མི་ཡུལ་ནས་ཟས་རིན་ཙམ་ཡང་མ་རྙེད་པའི་རང་ཉིད།

文摘   2024-11-28 19:54   西藏  

མི་ཡུལ་ནས་ཟས་རིན་ཙམ་ཡང་མ་རྙེད་པའི་རང་ཉིད།

                                  ____ གཡག་རྭ།


སྨོན་འདུན་དྭངས་གཙང་ཞིག་ལ་ཡིད་སེམས་འཁྲེངས་ཞོར།།
བདེ་སྐྱིད་ཆུང་ཆུང་ཞིག་ལ་ཐུགས་སྨོན་བཏབ་ཀྱང་།།
མི་འདོད་ལས་ཀྱི་སྐྱོ་གར་ཇེ་མང་ཡིན་པ།།    
རང་ལ་རྣམ་དཔྱོད་དབེན་པའི་བདེན་པ་ཚོར་བྱུང་།།

ཕར་ལ་མཐུན་པའི་མེ་ཏོག་ཞེ་ནས་བསམ་ཡང་།།
ཚུར་ལ་ཡིད་ཆེས་མེད་པའི་ན་བུན་འཁྲིགས་བྱུང་།། 
འཇིག་རྟེན་ཁམས་འདི་དྲན་ན་སྨྲེང་བའི་གཞས་ཀ།
སྐྱོ་བའི་དངན་པ་འཐེན་ཀྱིན་མི་ཚེ་ཟད་སོང་།། 

རང་རང་མོས་པ་གླེང་ན་གཉེན་དང་དགྲ་བོ།།
གང་ཞིག་སྙིང་བརྗེ་བསམ་པའི་སྣང་བ་བོར་ཏེ།
སོར་སོའི་མི་ཚེའི་ནང་དུ་རང་དོན་འདྲ་བོ།།
དེ་ཉིད་ཨེ་འགྲུབ་སྙམ་པའི་ལྐོག་ཇུས་འཐེན་འདུག།

དུས་ཀྱི་འགྲོས་ལ་བལྟེམས་པའི་མི་ཚེའི་ཟློས་གར།།
བསམ་ཞིང་བསམ་ན་ཡིད་སེམས་གཏིང་ནས་སྨྲེང་ཡོང།།
འཇིག་རྟེན་སྣང་བའི་ཁྲོད་ཀྱི་རང་ཉིད་དྲན་ན།།
མྱི་གོ་ཙམ་ཞིག་མ་ཆོད་ཡིད་ཐང་ཆད་སོང་།།


柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章