རང་ཉིད་ལ་ཐེངས་གཅིག་ལྟོས་དང་།
ཁྱོད་ལ་དོན་དག་པའི་མི་ཞིག་གི་རིན་ཐང་ཡོད་དམ།
འདས་ཟིན་པའི་བྱ་བའི་ནམ་མཁའ་ལ་ཐེངས་གཅིག་ལྟོས་དང་།
སྡིག་སྒྲིག་ཁུར་པའི་ཁ་ཏྭ་འགའ་ཞིག་ལས་ཅི་ཡང་མཐོང་བ་མི་འདུག
ཁྱོད་ཀྱིས་ནམ་ཡང་གཅེས་སུ་འོས་པའི་མི་ཚོགས་དག
རྒྱང་རིང་དུ་ཁ་བྲལ་སོང་བའི་ནག་ཉེས་བཟོས།
ཁེར་རྐྱང་ཡིན་པའི་ཁྱོད་ཀྱི་འཇིག་རྟེན་དུ།
ད་ནི་སུ་ཞིག་གིས་ཀྱང་སྐྱོ་དུབ་སེལ་བའི་གླུ་དབྱངས་འགུག་མི་སྲིད།
ཕམ་ཁ་ཁུར་པའི་བརྩེ་དུང་གི་གཏམ་རྒྱུད་དག་ཡང་།
ལེན་མཁན་རང་ཉིད་ཡིན་ལ་ཉན་མཁན་ཁྱོད་ཉིད་ཡིན་དགོས།
སྙན་དང་མི་སྙན་གྱི་ཤན་འབྱེད་པ་ཡང་རང་ཉིད་ཡིན་ངེས།
དེའི་མིང་ལ་ཁེར་རྐྱང་གི་འཇིག་རྟེན་ཟེར་ཆོག