་ཁྱེད་རང་ལི་ཞའོ་ལུང་གི་དྲག་རྩལ་མི་ཚེའི་སྐོར་ལ་སློབ་སྦྱོང་ཐེངས་ཅིག་བྱེེད།
འདི་ནི་གནད་ཚིག་དང་པོ་ཡིན། ཁུ་ཚུར་མཁན་པོ་ལི་ཞའོ་ལུང་གི་མིང་གཞན་ལ་ལི་ཀྲེན་ཧྥན་ཟེར། ཕ་ཡུལ་ཀོང་ཏུང་ཧྥོ་ཧྲན་ཧྲུན་ཏེ་ཟེར་བ་ནས་ཡིན་ལ། 1940ལོའི་ཟླ་11ཚེས་27ཉིན་ཨ་རིའི་ཅིའུ་ཅིན་ཧྲན་དུ་སྐུ་འཁྲུངས་ཤིང་། ཁོང་གི་ཨ་ཕ་ལི་ཧའེ་ཆོན་ནི་ཞང་ཀང་གི་ཡུའེ་ཅུས་ཟློས་གར་མཁན་གྲགས་ཅན་ཞིག་ཡིན་པ་དང་། དེའི་རྗེས་སུ་ལོ་གཅིག་མ་ལོན་པའི་ལི་ཞའོ་ལུང་ཕ་མ་དང་མཉམ་དུ་ཕྱིར་ཞང་ཀང་དུ་ལོག་པ་དང་། དེ་ནས་ཁོང་གིས་ཀོང་ཏུང་སྐད་ཀྱི་གློག་བརྙན་མང་པོ་འཁྲབ་པ་ན་ལོ་10ཡི་སྐབས་སུ་ཤང་ཀང་གི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་བྱིས་པ་ཆུང་ཆུང་ཞིག་ཏུ་གྱུར།
ལོ་15ལ་སླེབས་སྐབས་ལི་ཞའོ་ལུང་ཡེ་བུན་སར་ཕེབས་ནས་ཡུང་ཁྲུན་ཁུ་ཚུར་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་།1959ལོའི་ཟླ་4པར་ལི་ཞའོ་ལུང་ཐག་རིང་ནས་ཨ་རིའི་ཞི་ཡ་ཐུའུ་རུ་སློབ་སྦྱོང་གནང་བར་ཕེབས་པ་དང་སློབ་ཆེན་གྱི་རིང་ལ་སློབ་སྦྱོང་བྱེད་ཞོར་བློ་རྩེ་གཅིག་སྒྲིམ་གྱིས་དྲག་རྩལ་ལ་འབད་བརྩོན་བྱས། དེ་མིན་མཉེན་ལམ་དང་ཐའེ་ལན་ཁུ་ཚུར་སོགས་དྲག་རྩལ་སྣ་ཚོགས་དང་དེའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་གསར་གཏོད་བྱས། 1964ལོའི་ཟླ་8ཚེས་2ཉིན་ཨ་མེ་རི་ཁའི་ཅ་ལི་ཧྥུ་ཉི་ཡའི་ཁུལ་དཔོན་ཆུ་རགས་ཀྱིས་རྒྱལ་སྤྱིའི་ལག་སྟོང་རྩལ་འགྲན་བསྡུར་ཆེན་པོ་སྤེལ་ཞིང་། ལི་ཞའོ་ལུང་གིས་ལྟད་མོ་བ་སྟོང་ཕྲག་ཁ་ཤས་ཀྱི་མདུན་དུ་དྲག་རྩལ་གྱི་རྩལ་རྩེ་གྲ་མང་པོ་འཁྲབ་སྟོན་བྱས་རྗེས། དུས་རབས་20པའི་ཧྥུ་ཁེ་སི་ཀུང་སིའི་བརྙན་སྐྲུན་པ་ཏུའུ་ཞི་ཡ་ཡིས་མཐོང་བ་དང་།མཇུག་མཐར་ཁོང་གིས་ལི་ཞའོ་ལུང་གདན་འདྲེན་ཞུས་ནས་1966ལོའི་ཧའོ་ལའེ་ཝུའུ་ཡི་བརྙན་འཕྲིན་ཟློས་གར་འཁྲབ་སྟོན་བྱས་པ་དང་། ཆིན་ཧྥེང་དཔའ་བོ་ཆིན་སྦྲང་དཔའ་བོས་དྲག་རྩལ་འཁྲབ་སྟོན་པ་གྲགས་ཅན་ལི་ཞའོ་ལུང་གི་མཚན་སྙན་སྔར་ལས་རྒྱས་ཤིང་།སྔོན་ཆད་ཀྲུང་གོ་བས་ཧའོ་ལའེ་ཝུའུ་ཡི་བརྙན་ཡོལ་ཆེན་པོའི་ཐོག་གི་བཞད་གད་པའི་གཟུགས་བརྙན་ལི་ཞའོ་ལུང་གིས་འཁྲབ་སྟོན་བྱས།དེའི་རྗེས་ནས་ལི་ཞའོ་ལོན་གྱིས་ཨ་རིའི་ལས་དོན་བློས་བཏང་ནས་ཕྱིར་ཀྲུང་གོ་ལ་ལོག
