ལོ་བརྒྱའི་དགུན་ཆང་བསྙལ་མ།།
བཞེས་དང་ཞིམ་པོ་ཡིན་ཟེར།།
འཕྱོངས་རྒྱས་ཟླ་བས་བཙགས་ན།།
ཆང་ལ་རོ་མངར་ལོས་ཡོད།།
ཁམས་ཇ་བཙོང་བའི་ཤར་པོ།།
དབུས་ཀྱི་ཇ་ལམ་བརྒལ་དུས།།
འཕྱོངས་རྒྱས་ཡུལ་ནས་བསྡད་དེ།།
ཚོང་ལ་འགྲོ་འདོད་མི་འདུག།
འཕྱོངས་རྒྱས་ཟླ་སྒྲོན་ཟེར་བ།།
ལོ་ཆང་ཁམ་པ་འདྲ་ལེ།།
ཞལ་འཛུམ་མུལ་མུལ་སྟོན་ཚེ།།
བཟི་ཁ་ཆང་ལས་བཙན་པ།།
འཕྱོངས་རྒྱས་ཟླ་བ་སྒྲོལ་མ།།
ཕོ་སར་སྣང་བ་ཆགས་ས།།
ནང་མ་སྟོད་གཞས་གཏོང་བས།།
རྨི་ལམ་ལ་འང་འཁོར་བྱུང་།།
འཕྱོངས་རྒྱས་མཛེས་པའི་བུ་མོ།།
གྲུང་ཤ་དོད་པོ་དོད་པོ།།
ཁྲལ་དང་འུ་ལག་སེལ་བའི།།
མཛངས་མོ་ཟླ་བ་སྒྲོལ་མ།།
ཨ་མདོའི་དད་ལྡན་མཇལ་བ།།
ཇོ་བོ་བསམ་ནས་ཡོང་ཡང་།།
གཡུ་ཐོག་ཟམ་སྣེར་བསླེབས་ན།།
འཕྱོངས་བཟའ་ཡིད་ལ་ཝ་ལེར།།
༢༠༢༠-༡༠-༣ཉིན།
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།