ནང་ཆེན་རྫོང་གི“ནང་རྐྱེན་བཞི”ཡིས་སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བར་སྐུལ་འདེད་བཏང་བ།
ད་ལོ་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བའི་བྱ་བ་དེ་སྡེ་བ་རིམ་པའི་ལས་བྱེད་དཔུང་སྡེ་སྟོབས་ལྡན་དུ་གཏོང་བའི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་དང་། མི་བདམས་པ་དང་མི་སྐྱོང་བ། མི་ལ་དོ་དམ་བྱེད་པ། མི་བཀོལ་བའི“ནང་རྐྱེན་བཞི”འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པར་འཇོན་མིའི་གསོན་ཤུགས་བསྩལ།
མི་བདམས་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། འཇོན་མིའི་མཛོད་ལེགས་པར་བསྐྲུན་པ། གྲོང་གསེབ་དར་སྤེལ་ལ་དམ་པོར་དམིགས་པ་དང་། 《ནང་ཆེན་རྫོང་གི་སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བའི་འགུལ་སྐྱོད་འཆར་གཞི》གཏན་འབེབས་བྱས་ཤིང་། དམིགས་འབེན་འགན་འཁྲི་གསལ་བོར་བཏང་སྟེ། ཕྱོགས4ཡི་ཞིབ་ཕྲའི་བྱེད་སྟངས12ཞིབ་མོར་བཏང་ནས་གཏན་འབེབས་བྱས། ཕ་ཡུལ་དུ་ལོག་པའི་སློབ་ཆེན་པའི་ཆ་འཕྲིན་མཛོད་བཙུགས་པ་དང་། སློབ་ཆེན་པ151སྡེ་བར་ལོག་ནས་ལས་འགན་ཁུར་ལ། སློབ་ཆེན་པ77སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིའི་མཛོད་དུ་བཞག
མི་སྐྱོང་བའི་ནང་རྐྱེན་བསྐྲུན་ཏེ། གཞི་རྩའི་རྩལ་ནུས་ལེགས་པར་སྦྱངས་པ། “རྫོང་རིམ་པའི་འགོ་ཁྲིད+ཞང་དང་གྲོང་རྡལ་གྱི་སྡེ་བ་འགན་ལེན་བྱེད་པའི་ལས་བྱེད་པ+སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི+ཧྲུའུ་ཅི་དང་པོ”ཡིས་སྡེ་བའི་ལས་འགན་འཁུར་བའི་སློབ་ཆེན་པར་འབྲེལ་གཏུག་བྱེད་པའི་ནང་རྐྱེན་བཙུགས་པ་དང་། རྫོང་རིམ་པའི་ལས་བྱེད་པ10དང་སྡེ་བའི་ལས་བྱེད་པ101གིས་སྡེ་བར་སོང་ནས་ལས་འགན་འཁུར་བའི་སློབ་ཆེན་པ་དང་ཆ་སྒྲིག་བྱེད་པར་སྐུལ་འདེད་བྱས་ཏེ་གོ་རིམ་ཡོངས་སུ་འབྲེལ་གཏུག་དང་རོགས་ཁྲིད་བྱས། ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་དང་ཤར་ནུབ་རྒྱུད་རོགས་ལས་སོགས་རིགས་སོ་སོའི་གསོ་སྦྱོང་ཐོན་ཁུངས་གཅིག་བསྡུས་དང་། གསོ་སྦྱོང་དང་འཚམ་པའི“ཆེད་ལས་བསླབ་བྱ”སྒྲིག་བཟོ་བྱས་ཏེ། སྡེ་བར་སོང་ནས་ལས་འགན་འཁུར་བའི་སློབ་ཆེན་པའི་གསོ་སྦྱོང་འཛིན་གྲྭ་སྐབས3བསྒྲུབས།
མི་ལ་དོ་དམ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། བྱེད་ཐབས་ལེགས་པར་བཏོན་པ། 《ནང་ཆེན་རྫོང་གི་སྡེ་བ་རིམ་པའི་སྡེ་དོན་ལག་རོགས་པའི་ལས་རྐང་འགན་འཁྲིའི་ཞིབ་ཐོ》གཏན་འབེབས་དང་། དུས་ཚིགས་ཀྱི་གཅིག་བསྡུས་གླེང་མོལ་ལམ་ལུགས་དང་དུས་ཚིགས་ཀྱི་སྙན་ཞུ་ལམ་ལུགས། དེ་མིན“ཉིན་རྒྱུན་གྱི་དཔྱད་ཞིབ+ལོ་མཇུག་གི་དཔྱད་བསྡུར”ལམ་ལུགས་བཅས་བཙུགས་ཏེ། ཁྱོན་ཡོངས་ནས“སྡེ་བ་རིམ་པའི་ལག་རོགས་པའི་ནར་སོན་ཡིག་ཚགས”བཟོས། ཚད་གཞིར་མ་ཐོན་པའི་སྡེ་བ་རིམ་པའི་ལག་རོགས་པ3འགུལ་རྣམ་སྙོམས་སྒྲིག་བྱས་ཏེ། “གོང་འོག་གཉིས་འཕེར”གྱི་འཁོར་སྐྱོད་ལེགས་པོ་ཆགས་སུ་བཅུག
མི་བཀོལ་བའི་ནང་རྐྱེན་ཇེ་དྲག་ཏུ་བཏང་སྟེ། སྟོབས་ཤུགས་ལེགས་པར་བཏོན་པ། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅིའི་ལག་རོགས་པ་དང་ཐོན་ལས་མཛུབ་སྟོན་པ་སོགས་ཀྱི་ལས་རྐང་གསར་སྤེལ་བྱས་ཏེ། སློབ་ཆེན་པ69བདམས་ཏེ་འོས་འཚམ་གྱི་ལས་རྐང་དུ་སྦྱོང་བརྡར་བྱས། 《ནང་ཆེན་རྫོང་གི་སྡེ་བ་རེར་ལག་རོགས་རེའི་བྱས་འབྲས་གླ་ཕོགས་དོ་དམ་བྱེད་ཐབས》གཏན་འབེབས་དང་། “ལོ་འཁོར་མོའི་གླ་ཆའི་ཚད་གཞི+བྱས་འབྲས་དཔྱད་ཞིབ་ཀྱི་གླ་ཆའི་འགྱུར་ལྡོག+སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་ཕན་ཁ་གསབ”ཀྱི་གླ་ཆ་གཏོང་སྤྲོད་ནང་རྐྱེན་གསལ་བོར་བཏང་སྟེ། “སྡེ་བ་རིམ་པའི་ལག་རོགས་པ-སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ-སྡེ་བའི‘ཨུ་ལྷན་གཉིས’ཀྱི་ཁོངས་མི-སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི”ཡི་འཕར་རིམ་གསོ་སྐྱོང་ནང་རྐྱེན་བཙུགས། ཏང་ཡོན13ཇེ་མང་དུ་བཏང་སྟེ། སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིའི་བྱ་བ་སྒྲུབ་པར་ངར་ཤུགས་ཡོད་པ་དང་གྲ་སྒྲིག་བྱ་བར་རེ་གཞག་ཡོད་པར་བཏང་། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།