1970ལོར་ཞང་ཀང་ཅ་ཧོ་གློག་བརྙན་ལས་རིགས་ཀྱི་སྦྱིན་བདག་ཙོའུ་ཝུན་ཧོའེ་ཡིས་ཁོང་ལ་སྐྱུ་རུ་རའི་ཡལ་ག་བཏོན་པ་དང་།ལི་ཞའོ་ལུང་ཞང་ཀང་དུ་ལོག་ནས་འཕེལ་རྒྱས་བཏང་བ་དང་།དེའི་རྗེས་སུ་ཁོང་གིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཁག་4དང་ཕྱེད་ཀར་ཉམས་པ་མེད་པའི་ཤར་ཕྱོགས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་བསྐྲུན་པ་རེད1971ལོའི་ཟླ་7པར་ལི་ཞའོ་ལུང་ཐའེ་གོར་དྲག་རྩལ་གློག་བརྙན་ཕབ་ལེན་བྱེད་པར་ཕེབས་པ་དང་།ཐང་ཧྲན་གྱི་གཅེན་པོ་ཆེ་བས་མི་སྣ་གཙོ་བོ་འཁྲབ་སྟོན་གནང་ཞིང་།ཟླ་བ་གསུམ་སོང་རྗེས་གློག་བརྙན་སྟོན་སྐབས་ཞང་ཀང་གི་པཱ་སེའི་ཟིན་ཐོ་མཐོ་ཤོས་སུ་ཆགས། ཟླ་3པའི་གློག་བརྙན་ཅིན་ཝུའུ་མོན་གྱིས་ལི་ཞའོ་ལུང་གི་དྲག་རྩལ་གྱི་ཡིད་དབང་འཕྲོག་པ་དང་མི་རིགས་ཀྱི་སྙིང་སྟོབས་ཟུང་འབྲེལ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པ་རེད།ཐང་ཧྲན་ཏ་ཁྲུང་གི་པཱ་སེའི་ཟིན་ཐོ་ལས་བརྒལ་བ་མ་ཟད།ཡོ་རོབ་དང་ཨ་རི་ཡང་ན་འཇར་པན་སོགས་རྒྱལ་སྤྱིའི་ཚོང་རའི་སྒོ་མོ་ཕྱེས་པ་རེད། 1972ལོའི་ལོ་མཇུག་ཏུ་ལི་ཞའོ་ལུང་རང་ཉིད་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་མེང་ལུང་གཙང་པོ་བརྒལ་བ་དེ་ནི་པཱ་སེའི་ཡོང་འབབ་ཡང་བསྐྱར་མཐོ་པོ་ཆགས་པ་དང་། དྲག་རྩལ་གསར་གཏོད་བྱས་ནས་ཨེ་ཤ་ཡའི་གློག་བརྙན་གྱི་པཱ་སེའི་ཟིན་ཐོ་ལས་བརྒལ་བ་རེད། གློག་བརྙན་ནང་ལི་ཞའོ་ལུང་དང་ལུའོ་ལི་ཧྲི་བར་གྱི་ཤི་གསོན་ཐག་གཅོད་ཀྱི་འཐབ་འཛིང་དེ་རྒྱལ་སྤྱིའི་དྲག་རྩལ་དུས་དེབ་ཀྱི་ལོ་རྒྱུས་ཐོག་ཆེས་ངོ་མཚར་ཆེ་བའི་གློག་བརྙན་རུ་བདམས་པ་རེད།
