མར་སྟེང་ཆུ་གློག་ས་ཚིགས་ཀྱི་ལྷུ་སྒྲིག་ལེགས་འགྲུབ་བྱུང་བ།

文摘   2024-11-02 09:02   青海  

མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཁོར་ཆས་དཔྱང་འདེགས་ཆེས་རྗེས་མ་ལྷུ་སྒྲིག་ལེགས་འགྲུབ་བྱུང་བ།

སྒྲིག་ཆས་སྤྱིའི་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་ཡོད།

ཉེ་སྔོན། མར་སྟེང་ཆུ་གློག་ས་ཚིགས་ཀྱི་དཔྱང་འདེགས་ཆེས་རྗེས་མ(2པ)བདེ་བླག་ངང་ལྷུ་སྒྲིག་བྱས་ཚར། དེའི་བར་དུ། མར་སྟེང་ཆུ་གློག་ས་ཚིགས་ཀྱི་ཆུ་འཁོར་གློག་ཤུགས་འཕྲུལ་ཚན་འཁོར་ཆས5པོ་ཡོངས་སུ་དཔྱང་འདེགས་ལྷུ་སྒྲིག་བྱས་ཚར་བ་དང་། དེས་ཆུ་གློག་ས་ཚིགས་ཀྱི་འཕྲུལ་གློག་སྒྲིག་ཆས་ཀྱི་གྲུབ་ཆ་གཙོ་བོ་ཡོངས་རྫོགས་སྒྲིག་སྦྱོར་བྱས་ཚར་ཏེ། སྒྲིག་ཆས་སྤྱིའི་སྒྲིག་སྦྱོར་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད། 2024ལོའི་ལོ་མཇུག་ཏུ་མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་ཚང་མ་དུས་ལྟར་ཐོན་སྐྱེད་ལ་ཞུགས་ཏེ་གློག་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན2པའི་འཁོར་ཆས་ནི་འཁོར་ཆས་འདེགས་སྒྲོམ་དང་། ཁབ་ལེན་སྣེ་ལེབ། ཁབ་ལེན་སྣེ་མོ་སོགས་ཆ་ཤས་གཙོ་བོ་ཡིས་གྲུབ་པ་དང་། སྒྲིག་སྦྱོར་བྱས་རྗེས་ཕྱི་སྒོར་གྱི་ཚངས་ཐིག་ལ་སྨི12.8དང་། མཐོ་ཚད་མཐོ་ཤོས་ལ་སྨི3.08། ཡར་འདེགས་པའི་ལྗིད་ཚད་ལ་ཏུན1050བཅས་ཡོད་པ་དེ་ནི་ཆུ་འཁོར་གློག་འདོན་འཕྲུལ་འཁོར་ཚན་པ་སྒྲིག་སྦྱོར་བྱེད་རིང་ལྗིད་འདེགས་ལྗིད་ཚད་ཆེ་ཤོས་ཀྱི་ལྷུ་ལག་ཅིག་ཡིན་ལ། དེ་ནི་འཕྲུལ་ཚན་ཡུན་རིང་དང་།བདེ་འཇགས།བརྟན་པོ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་ལྷུ་ལག་གཙོ་བོ་ཞིག་ཀྱང་རེད། འཕྲུལ་ཚན་སྒྲིག་སྦྱོར་བྱེད་པའི་སྤུས་ཚད་འགན་ལེན་བྱ་ཆེད།མར་སྟེང་ཀུང་སིས་བཟོ་གྲྭའི་གསལ་བཤད་ཡི་གེ་དང་རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་གཞིར་བཟུང་ནས། ཚོད་འཛིན་འཁོར་ཆས་ལ་ཚ་ལ་རྒྱག་པའི་བཟོ་རྩལ་དང་། ཁབ་ལེན་སྣེ་ལེབ་ཀྱི་བརྩེགས་མའི་སྤུས་ཚད། དེ་བཞིན་ཚོད་འཛིན་སྒོར་ཚད་བཅས་ཀྱི་ཧེ་བག་གཙོ་གནད་དུ་ཚོད་འཛིན་བྱས་ནས། ལྷུ་ལག་སྒྲིག་སྦྱོར་ཞིབ་བཤེར་རྩིས་ལེན་ཐེངས་གཅིག་ལ་ཚད་ལོངས་པ་མངོན་འགྱུར་བྱས། དེ་སྔའི་འཁོར་ཆས་དཔྱང་འདེགས་ལྷུ་སྒྲིག་གི་ཉམས་མྱོང་གཞིར་བཟུང་ནས། མར་སྟེང་ཀུང་སིས་འཁོར་ཆས་དཔྱང་འདེགས་ལྷུ་སྒྲིག་བྱེད་པའི་ཆེད་དོན་ཇུས་གཞི་ལེགས་བསྒྱུར་བྱས་ཤིང་། མི་སྣ་རྩ་འཛུགས་བྱས་ནས་ཟམ་པའི་འཕྲུལ་འཁོར་བཟོ་གྲྭ་དང་མཉམ་འབྲེལ་གྱིས་ཟམ་པའི་འཕྲུལ་འཁོར་དང་དཔྱང་ཆས་ལ་ཆེད་དོན་བདེ་འཇགས་ཞིབ་བཤེར་བྱས་པ་དང་།དཔྱང་འདེགས་འཕྲུལ་འཁོར་མ་བསྒྲིག་གོང་རྩ་འཛུགས་བྱས་ཏེ་བདེ་འཇགས་ལག་རྩལ་གསལ་བཤད་བྱས་ཤིང་། བདེ་འཇགས་ཀྱི་ཉེན་ཁ་དག་ལ་དྲན་སྐུལ་བྱས་པར་མ་ཟད་ཆ་ཤས་ཁག་གི་མི་སྣའི་འགན་འཁྲི་ཁག་བགོས་ཞིབ་ཕྲ་བཟོས་ནས། མཐར་འཁོར་ཆས་ཐེངས་གཅིག་རང་བཞིན་གྱི་དཔྱང་འདེགས་ལྷུ་སྒྲིག་འགན་ལེན་བྱས།

མར་སྟེང་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་གནས་པ་དང་། གནས་ཡུལ་གྱི་ཆ་སྙོམས་མཚོ་འཕགས་སྨི3300ཡིན་པ་དང་། ཆུ་གློག་ས་ཚིགས་ཀྱི་སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི232ཟིན་ཡོད་ཅིང་། སྔོན་དཔག་བྱས་ན་ཟླ12པའི་ཟླ་མཇུག་ཏུ་འཕྲུལ་ཚན་ཡོངས་རྫོགས་སྒྲིག་སྦྱོར་བྱས་ཚར་ཏེ་གློག་གཏོང་འགོ་ཚུགས་རྒྱུ་རེད། ཆུ་གློག་ས་ཚིགས་ཀྱིས་གློག་ཡོངས་སུ་བཏང་རྗེས། ཆ་སྙོམས་ལོ་རེའི་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར73.04ཟིན་ནས། དེས་ལོ་རེའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ4000ཡིན་པའི་ཁྱིམ་ཚང་ཁྲི182.5ཡི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི220ཙམ་གྲོན་ཆུང་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི816ཙམ་ཉུང་དུ་གཏོང་ཐུབ་ལ། དཔལ་འབྱོར་གྱི་ཕན་འབྲས་དང་། ཁོར་ཡུག་གི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ལྡན་པས། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་པ་གཞི་ཁྱོན་ཅན་གྱི་སྒོ་ནས་གསར་སྤེལ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། །




འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章