1973ལོར་འབྲུག་འཛིང་སྟག་འཛིང་གིས་རྒྱལ་སྤྱིའི་གློག་བརྙན་ཆེན་པོ་ཨ་རིའི་སྒོ་རའི་ཐིག་ཏུ་དངོས་སུ་བསྟན་པ་དང་།འཛམ་གླིང་ཡོངས་ཀྱི་པཱ་སེ་བཙོངས་ཚད་ཨ་སྒོར་དུང་ཕྱུར་2.3བརྒལ།སྐབས་དེར་ལོ་33ལ་མ་སོན་པའི་ལི་ཞའོ་ལུང་ཡང་དྲག་རྩལ་མི་སྣ་གྲགས་ཅན་ཁོ་ན་མ་ཡིན་པར་ཨ་རི་བའི་མིག་ནང་གི་དྲག་རྩལ་རྒྱལ་པོ་ཡིན་ཞིང་།ཁོག་སྟོང་ཞེས་པའི་ཐ་སྙད་དེ་ཡང་ཁོང་གི་རྐྱེན་གྱིས་དབྱིན་ཡིག་ཚིག་མཛོད་ནང་བྲིས་པ་དང་ཀྲུང་གོའི་དྲག་རྩལ་དེ་ཁོང་གི་རྐྱེན་གྱིས་འཛམ་གླིང་ཡོངས་སུ་ཁྱབ། དེའི་རྗེས་འཆི་བའི་རོལ་རྩེད་ཀྱི་ཁ་ཕྱེས་མོད། འོན་ཀྱང་གློག་བརྙན་ད་དུང་ཕབ་ཚར་མེད། ལི་ཞའོ་ལུང་གིས་འཛེམ་བག་མེད་པར་ཚོད་ལྟ་བྱས་པ་དེའང་ཁོང་གི་མི་ཚེའི་ནང་གི་གློག་བརྙན་མཐའ་མར་གྱུར་པ་རེད།འོ་ན་ལི་ཞའོ་ལུང་ཡང་སྙིང་ཇི་ལྟར་ཚེ་ལས་འདས་པ་ཡིན་ཞེ་ན། གནད་ཚིག་གསུམ་པའི་ནང་བཤད།
གནད་ཚིག་གསུམ་པར་ལྟོས་དང་། 1973ལོའི་ཟླ་7ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པར་ལི་ཞའོ་ལུང་དང་ཙོའུ་ཝུན་ཧོའེ་གཉིས་མཉམ་དུ་བུད་མེད་འཁྲབ་སྟོན་པ་ཏིང་ཕེ་ཡི་ཁྱིམ་དུ་ཕེབས་ནས་གློག་བརྙན་ཤི་བའི་རོལ་རྩེད་ཀྱི་འཁྲབ་གཞུང་སྤེལ་རེས་གནང་བ་དང་། མི་གསུམ་གྱིས་ཧ་ལམ་ཆུ་ཚོད་གཉིས་ཙམ་ལ་གློག་བརྙན་འཁྲབ་གཞུང་བཅོས་བསྒྲིགས་བྱས་པ་ན།ལི་ཞའོ་ལུང་གློ་བུར་དུ་གཟུགས་པོ་མི་བདེ་བ་དང་མགོ་བོ་ཅུང་ཟད་ན་བའི་ཚོར་སྣང་བྱུང་ཞིང་།ཏིང་ཕེ་ཡིས་དེ་མ་ཐག་ཏུ་ཁོ་མོར་ན་ཟུག་འཇོག་བྱེད་ཀྱི་སྨན་ཞིག་འཐུང་དུ་བཅུག་པ་དང་།ལི་ཞའོ་ལུང དགོང་མོའི་ཆུ་ཚོད་9དང་སྐར་མ་45ཡི་ཐོག་ཙོའུ་ཝུན་ཧོའེ་ལ་གཞོགས་འདེགས་བྱས་ནས་ལི་ཞའོ་ལུང་གཉིད་ལས་སད་དུ་འཇུག་རྩིས་བྱས་ཀྱང་ཁོང་དྲན་པ་མི་གསལ་བ་དང་།ཏིང་ཕེ་ཡི་སྒེར་གྱི་སྨན་པ་བཙལ་བ་དང་སྨན་པས་ལི་ཞའོ་ལུང་གི་ཚབ་བྱས་ནས་བརྟག་དཔྱད་བྱས་རྗེས་གནས་ཚུལ་ཉེན་ཁ་ཆེ་བའི་སྐབས་སུ་གཞི་ནས་མྱུར་སྐྱོབ་རླངས་འཁོར་འབོད་པ་དང་ཙེང་ཝུན་ཧོའེ་ཡིས་དེའི་རྗེས་ལི་ཞའོ་ལུང་གི་བཟའ་ཟླར་བརྡ་ཐོ་བཏང་བ་དང་ལིན་ཏ་ཁོ་ལིན་ཏ་སྨན་ཁང་དུ་འབྱོར་སྐབས་ལི་ཞའོ་ལོང་ལ་དབུགས་འབྱིན་རྔུབ་བྱེད་རྒྱུ་མེད་པ་དང་། གནས་ཚུལ་དེ་ཕྱི་ལ་ཁྱབ་རྗེས།ཕྱི་རོལ་ཟིང་ཟིང་དུ་གྱུར་ནས་ཟླ་7པའི་ཚེས་25ཉིན་ནི་ལི་ཞའོ་ལུང་འཇིག་རྟེན་དང་གཏན་དུ་བྲལ་བའི་ཉིན་མོ་ཡིན་པ་དང་ལིན་ཐང་དུ་ཆུ་ཚོད་གཅིག་དང་སྐར་མ་བཞི་བཀལ་ནས་མྱ་ངན་ཞུ་བའི་འདས་མཆོད་ཀྱི་མེ་ཏོག་གིས་ཁེངས།མི་ཁྲི་ཕྲག་ཁ་ཤས་ཀྱིས་ལི་ཞའོ་ལུང་ལ་མྱ་ངན་ཞུ་བར་ཡོང་ནས་ངུ་འབོད་བྱས།
ཟླ་9པའི་ཚེས་24ཉིན་གྱི་སྔ་དྲོ་ཤང་ཀང་ཁྲིམས་རས་ལི་ཞའོ་ལུང་ལ་མཐའ་མའི་བཀའ་བཅད་བཏང་བ་དེ་ནི་ན་ཟུག་འཇོག་བྱེད་ཀྱི་སྨན་མི་འཕྲོད་པའི་རྐྱེན་གྱིས་བསམ་ཡུལ་འདས་པའི་དོན་དག་བྱུང་བ་དང་།སྨན་ཞིག་གིས་མི་རབས་གཅིག་གི་དྲག་རྩལ་སྐར་ཆེན་གྱི་ཚེ་སྲོག་འཕྲོག་སོང་། དུས་རབས་21པའི་ནང་དུ་ལས་ཁུངས་ཁ་ཤས་ཀྱིས་སྔར་བཞིན་ལི་ཞའོ་ལུང་ཤི་རྐྱེན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད།དེའི་རྒྱུ་མཚན་ནི་དཔེར་ན་2006ལོར་ཨ་རིའི་རིགས་གཅིག་མཁས་པས་ལི་ཞའོ་ལུང་1995ལོར་གཞི་ནས་གསོ་རིག་ལས་རིགས་ཀྱིས་ངོས་འཛིན་བྱས་པའི་བརྒྱལ་གཟེར་གློ་བུར་དུ་ཤི་བའི་ནད་ཡིན་པ་ལས་ལྐོག་གསོད་དམ་སྨན་རྫས་མི་འཕྲོད་པའི་རྐྱེན་གྱིས་ཤི་བ་མིན་ཞེས་ལབ།
ད་ལྟ་ལི་ཞའོ་ལུང་སྐུ་གཤེགས་ནས་ལོ་50ཙམ་སོང་ཟིན་ལ།དུས་ཡུན་རིང་པོ་དེའི་ནང་མི་རྣམས་ཀྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁོང་ལ་དྲན་གསོ་ཞུ་བཞིན་ཡོད་ལ། 1993ལོར་ཨ་རིའི་ཧའོ་ལའེ་ཝུའུ་སྐར་འོད་ལམ་ཆེན་ཐོག་ལི་ཞའོ་ལུང་གིས་ཞིན་ཧུའེ་ལ་དྲན་གསོ་ཞུས་ཤིང་།ལོ་དེར་ལི་ཞའོ་ལུང་ལ་ཞང་ཀང་གི་གློག་བརྙན་སྐོར་ནས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།1998ལོའི་ཟླ་11པར་ལི་ཞའོ་ལུང་ལ་ཀྲུང་གོའི་དྲག་རྩལ་མཐུན་ཚོགས་ཀྱིས་ཁོང་ནི་དུས་རབས་ཤིག་གི་མཚོན་རྟགས་ཤིག་ཡིན་ལ་ཀྲུང་གོའི་གཟི་བརྗིད་ཅིག་ཀྱང་ཡིན། ཁོང་གིས་མི་ཚེ་ཐུང་ངུའི་ནང་ཀྲུང་གོའི་དྲག་རྩལ་རིག་གནས་དར་སྤེལ་བཏང་ནས་ཀྲུང་གོའི་དྲག་རྩལ་འཛམ་གླིང་ཐོག་ཁྱབ་གདལ་བཏང་སྟེ།ད་ལྟ་ཀྲུང་གོའི་དྲག་རྩལ་སྐད་གྲགས་འདི་འདྲ་ཆེ་བ་ནི་དེ་ལ་འབྲེལ་བ་ཆེན་པོ་ཡོད་ཅེས་ལབ།
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།